“ཀྲུང་གོའི་རྩོམ་རིག་མཛད་སྒོ·ལུའུ་ཞུན་རྩོམ་རིག་བྱ་དགའ་སྤྲོད་པའི་མཚན་མོ”གཟབ་རྒྱས་འཚོགས་པ།

    ཀྲུང་གོ་བོད་ཀྱི་དྲ་བ།    2022-11-22

   ཟླ11པའི་ཚེས20ཉིན་གྱི་ཆུ་ཚོད19དང་སྐར་མ30ཡི་སྟེང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་དང་། པེ་ཅིན་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ། ཧུའུ་ནན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི“ཀྲུང་གོའི་རྩོམ་རིག་མཛད་སྒོ་ཆེན་མོ·ལུའུ་ཞུན་རྩོམ་རིག་བྱ་དགའ་སྤྲོད་པའི་མཚན་མོ”པེ་ཅིན་དུ་གཟབ་རྒྱས་འཚོགས། སྐབས་བརྒྱད་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་མཁན་གྲས་ཀྱི་མཚོ་སྔོན་ཞིང་ཆེན་སོག་རིགས་ན་གཞོན་རྩོམ་པ་པོ་བསོད་ནམས་ཚེ་རིང་ཚོགས་འདུར་ཞུགས་པ་མ་ཟད་བྱ་དགའ་བླངས།

“ཀྲུང་གོའི་རྩོམ་རིག་མཛད་སྒོ·ལུའུ་ཞུན་རྩོམ་རིག་བྱ་དགའ་སྤྲོད་པའི་མཚན་མོ”གཟབ་རྒྱས་འཚོགས་པ།

       ལུའུ་ཞུན་རྩོམ་རིག་བྱ་དགའ་ནི་རང་རྒྱལ་གྱི་མཚན་སྙན་མཐོ་ཤོས་མཚོན་པའི་རྒྱལ་ཁབ་རིམ་པའི་རྩོམ་རིག་བྱ་དགའ་ཞིག་ཡིན། མཚོ་སྔོན་ཞིང་ཆེན་གྱི་རྩོམ་པ་པོ་བསོད་ནམས་ཚེ་རིང་གིས་བརྩམས་པའི་སྒྲུང་འབྲིང«ཐང་རྒོད་སྟེང»ཞེས་པར་སྐབས་བརྒྱད་པའི་ལུའུ་ཞུན་རྩོམ་རིག་བྱ་དགའི་ཁྲོད་སྒྲུང་འབྲིང་བྱ་དགའ་ཐོབ་པ་དང་། ཁོང་ནི་མཚོ་སྔོན་ཞིང་ཆེན་གྱི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོ་ཐོག་མ་ཡིན་པ་རེད། 

       «ཐང་རྒོད་སྟེང»ཞེས་པའི་ནང་འབྲོག་པ་དྲུག་རི་མགོར་བྱི་བ་གསོད་དུ་ཕྱིན་ནས། རྩྭ་སར་སྲུང་སྐྱོབ་བྱེད་པའི་སྐོར་བརྗོད་ཡོད། “ཀྲུང་གོའི་རྩོམ་རིག་མཛད་སྒོ་ཆེན་མོ·ལུའུ་ཞུན་རྩོམ་རིག་བྱ་དགའ་སྤྲོད་པའི་མཚན་མོར” སྐབས་བརྒྱད་པའི་ལུའུ་ཤུན་རྩོམ་རིག་བྱ་དགའ་རྩ་འཛུགས་ཨུ་ཡོན་ལྷན་ཁང་ཚོགས་ཀྱིས་བསོད་ནམས་ཚེ་རིང་ལ་བྱ་དགའ་སྤྲོད་པའི་ཚིག་སྟེ“གཏོང་ཕོད་ཆེ་བའི་ལང་ཚོའི་སྟོབས་ཤུགས་དང་སྣ་མང་གཞི་གཅིག་གི་ཀྲུང་ཧྭའི་རིག་གནས་ཀྱིས་མི་རིགས་སོ་སོའི་མི་དམངས་ཀྱི་ཕུགས་འདུན་ལ་སྣེ་ཁྲིད་བྱེད་ཀྱི་ཡོད”ཅེས་འཁོད་ཡོད། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞིའམ་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐའེ་ཉིང་གིས་བསོད་ནམས་ཚེ་རིང་ལ་བྱ་དགའ་སྤྲད། བྱ་དགའ་སྤྲོད་པའི་བྱེད་སྒོ་སྤེལ་ཡུལ་དུ་བསོད་ནམས་ཚེ་རིང་གིས་རང་ཉིད་རྩོམ་རིག་ལམ་བུའི་ཐོག་སྐྱོད་པའི་བརྒྱུད་རིམ་གླེང་ནས། ཁོང་ལ་རོགས་རམ་བྱས་མྱོང་བའི་མི་ལ་ཐུགས་རྗེ་ཆེ་ཞུས། ཁོང་གིས“ངས་རང་ཉིད་ཀྱི་སྨྱུ་གུ་ལ་བརྟེན་ནས་རྩྭ་ཐང་གི་ཡངས་ཤིང་རྒྱ་ཆེ་ལ་གཏིང་ཟབ་པ་དང་། དེ་བཞིན་རྩྭ་ཐང་ཐོག་གི་གུས་པར་འོས་པའི་མི་རྣམས་འབྲི་འདོད་ཡོད”ཅེས་བཤད།

“ཀྲུང་གོའི་རྩོམ་རིག་མཛད་སྒོ·ལུའུ་ཞུན་རྩོམ་རིག་བྱ་དགའ་སྤྲོད་པའི་མཚན་མོ”གཟབ་རྒྱས་འཚོགས་པ།

       “ཀྲུང་གོའི་རྩོམ་རིག་མཛད་སྒོ་ཆེན་མོ·ལུའུ་ཞུན་རྩོམ་རིག་བྱ་དགའ་སྤྲོད་པའི་མཚན་མོ” སྐབས་བརྒྱད་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་སྤྲོད་པའི་མཛད་སྒོ་བརྗོད་དོན་གཙོ་བོར་བྱས་ནས། རྩོམ་རིག་དང་། སྙན་ངག ལྷུག་རྩོམ། རྩོམ་རིག་ཡིག་སྒྱུར། རྩོམ་རིག་གཞུང་ལུགས་དཔྱད་བརྗོད། སྒྲུང་ཐུང་། སྒྲུང་འབྲིང་བཅས་ཀྱི་སྐོར་བདུན་ལ་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ་ཞིང་། གླུ་གཞས་དང་ཞབས་བྲོ། གྱེར་འདོན་སོགས་རིག་རྩལ་གྱི་རྣམ་པ་སྣ་ཚོགས་སྤེལ་ནས་རྩོམ་རིག་ལ་གུས་འདུད་དང་། རྩོམ་པ་པོར་གཟེངས་བསྟོད། ཀློག་པ་པོར་བརྩི་འཇོག་བྱེད་པ་བཅས་མཚོན་པར་བྱས་པ་མ་ཟད། ལྟད་མོ་བ་ཚོའི་སྣེ་ཁྲིད་དེ་ཀྲུང་གོའི་རྩོམ་རིག་གི་ལོ་ངོ་བཅུ་ལ་ཕྱིར་དྲན་བྱས་ནས། མི་དམངས་ཁྲོད་ཟབ་ཞུགས་དང་མི་དམངས་དང་མཉམ་དུ་བསྐྱོད་པའི་རླབས་ཆེན་རྩོམ་པ་པོར་བསྔགས་བརྗོད་བྱས་ཤིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། དམངས་ཡོངས་ཀྱིས་འབད་པ་ལྷུར་ལེན་གྱི་བསམ་པའི་ཉམས་འགྱུར་དང་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པར་བསུ་མ་བྱས་པ་རེད། །


  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་འདམ་ར4རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་མིང་བྱང་དུ་བཞག།
  • ལེ་ཚན་རྗེས་མ།:2022ལོའི་ཁ་ཐར་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དངོས་སུ་འགོ་བརྩམས།
  • དོ་སྣང་ཆེ་བའི་རྩོམ།