ཧྲེན་དབྱང་གིས་ཉག་རོང་དང་རྟའུ་རྫོང་སོགས་སུ་བརྟག་ཞིབ་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2022-11-07

ཧྲེན་དབྱང་གིས་ཉག་རོང་དང་རྟའུ་རྫོང་སོགས་སུ་བརྟག་ཞིབ་གནང་།

འདི་ནི་ཧྲེན་དབྱང་གིས་ཉག་རོང་རྫོང་ལྷ་རི་མ་གྲོང་རྡལ་གྱི་ཐུན་མོང་འབྲོག་རར་ཐོན་སྐྱེད་འཕེལ་རྒྱས་གཏོང་ཚུལ་རྒྱུས་ལོན་མཛད་བཞིན་པའི་ཚུལ་རེད།

སྤྱི་ཟླ10པའི་ཚེས29ཉིན་ནས་ཚེས30ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཉག་རོང་རྫོང་དང་རྟའུ་རྫོང་།དཔལ་ཡུལ་རྫོང་སོགས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སྒྲོག་འགྲེལ་བྱེད་སར་ཕེབས་པར་མ་ཟད། ད་དུང་གཞི་རིམ་གྱི་ལས་གྲྭ་དང་པོར་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་མཛད་པ་རེད།

ཧྲེན་དབྱང་གིས་གསུངས་དོན།ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཚན་སོ་སོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས།ལག་བསྟར་བཅས་བྱ་རྒྱུའི་སྐོར་གྱི་ཁུལ་ཨུའི་བཀོད་སྒྲིག་བླང་བྱ་ལྟར། སློབ་སྦྱོང་དང་དྲིལ་བསྒྲགས་སྒྲིག་འཛུགས་ཞིབ་ཚགས་བྱེད་པ་དང་། །དོན་དངོས་དང་ཟུང་འབྲེལ་བྱས་ནས་ཕན་འབྲས་དངོས་དོན་གཉེར་བྱེད་པ།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ།“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་ཀྱི་ཐོག་ནས་དེ་བས་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པ་འཆང་ཞིང་། དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་དཀར་མཛེས་ཁུལ་དུ་དོན་ཐོག་འཁྱོལ་ཞིང་འབྲས་བུ་འཐོབ་རྒྱུར་སྐུལ་འདེད་གཏང་དགོས།

བསྟུད་མར་ཉིན་ཁ་ཤས་རིང་ལ་ཁུལ་ཡོངས་ཀྱི་ས་གནས་ཁག་གིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས་དང་བྱེད་བཞིན་ཡོད་པ་རེད། ས་ཆ་རེ་རེར་སླེབས་དུས་ཧྲེན་དབྱང་གིས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བླངས་ནས་ཚང་མ་དང་མཉམ་དུ་མྱོང་ཚོར་བཤད་པ་དང་བསམ་ཚུལ་སྤེལ་རེས། འབྱུང་འགྱུར་ཐད་གླེང་མོལ་བཅས་གནང་བ་རེད། ཁོང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་ནན་ཏན་བྱ་རྒྱུ་དེ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྐུལ་སློང་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱ་རྒྱུའི་ངོས་ནས་བརྗོད་ན་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་པོ་ཡོད་པ་རེད་ཅེས་གསུངས་པ་རེད།

ཧྲེན་དབྱང་གིས་ནན་གསུངས་གནང་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་ནི་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་པ་དང་།ཆབ་སྲིད་ཀྱི་ཐད་མིག་རྒྱང་རིང་བ་དང་རིགས་པའི་གཞུང་ལུགས་ཀྱི་དགོངས་པ་ཟབ་མོ་ཡོད་ལ། དམིགས་ཡུལ་ཐད་ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་ལས་ཀའི་ཐད་ཀྱི་འཐབ་ཇུས་བཀོད་སྒྲིག་ཡོད་པ་རེད། རིམ་པ་ཁག་དང་སྡེ་ཁག་སོ་སོས་ཁྱོན་ཡོངས་ནས་སློབ་སྦྱོང་དང་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་ཀྱི་ཐད་ལ་བརྩོན་ནས་ཇི་མ་ཇི་བཞིན་དང་ཡིག་འབྲུ་རེ་རེ་བཞིན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། བསམ་གཞིགས་བྱས་ནས་སློབ་སྦྱོང་དང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་བྱས་ནས་།བསམ་བློ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་ཐོག་ཏུ་གཅིག་གྱུར་ཏན་ཏིག་དང་།སྟོབས་ཤུགས་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་གཏན་འཁེལ་བྱས་པའི་ལས་འགན་ཁག་ཏུ་གོང་བུར་འགྲིལ་བར་བྱ་དགོས།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སེང་ལས་གསལ་པོར་བསྟན་དོན། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་ཁྲོད་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་དེ་སྔར་བཞིན་ཞིང་སྡེའི་ནང་ཡོད་པ་རེད། ཧྲེན་དབྱང་ཐག་རིང་ལུང་ཁུག་ཏུ་གནས་པའི་འབྲོག་ཁུལ་གྱི་ཡུལ་གྲོང་ཉག་རོང་རྫོང་ལྷ་རི་མ་གྲོང་རྡལ་གྱི་ཐུན་མོང་འབྲོག་ར་དང་ཡུལ་མི་སྡོད་ཁང་དུ་ཕེབས་ཏེ་གཞི་རིམ་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་དང་བྱམས་བརྩེའི་ངང་ཁ་བརྡ་ལབ་ནས་བསམ་འཆར་སྤེལ་རེས་བྱས་ཏེ་མང་ཚོགས་དབུལ་ཐར་ཐུབ་རྗེས་ཐོན་སྐྱེད་དང་འཚོ་བའི་ཐད་རྒྱུས་ལོན་གནང་བ་དང་། སྤྱི་ཚོགས་བཅོས་སྐྱོང་དང་ཐོན་ལས་འཕེལ་རྒྱས།མང་ཚོགས་ཀྱི་ཡོང་འབབ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བླངས་པ་རེད། ཧྲེན་དབྱང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏང་རྒྱུ་རྒྱུན་འཁྱོངས་བྱ་དགོས་ཞེས་བསྐྱར་བསྒྲགས་བྱས་ཤིང་། མིག་སྔར་བལྟོས་མེད་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད་མོད། འོན་ཀྱང་ཞིང་སྡེ་ཁག་གཅིག་གི་རྨང་གཞི་ཅུང་ཞན་ཅིང་འཕེལ་རྒྱས་ཀྱི་གཏིང་ཤུགས་དང་གསོན་ཤུགས་སྔར་བཞིན་མི་འདང་བ་རེད། 

རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པར་མངོན་འགྱུར་བྱ་རྒྱུ་དེ་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འགོ་འཛུགས་ས་དང་དོན་ལ་བབ་ས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་གཏོང་བ་དང་།གཞི་ཁྱོན་ལྡན་པའི་དབུལ་ཕོངས་བསྐྱར་ལོག་ཡོང་བར་སྔོན་འགོག་གི་མཐའ་ཚད་བསྲུངས་ནས་ཡུལ་སྡེ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་ཆགས་པ་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི”ལག་ལེན་བྱ་སྤྱོད་སྤེལ་རྒྱུ་གཞི་རྟེན་དུ་བྱས་ནས་ཡུལ་སྡེའི་ཐོན་ལས་དང་ཤེས་ཡོན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་དར་རྒྱས་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཐུན་མོང་དུ་ཕྱུག་པོ་ཆགས་པར་འགན་ལེན་བྱ་དགོས་པ་ནན་གསུང་གནང་།

བརྟག་དཔྱད་ཞིབ་འཇུག་གནང་རིང་། ཧྲེན་དབྱང་ད་དུང་དཔལ་ཡུལ་རྫོང་ཡ་ཆེན་དགོན་དང་འབྲེལ་ཡོད་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་ཕེབས་ཏེ་དགོན་པ་ཁྲིམས་ལྟར་ཚད་ལྡན་དོ་དམ་བྱེད་སྟངས་སོགས་ཀྱི་ལས་དོན་ལ་བརྟག་དཔྱད་ཞིབ་འཇུག་དང་མཛུབ་ཁྲིད་གནང་བ་རེད། ཁོང་གིས་རྫོང་ཨུ་དང་དགོན་པ་དོ་དམ་ཨུ་ལྷན་སོ་སོས་རྒྱ་ཆེའི་གྲྭ་བཙུན་དང་དགོན་པ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་དུས་ཐོག་ཏུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱ་དགོས། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་པ་དང་རྒྱ་ཆེའི་གྲྭ་བཙུན་ལ་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་ནས་དར་སྤེལ་གཏོང་བ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས། མ་སྐུལ་དང་བླངས་ཀྱིས་སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་འཚམ་པ། མ་སྐུལ་དང་བླངས་ཀྱིས་ཆོས་ལུགས་ཀྱི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་བྱེད་པ། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་དང་ཆོས་ལུགས་ཁྱབ་ཁོངས་འཆམ་མཐུན་སྲུང་སྐྱོང་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་དགོས་པ་བཏོན།

ཁུལ་གྱི་འགོ་ཁྲིད་ཡོན་མིང་ཀོང་དང་། ཉག་རོང་རྫོང་དང་རྟའུ་རྫོང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བརྟག་དཔྱད་ཞིབ་འཇུག་ནང་ཞུགས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།: ཆུ་གཤེར་རྩམ་པ་ཕྱུག་འགྱུར་ཐོན་ལས་སུ་གྱུར།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་ཏང་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གིས2022ལོའི་ཚོགས་འདུ་ཐེངས་གཉིས་པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།