ཚངས་དབྱངས་རྒྱ་མཚོའི་མཇུག་འཐུབ་པ།

ལོག་སེལ།        2022-11-04

དྲན་འཛིན་རླུང་གི་གཤོག་ཐོག །

ལྷ་ལམ་བགྲོད་ནས་འཕུར་སོང་། །

ཁ་དོག་ལི་ཁྲི་འདི་ཡིས། །

བྱེ་ཐང་བསྐོར་ནས་ཕེབས་སོང་། །

ང་དང་ཚངས་དབྱངས་རྒྱ་མཚོས། །

མ་སྐྱེས་ཨ་མའི་ཞལ་རས། །

དམར་པོ་རི་ལ་བརྐོས་ཡོད། །

ཆོས་ཀྱི་སྙིང་པོ་དེའི་ཆོག །

དགུན་ཟླའི་གྲང་རླུང་དབུས་སུ། །

ཁ་བའི་མེ་ཏོག་འཐོར་བྱུང་། །

ང་དང་བྱམས་པའི་ཞབས་རྗེས། །

གངས་ཀྱི་དབུས་སུ་བཀོད་ཡོད། །

ཁ་བའི་འདབས་མ་འཐོར་དུས། །

འུ་གཉིས་སྨད་ན་བསྡད་ཡོད། །

ལྷག་རླུང་གྲང་ངར་རྒོད་དུས། །

འུ་གཉིས་ཡུལ་ལ་ཐོན་ཡོད། །

བན་ཆུང་རི་ནས་བསྡད་ཀྱང་། །

ཞེ་མཐུན་གཡུ་ཆུང་དྲུག་དཀར། །

སེམས་ཀྱི་ག་འུར་སྦས་ཡོད། །

བརྩེ་སེམས་འཕྲིན་ལ་བསྐུར་ཡོད། །

དྲོད་འཇམ་ཚ་དཀར་དཀྱིལ་གྱི། །

རྫི་གླུ་རི་ལ་འཐེན་པའི། །

རྫི་བོ་གཡུ་ཆུང་དྲུག་དཀར། །

ཅི་འདྲའི་སྒེག་ཉམས་ལྡན་པ། །

སྤྲིན་པའི་འོད་ཀོར་ནང་དེར། །

འཇའ་ཚོན་རི་མོ་ཤར་བྱུང་། །

ཅི་ཙམ་ཕར་ལ་དེད་ཀྱང་། །

དེ་ཙམ་རྒྱང་ཐག་རིང་སོང་། །

དེད་ན་རྒྱང་ཐག་རིང་ཁུ། །

མ་དེད་དྲན་པའི་མི་བཟོད། །

ཡིན་ཡང་ལས་འབྲས་མེད་པས། །

འཇའ་ཚོན་བདེ་མོ་གྱིས་ལགས། །

སྟོན་རླུང་གཡུག་པ་མ་གནང་། །

སྡོང་ལོ་འཐོར་བར་དོགས་ཁུ། །

ཁུ་བྱུག་མོན་ལ་མ་ཕེབས། །

འཇོ་མོའི་སེམས་པ་སྡུག་ཁུ། །



  • ལེ་ཚན་སྔོན་མ།:དྲན་ཤིང་།
  • ལེ་ཚན་རྗེས་མ།:དབྱངས་ལ་རྒྱུས་པའི་བརྩེ་བ།