དཀར་མཛེས་ཁུལ་གྱི་སྟོན་ཁའི་མཛེས་ལྗོངས།

རྩོམ་སྒྲིག་པས་འཚོལ་སྡུད་བྱས་ནས་བསྒྱུར།        2022-11-16

སྟོན་ཁ་ནི་རྩི་ཤིང་སྣ་ཚོགས་ཀྱི་འབྲས་བུ་སྨིན་ནས་ས་གཞི་ཆེན་པོར་དྲི་ངད་འཐུལ་བའི་དུས་བཟང་ལ་སླེབས། དེ་བཞིན་དཀར་མཛེས་ཁུལ་གྱི་སྟོན་ཁའི་མཛེས་ལྗོངས་ཀྱང་ས་གནས་གཞན་དང་འདྲ་བ་ས་གཞི་ཡོངས་སུ་གསེར་གྱི་གོས་བཟང་བཀླུབས། ནགས་རྫོབ་སྟུག་པོར་ཚོན་མདངས་སྣ་ལྔ་བཀྲག་ནས་སྤྱི་ལེ་གྲུ་བཞི་མ་ཁྲི15.37གྱི་ས་གཞི་ཡོངས་སུ་སྟོན་ཁའི་མཛེས་ཉམས་ཀྱིས་ཕྱུག་པའི་བདེ་སྐྱིད་དཔལ་དུ་འབར།

དར་མདོ་མི་རྒོད་མཚོ།

མི་རྒོད་མཚོའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་དར་མདོ་གྲོང་ཁྱེར་གྲོང་ཁུལ་གྱི་བྱང་ཕྱོགས་སུ་ཡོད་ཅིང་། རྒྱལ་ཁབ་རིམ་པའི་གངས་དཀར་རི་བོའི་མཛེས་ལྗོངས་སྐད་གྲགས་ཅན་གྱི་གྲས་ཤིག་ཡིན། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ150ཡོད་པར་བརྟེན།མཐོ་སྒང་མཚེའུ་ཡིས་གཙོ་བོ་བྱས་པའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ཞིག་ཡིན་ཞིང་། སྟོན་ཀར་ཚོན་མདོག་དམར་མདང་བཀྲ་བའི་རྩི་ཤིང་སྣ་ཚོགས་དང་དགུན་ཁར་རབ་དཀར་ཁ་བས་ཅོད་པན་བཞེངས་པའི་གངས་ཀྱི་ལྷུན་པོར་ལྟ་སྐོར་བྱེད་སའི་གནས་མཆོག་ཞིག་ཡིན་པ་རེད།

བརྒྱ་རྒྱུད་བོད་སྡེ་གྲོང་པ།

བརྒྱ་རྒྱུད་བོད་སྡེ་གྲོང་པ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་གི་ཁོངས་སུ་ཡོད་ཅིང་། རོང་བྲག་རྫོང་གི་གྲོང་ཁུལ་དང་སྤྱི་ལེ8ཙམ་རྒྱང་བ་བ་རེད། བརྒྱ་རྒྱུད་བོད་སྡེ་གྲོང་ན་ནི་རོང་བྲག་རྫོང་གི་ཡུལ་སྐོར་མཛེས་ལྗོངས་ཀྱི་ཁྱད་ཆོས་དམིགས་བསལ་ཡོད་པར་མ་ཟད། རྒྱལ་རོང་བོད་རིགས་ཀྱི་ཁྱད་ཆོས་མངོན་པའི་མཚོན་རྟགས་ཤིག་ཀྱང་རེད། 2005ལོར<<ཀྲུང་གོའི་རྒྱལ་ཁབ་ས་ཁམས>>དུས་དེབ་ཀྱིས་ཀྲུང་གོའི་མཛེས་ལྗོངས་དཔྱད་འདེམས་བྱེད་པའི་བྱེད་སྒོའི་ནང་བརྒྱ་རྒྱུད་བོད་སྡེ་གྲོང་པ་ཡིས་ཚབ་བྱེད་པའི“རོང་བྲག་བོད་སྡེ་གྲོང་པ”དེ་ཉིད“ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་ཞིང་སྡེའི་གནའ་གྲོང་དྲུག”གི་ནང་ཨང་དང་པོར་བདམས་ཐོན་བྱུང་བ་རེད།

དུང་དཀར་ལུང་པའི་འཁྱག་ཀླུང་།

འུ་ལག་རི་བོའི་ནགས་ཚལ་གླིང་ག་དང་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་ཞིང་ཁའི་མཛེས་ལྗོངས། རང་བྱུང་ཁམས་ཀྱིས་ལེགས་སྐྱེས་གནང་བའི་དུང་དཀར་ལུང་པའི་མཛེས་ལྗོངས་དང་ཁུག་རྟ་ལུང་པའི་མཛེས་ལྗོངས། འབོ་ཞབས་གྲོང་རྡལ་གྱི་གནའ་གྲོང་སོགས་ཡུལ་སྐོར་མཛེས་ལྗོངས་ཡོད་པ་རེད།

བརྒྱད་ཟིལ་རྫོང་འོད་སྐྱིད་མཚོ།

འོད་སྐྱིད་མཚོའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་རྒྱལ་ཁབ་རིམ་པའི་གངས་དཀར་རི་བོའི་མཛེས་ལྗོངས་སྐད་གྲགས་ཅན་དང་རྒྱལ་ཁབ་རིམ་པའི་གངས་དཀར་རི་བོའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་གྲུབ་ཆ་ཞིག་ཡིན། རི་རྩེ་དང་གདོད་མའི་གནས་ཚལ། ནགས་གསེབ་ཀྱི་འབབ་ཆུ། མེ་ཏོག་སྣ་མང་བཀྲ་བའི་སྤང་ལྗོངས། རི་མཐོའི་སྤང་ལྗོངས། མཚེའུ། ངོ་མཚར་ཅན་གྱི་ཤིང་སྡོང་། རྩ་ཆེན་གྱི་སྲོག་ཆགས་དང་དམིགས་བསལ་གྱི་བོད་རིགས་ཡུལ་སྲོལ་གྱིས་ཕྱོགས་བཞིའི་སྐུ་མགྲོན་གྱི་ཡིད་དབང་རང་ཤུགས་སུ་བཀུག་ནས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་བསྣན་དང་སྣོན་བཞིན་ཡོད་པ་རེད།


དཀར་མཛེས་ཁུལ་གྱི་སྟོན་ཁའི་མཛེས་ལྗོངས།

ཁ་བས་གཡོག་པའི་དུང་དཀར་ལུང་པ།

དཀར་མཛེས་ཁུལ་གྱི་སྟོན་ཁའི་མཛེས་ལྗོངས།
འདབ་པའི་ཉི་སྟེན་གྱི་སྤྱན་རས་གཟིགས་གནས་རི།

དཀར་མཛེས་ཁུལ་གྱི་སྟོན་ཁའི་མཛེས་ལྗོངས།
ཡིད་ལྷུང་ཤུལ་གྱི་གཡུ་མཚོ་དུང་མཚོ།

དཀར་མཛེས་ཁུལ་གྱི་སྟོན་ཁའི་མཛེས་ལྗོངས།
འདམ་རྩྭ་དམར་པོ།

དཀར་མཛེས་ཁུལ་གྱི་སྟོན་ཁའི་མཛེས་ལྗོངས།
སྡེ་དགེའི་ཡིད་ལྷུང་ལྷ་མཚོ།

དཀར་མཛེས་ཁུལ་གྱི་སྟོན་ཁའི་མཛེས་ལྗོངས།
ཤམ་བྷ་ལའི་ཞིང་ཁའི་མཛེས་ལྗོངས།




  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་སྟོན་ཁའི་མཛེས་ཉམས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།