ཀུ་ཤུ་དམར་པོས་རྟའུ་ཡི་མི་སེར་ལ་ཕྱུག་འགྱུར་ལམ་བུ་བསྐྲུན།

ཀུན་དགས་བསྒྱུར།        2022-11-16

ཀུ་ཤུ་དམར་པོས་རྟའུ་ཡི་མི་སེར་ལ་ཕྱུག་འགྱུར་ལམ་བུ་བསྐྲུན།
ཡུལ་མིས་ཀུ་ཤུ་འཐོག་བཞིན་པའི་ཚུལ།

ཀུ་ཤུ་དམར་པོས་རྟའུ་ཡི་མི་སེར་ལ་ཕྱུག་འགྱུར་ལམ་བུ་བསྐྲུན།
དམར་མདངས་ལྡན་པའི་ཀུ་ཤུ།

ཀུ་ཤུ་དམར་པོས་རྟའུ་ཡི་མི་སེར་ལ་ཕྱུག་འགྱུར་ལམ་བུ་བསྐྲུན།
ཐུམ་བརྒྱབ་ཟིན་པའི་ཀུ་ཤུ།

སྟོན་རླུང་དལ་བུའི་ལྡང་བའི་ཁྲོད་ནས་སིལ་ཏོག་གི་དྲི་ཞིམ་འཐུལ་བ་དང་ཆབས་ཅིག། ཡང་དུ་ལོ་གཅིག་གི་ཐོན་ལེགས་ཀྱི་དུས་ཚིགས་ལ་སླེབས། ཉེ་ཆར། རྟའུ་རྫོང་སྦར་ཞབས་གྲོང་རྡལ་གྱི་མུའུ40ལྷག་གི་སྤུས་ལེགས་ཀུ་ཤུའི་ཐོན་ལེགས་དུས་ཚིགས་ལ་སླེབས་ཡོད་ཅིང་།ཞིང་ཁ་དང་མུ་ཁ་སོགས་ལྗོན་པའི་རྩེར་དམར་མདངས་ཀྱིས་ཕྱུག་པའི་ཀུ་ཤུའི་སྐྱེ་ཚུལ་ནི་མཛེས་སྡུག་གི་པར་རིས་ལྟ་བུར་གྲུབ། དེས་ན། ས་གནས་དེ་གའི་ཡུལ་མི་སྤུན་ཟླ་ཚོའི་གདོང་ལ་འཛུམ་དཀར་ལྷག་མེད་མངོན།

མཚོ་འཕགས་སྨིན2800ཡོད་པའི་སྦར་ཞབས་གྲོང་རྡལ་བྲག་དཀར་གྲོང་སྡེའི་ཀུ་ཤུ་སྡོང་ར་བའི་ནང་དུ་ཀུ་ཤུ་རབ་ཏུ་སྨིན་པ་དང་། དྲི་ཞིམ་ཕྱོགས་ཀུན་འཐུལ་བ། ཡུལ་མི་ཚོས་ལ་ལས་ཀུ་ཤུ་འཐོག་པ་དང་།འགའ་ཤས་ཀྱིས་སྒམ་ནང་དུ་བཅུག་པ་སོགས་མཐུན་སྒྲིལ་རོགས་རམ་འོག་ནས་མགྲོན་པོས་ཉོ་སྒྲུབ་བྱས་པའི་ཀུ་ཤུ་རྣམས་འཐུ་རྒྱག་གི་འདུག།

བྲག་དཀར་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་བསྟན་འཛིན་གྱིས་ཀུ་ཤུ་སྡོང་ར་བ་འདི་ནི་ང་ཚོའི2019ལོའི་དབུལ་ཐར་འགག་སྒྲོལ་གྱི་ལས་གཞི་ཡིན་ཞིང་། རྒྱལ་ཁབ་ཀྱིས་མ་དངུལ་བཏང་བ་དང་ང་ཚོ་ཞིང་པས་ལས་ཀ་བྱེད་པའི་བྱེད་ཐབས་སྤྱད་དེ་གྲུབ་པ་ཞིག་ཡིན། ལྡུམ་ར་འདིར་ལོ་གསུམ་རིང་དཀའ་ལས་རྒྱག་པ་དང་དོ་དམ་བྱས་རྗེས་གཞི་ནས་ད་ལྟའི་གཞི་ཁྱོན་འདི་གྲུབ་ཡོད། སྤུས་ལེགས་ཀུ་ཤུ་རིགས་གཉིས་ཡོད་པའི་ནང་ཚན་པ་དང་པོར་ཁྱོན་བསྡོམས་སྒམ་བརྒྱ་འཐོག་ཡོད། ཚན་པ་གཉིས་པ་ད་ལྟ་འཐོག་བཞིན་ཡོད་པས་ཧ་ལམ་སྒམ་ཉིས་བརྒྱ་ཡས་མས་ཡོད་རྒྱུ་རེད་ཟེར།

སྦར་ཞབས་གྲོང་རྡལ་བྲག་དཀར་གྲོང་སྡེའི་ས་ཆུར་ཀུ་ཤུ་འདེབས་པ་ཧ་འཚམ།ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་།བྲག་དཀར་གྲོང་སྡེ་ཡིས་བཏང་པའི་ཀུ་ཤུ་རིགས་ནི་གཙོ་བོ་ཧུང་ཧྥུ་ཧྲི་ཡིན་ཞིང་། དོ་དམ་མི་སྣས་ཚན་རིག་དང་མཐུན་པ་དོ་དམ་ཡག་པོ་བྱས་ཏེ་ཀུ་ཤུའི་སྐྱེས་ཚུལ་ལེགས་པ་དང་། འདི་ནའི་ཀུ་ཤུར་མངར་ཚད་ལྡན་པ་དང་། བྲོ་བ་ཞིམ་པ་བཅས་ཀྱི་ཁྱད་ཆོས་ཡོད་པ་རེད།

བྲག་དཀར་གྲོང་སྡེའི་ཡུལ་མི་བདེ་སྐྱིད་དབང་མོས་ང་ཚོས་ཀུ་ཤུ་འདེབས་འཛུགས་བྱས་ནས་དངུལ་བགོས་ཆོག་པར་མ་ཟད་ཤིང་ཏོག་གསོ་འདེབས་བྱེད་སྟངས་ཀྱི་ལག་ཤེས་མང་པོ་ཤེས་བྱུང་། དེ་ནི་དངུལ་རག་པའི་ཐོག་ལག་ཤེས་ལྡན་པའི་གཅིག་གོ་གཉིས་ཆོད་ཀྱི་བྱ་བ་ཞིག་རེད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་བྲག་དཀར་གྲོང་སྡེའི་ཡུལ་སྡེ་དར་རྒྱས་ཀྱི་དར་རྒྱས་ཆེན་པོ་ལྔར་དམིགས་ནས་མང་ཚོགས་ཀྱིས་རང་མོས་ཐོག་བྲག་དཀར་གྲོང་སྡེའི་མཉམ་ལས་ཁང་བཙུགས་པས་མ་ཚད། གྲོང་སྡེ་ཡོངས་ཀྱི་ཏང་ཡོན་མང་ཚོགས་སྒྲིག་འཛུགས་བྱས་ནས་སྦར་ཞབས་ཀུ་ཤུ་སྡུམ་ར་བ་བསྐྲུན་ཡོད། དེ་མིན་ཡུལ་ཤོག་ཏང་ཨུ་དང་ཆེད་ལས་མཁས་པས་མཛུབ་སྟོན་འོག་ས་རྒོད་རི་རྒོད་སོགས་སུ་ཀུ་ཤུ་མུའུ40ལྷག་འདེབས་ཡོད། ཡུལ་མིའི་ཁང་པའི་མདུན་རྒྱབ་ཏུ་ཤིང་མཐུད་ཀུ་ཤུ་སྡོང་ཕྲུག་བཙུགས་ནས་མུའུ50ཙམ་ལ་སླེབས་ཡོད། ལོ་གཉིས་ཐོག་མེ་ཏོག་བཞད་པ་དང་ལོ་གསུམ་ཐོག་འབྲས་བུ་སྨིན་པ། ལོ་བཞིའི་ཐོག་ཐོན་སྐྱེད་ཐུབ་པ། ལོ་ལྔའི་ཐོག་ཐོན་ལེགས་ཐོབ་པའི་དམིགས་ཡུལ་གཞིར་བཟུང་ནས་སྦར་ཞབས་ཀུ་ཤུ་སྡུམ་རའི་ནང2021ལོར་ཐོག་མར་འབྲས་བུ་སྨིན་ཡོད་པས་སྔོན་རྩིས་བྱས་ན་ད་ལོར་རྒྱ་མ་ཁྲི3ཡོད་རྒྱུ་རེད།

བྲག་དཀར་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་བསྟན་འཛིན་གྱིས་སང་ལོ་ང་ཚོས་འདེབས་འཛུགས་གཞི་ཁྱོན་ཆེ་རུ་བཏང་ནས་ཞིང་ལས་དང་ཡུལ་སྐོར་བཟུང་འབྲེལ་གྱི་ལས་དོན་སྤེལ་རྒྱུ་ཡིན། ཡུལ་སྐོར་བ་ལ་ཀུ་ཤུ་ཟ་རྒྱུ་ཡོད་པས་མ་ཚད་མཛེས་ལྗོངས་ལ་ལྟ་རྒྱུ་ཡོད་པ་ཞིག་བྱ་རྒྱུ་ཡིན། འདི་འདྲ་བྱས་དུས་ང་ཚོ་ཡུལ་མི་ཚོའི་ཐོན་ལས་ཀྱི་ཟ་མ་རག་ཐོག་ཡུལ་སྐོར་གྱི་ཟ་མའང་རག་པས་འཚོ་བ་ཉིན་བཞིན་ཡར་རྒྱས་ཡོང་བ་རེད་ཅེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།: དཀར་མཛེས་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་དབྱི་པིན་དང་ལུའུ་ཀྲོའུ་གྲོང་ཁྱེར་དུ་ཕྱིན་ནས་སློབ་སྦྱོང་རྟོག་ཞིབ་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།