བདེ་ཆེན་གྱིས་བསྒྱུར། 2022-11-17
སྤྱི་ཟླ11པའི་ཚེས12ཉིན། ཀྲུང་གོའི་གློག་བརྙན་གསེར་བྱའི་བྱ་དགའ་སྐབས35པའི་བྱ་དགའ་སྤྲོད་པའི་མཛད་སྒོ་དང2022ལོའི་ཀྲུང་གོའི་གསེར་བྱ་གློག་བརྙན་དུས་ཆེན་གྲོལ་བའི་མཛད་སྒོ་ཞ་མེན་དུ་སྤེལ་བ་རེད། ཕ་ཡུལ་ཡུན་ནན་ནས་ཡིན་པའི་འཁྲབ་ཁྲིད་པ་དབྱང་ཁྲེན་ཁྲེང་གིས་རོང་བྲག་རྫོང་མ་ཧཱ་སྐྱིད་ལུང་དུ་འཁྲབ་ཁྲིད་བྱས་ཤིང་། འཁྲབ་སྟོན་ལ་ཞུགས་པའི་གློག་བརྙན《བསྐྱར་དུ་འཕྱི་བ་མཐོང་བྱུང》ཞེས་པར་བྱིས་པའི་གློག་བརྙན་ཆེས་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་རེད།
གློག་བརྙན《བསྐྱར་དུ་འཕྱི་བ་མཐོང་བྱུང》ཞེས་པའི་ནང་རོང་བྲག་རྫོང་མ་ཧཱ་སྐྱིད་ལུང་ཟེར་བའི་གྲོང་སྡེ་ཆུང་ཆུང་ཞིག་ཏུ་ཕྱི་ནས་ཡོང་བའི་ཚོང་པའི་ལག་ཏུ་ཡོད་པའི་ཁྱེར་བདེ་རྩིས་འཕྲུལ་ཞིག་གིས་བུ་ཆོས་འཕེལ་གྱི་ཡིད་དབང་འཕྲོག་པ་རེད། ཁྱེར་བདེ་རྩིས་འཕྲུལ་ཐོབ་པའི་ཆེད་དུ་ཆོས་འཕེལ་གྱིས་ཚོང་པར་འཕྱི་བ་ཞིག་བཟུང་ནས་སྤྲད་རྒྱུ་ཁས་བླངས་པ་རེད། དེའི་ཐོག་ནས་འཕྱི་བ་དང་གྲོང་མི་བར་གྱི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་ལ་གཏོར་བཤིག་ཐེབས་པ་དང་། ཆོས་འཕེལ་དང་གྲོགས་པོ་པདྨ་བར་གྱི་མཛའ་མཐུན་ཀྱང་མེད་པར་ཆགས་ཡོད། ཆོས་འཕེལ་རྨོངས་གཉིད་ལས་སད་རྗེས་པདྨ་དང་མཉམ་དུ་འཕྱི་བ་བསྐྱབ་པར་ཐག་བཅད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10