ལྕགས་ཟམ་རྫོང་ཀུའུ་པའོ་གྲོང་སྡེར་ཀུ་ཤུ་སྔོན་པོའི་ཐོན་འབབ་བཟང་།

ཀུན་དགས་བསྒྱུར།        2022-11-02

ལྕགས་ཟམ་རྫོང་ཀུའུ་པའོ་གྲོང་སྡེར་ཀུ་ཤུ་སྔོན་པོའི་ཐོན་འབབ་བཟང་།

ཐོན་ལེགས་བྱུང་བའི་ལྕགས་ཟམ་རྫོང་ཀུའུ་པའོ་གྲོང་སྡེའི་ཀུ་ཤུ་ལྡུམ་ར།

སྟོན་དུས་ས་གཞི་ཆེ་མོར་འབྲས་བུ་རབ་ཏུ་སྨིན། ད་ཆ་ནི་སྔོ་ཚལ་དང་ཤིང་འབྲས་སོགས་ཐོན་ལེགས་བྱུང་བའི་དུས་ཚིགས་ཡིན་ཞིང་། ལྕགས་ཟམ་རྫོང་བུམ་པ་གྲོང་རྡལ་ཀུའུ་པའོ་གྲོང་སྡེ་ལ་ཡང་ལོ་གཅིག་གི་ཀུ་ཤུ་སྔོན་པོའི་ཐོན་ལེགས་བྱུང་བ་རེད།

མི་རྣམས་ཤིང་འབྲས་ལྡུམ་རར་སྐྱོད་སྐབས་ཀུ་ཤུ་སྔོན་པོའི་སྐྱེས་ཚུལ་ལེགས་ལ་དྲི་ཞིམ་གྱིས་ཁེངས་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཡུལ་མི་ལ་ལས་ཀུ་ཤུ་འཐོག་པ་དང་། འགའ་ཞིག་གིས་ཀུ་ཤུ་སླེ་པོའི་ནང་བླུགས་པ་སོགས་བྲེལ་འཚུབ་དང་སྤྲོ་དགའ་འདྲེས་མའི་རྣམ་པས་ཁེངས་བཞིན་མཆིས།

ད་ལོར་ལོ་ན70ལྷག་ལ་སླེབས་པའི་ཡུལ་མི་དབྱིན་ཐིང་ཧྥང་ནི་གྲོང་སྡེའི་ནང་གི་འདེབས་འཛུགས་དུད་ཆེན་ཞིག་ཡིན། 2000ལོ་ནས་བཟུང་ཀུ་ཤུ་ཐོན་ལས་ལ་འགོ་བཙུགས་ནས་ད་བར་ལོ་ཉི་ཤུ་ལྷག་འདས་ཡོད། ཁོས་གསར་འགོད་པར་དང་ཐོག་ཀུ་ཤུའི་སྡོང་ཕྲུག་བཅུ་གྲངས་ལས་འཛུགས་མེད། དེའི་རྗེས་རྒྱལ་ཁབ་ཀྱི་ཞིང་ཕན་སྲིད་ཇུས་ཁག་བཏོན་པ་དང་། གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གི་ལྕག་སྐུལ་འོག་གཞི་ཁྱོན་ཆེ་རུ་བཏང་བར་མ་ཟད། ཐོན་ཚད་དང་ཕན་འབྲས་ཀྱང་ལོ་རེ་བཞིན་ལེགས་སུ་ཕྱིན་ཡོད། ད་ཆ་མུའུ5ལྷག་གི་ཀུ་ཤུ་ཤིང་སྡོང་ཡོད་པས་ཁྲོམ་རའི་རིན་གོང་ལྟར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་གསུམ་ལྷག་རག་འདུག་ཅེས་བཤད།

དབྱི་ཐིང་ཧྥང་དང་འདྲ་བར་ཀུའུ་པའོ་གྲོང་སྡེའི་ཏང་ཀྲི་པུའི་ཧྲུའུ་ཅི་རྒན་གྲས་དབྱང་ཁའེ་ཚའེ་ཡང་གྲོང་སྡེའི་ནང་གི་འདེབས་འཛུགས་དུད་ཆེན་ཞིག་ཡིན་ཞིང་། ཁོ་ཚང་ལ་ཡང་ཤིང་འབྲས་ལྡུམ་ར་མུའུ་བཅུ་ལྷག་ཡོད། དབྱང་ཁའེ་ཚའེ་ཡིས་ཀུ་ཤུ་སྔོན་པོའི་བྲོ་བ་ཧ་ཅང་ཞིམ་པས་མང་ཚོགས་ཀྱིས་དགའ་པོ་བྱེད་ཀྱི་ཡོད། ཀུ་ཤུ་དེ་དག་ནི་རང་བྱུང་གི་སྤྱི་གནོད་མེད་པ་ཞིག་ཡིན་ཏེ་ཚང་མས་བློ་སེམས་བདེ་པོའི་ངང་བྲོ་བ་མྱོང་ཆོག་གི་རེད་ཅེས་བཤད།

སྔོག་འཐུ་བྱ་ཡུལ་དུ་ཀུའུ་པའོ་གྲོང་སྡེའི་ཧྲུའུ་ཅི་དང་པོ་ཀྲོའུ་ཧའོ་ཡིས་ཀུའུ་པའོ་གྲོང་སྡེའི་ས་བབ་མཐོ་བ་དང་།ཉི་འོད་འདང་ངེས་ཡོད་པ།ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ།ས་རྒྱུ་གཤིན་པོ་ཡོད་པ།གནམ་གཤིས་ཆ་རྐྱེན་དང་འཚམ་པ།འབྲས་ཤིང་སྐྱེ་འཚར་ལ་འཕྲོད་པ།ཐོན་པའི་ཀུ་ཤུ་ལ་བཀྲག་མདངས་ཆེ་བ།མངར་ཆ་འདུས་ཚད་མང་བ།བྲོ་བ་ཞིམ་པ་བཅས་ཡིན་པས་མ་ཚད་འཚོ་བཅུད་ཀྱང་འཛོམས་པས་འཛད་སྤྱོད་པ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་ཅེས་བཤད།

ཀུའུ་པའོ་གྲོང་སྡེར་ད་སྔར་ཀུ་ཤུ་སྔོན་མོ་མུའུ60ཡོད་པ་དང་ལོ་འཁོར་གྱི་ཐོན་ཚད་རྒྱ་མ་ཁྲི20ཙམ་ཟིན་གྱི་ཡོད།ད་ལོའི་ཁྲོམ་རའི་རིན་གོང་ལྟར་ན་ཐོན་རྫས་རིན་ཐང་སྒོར་ཁྲི60ཙམ་ཟིན་རྒྱུ་དང་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་བརྒྱ་ཆ20ཡན་ཟིན་རྒྱུ་རེད། ཀྲོའུ་ཧའོ་ཡིས་གསར་འགོད་པར་ད་ཆ་ཀུའུ་པའོ་གྲོང་སྡེའི་ཀུ་ཤུ་སྔོན་པོ་འཐུ་བའི་དུས་སུ་སླེབས་ཡོད།དྲྭ་ཐོག་ནས་མངགས་ཉོའི་ཕྱིར་ཚོང་བྱེད་པ་ཕུད་ནང་མི་དང་གྲོགས་པོ་ཚོ་ཤིང་འབྲས་ལྡུམ་རའི་ནང་ཁྲིད་ནས་སྔོག་འཐུའི་སྤྲོ་སྣང་མྱོང་རོལ་བྱེད་ཆོག་ལ་གཡུར་ཟའི་འབྲས་བུའང་ལོངས་སྤྱོད་བྱེད་ཆོག་གི་རེད་ཅེས་བཤད།།




  • ལེ་ཚན་སྔོན་མ།:རང་ཁུལ་གྱི་བཙོག་ཆུ་གཙང་སྒྱུར་ལས་གཞི་ཐོག་མ་རྫོང་འདིས་གཉེར་འདུག།
  • ལེ་ཚན་རྗེས་མ།:དཔལ་ཡུལ་རྫོང་གིས་ས་གཤིས་གནོད་འཚེའི་མངོན་མེད་ རྐྱེན་ངན་ཞིབ་དཔྱད་ནན་པོ་བྱས།
  • དོ་སྣང་ཆེ་བའི་རྩོམ།