དཀར་མཛེས་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཁྲེང་ཏུའུ་དང་ཙི་དབྱང་དུ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་བསྐྱོད།

ལྷ་འཛོམས་ཀྱིས་བསྒྱུར།        2022-11-28

དཀར་མཛེས་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཁྲེང་ཏུའུ་དང་ཙི་དབྱང་དུ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་བསྐྱོད།

དཀར་མཛེས་ཁུལ་གྱི་འཐུབ་ཚབ་ཚོགས་པས་ཁྲེང་ཏུའུ་ཏང་ཅའོ་དྲན་ཤེས་སུ་རྟོག་ཞིབ་སློབ་སྦྱོང་བྱེད་བཞིན་པ།

སྤྱི་ཟླ11པའི་ཚེས17ཉིན་ནས་ཚེས18ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་རྣམ་གཉིས་ཀྱིས་ཏང་སྲིད་འཐུས་ཚབ་ཚོགས་པ་ཁྲིད་དེ་ཁྲེང་ཏུའུ་གྲོང་ཁྱེར་དུ་ཁ་གཏད་རོགས་སྐྱོར་བྱས་པར་འཚམས་འདྲིའི་ཞུ་ལན་གྱི་ལས་དོན་སྤེལ་བ་དང་ཆབས་ཅིག། ལོ་བཅུའི་རིང་ལ་རོགས་སྐྱོར་བྱས་པར་དྲིན་གཟོའི་བཀའ་དྲིན་ཞུས་པ་དང་མཉམ་ལས་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཐུན་མོང་དུ་ཇུས་འགོད་བྱས་པར་མ་ཟད། ཙི་དབྱང་གྲོང་ཁྱེར་དུ་སློབ་སྦྱོང་དང་རྟོག་ཞིབ་གནང་བ་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཁྲེང་ཏུའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཧྲི་ཞའོ་ལིན་དང་། གྲོང་ཁྱེར་ཏང་ཨུའི་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་དཔོན་ཝང་ཕུང་ཁྲའོ། ཙི་དབྱང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཡོན་ཧྥང་།གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་དཔོན་ཝང་ཧྲན་ཕིང་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།

འཐུས་ཚབ་ཚོགས་པ་ལྷན་ཕེབས་བཅས་སྔ་རྗེས་སུ་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཀུའེ་ཞི་སྐྱེ་ཁམས་སྤྱི་གླིང་དང་། དྲྭ་རྒྱའི་སྲིད་འཛིན་ལྟེ་གནས། ཏུང་ཅའོ་དྲན་ཤེས། ཙི་དབྱང་གྲོང་ཁྱེར་གྱི་ལིན་ཁུང་དཔལ་འབྱོར་གླིང་ཁུལ་གྱི་ཐོན་ལས་གསོ་སྦྱོང་ལྟེ་གནས། སི་ཁྲོན་རོལ་དབྱངས་སློབ་གླིང་གི་ལིན་ཁུང་དཔལ་འབྱོར་གླིང་ཁུལ་གྱི་མཛེས་རྩལ་སློབ་གླིང་སོགས་ས་ཆར་བསྐྱོད་ནས་ཁྲེང་ཏུའུ་གྲོང་ཁྱེར་གྱིས་སྤྱི་གླིང་གྲོང་ཁྱེར་འཛུགས་སྐྲུན་དང་།བློ་རིག་གྲོང་ཁྱེར་བཅོས་སྐྱོང་།རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་འཕེལ་རྒྱས་འདུ་ཤེས་དང་དེ་བཞིན་ཙི་དབྱང་གྲོང་ཁྱེར་གྱིས་ཚོང་འགུགས་དངུལ་འདྲེན་གསར་གཏོད་དང་ཐོན་ལས་གླིང་ཁུལ་གསོ་སྐྱོང་བྱེད་པ་དང་ལྷག་པར་དུ་རྩོམ་པ་པོ་གྲགས་ཅན་གྱིས་མཛེས་རྩལ་སློབ་གླིང་འཆར་འགོད་དང་འཛུགས་སྐྲུན་བྱས་པའི་ཉམས་མྱོང་དང་བྱེད་སྟངས་ལ་སློབ་སྦྱོང་དང་རྟོག་ཞིབ་བྱས་པ་རེད། ས་ཆ་རེ་རེར་སླེབས་དུས་རིམ་བཞིན་དུ་འཐུས་ཚབ་ཚོགས་པའི་ཁོངས་མིས་ལྟ་སྦྱོང་དང་ངོ་སྤྲོད་ལ་ནན་ཏན་ཉན་པས། ཚང་མར་སེམས་འགུལ་ཆེན་པོ་ཐེབས་ལ་སློབ་གསོ་ཡང་ཐེབས་ནས་བློ་སྒོ་ཕྱེ། ཁྲེང་ཏུའུ་དང་ཙི་དབྱང་གིས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་བྱེད་པ་ལ་སོགས་པའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ལ་དམ་འཛིན་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་ལེན་བསྟར་ཏེ་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་།འཚོ་བ་སྤུས་ཚད་མཐོན་པོ། །ཕན་འབྲས་ཆེ་བའི་བཅོས་སྐྱོང་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། ལས་ཀ་མང་པོའི་ཐད་ཕན་འབྲས་ཐོབ་པ་དེར་དཀར་མཛེས་ཁུལ་གྱི་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད་པར་བརྟེན། ཚང་མས་མགྲིན་གཅིག་ཏུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་སྐབས་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་བསམ་བློར་སྔར་བས་བཅིངས་འགྲོལ་གཏོང་བ་དང་།མཐོང་རྒྱ་ཆེ་རུ་གཏོང་ཞིང་། དཀར་མཛེས་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་པ་དང་སློབ་སྦྱོང་གི་གྲུབ་འབྲས་ལེགས་སུ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་འཛུགས་སྐྱོང་གི་ལག་ལེན་གསར་པར་ཧུར་ཐག་ཞུགས་རྒྱུ་ཡིན་ཞེས་བཤད་པ་རེད།

ཁྲེང་ཏུའུ་རུ་འཐུས་ཚབ་ཚོགས་པ་ལྷན་ཕེབས་བཅས་པ་ཁྲེང་ཏུའུ་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་བཅུ་འཁོར་བའི་ཚོགས་སྟོན་ནང་ཞུགས་ནས་མཉམ་དུ་ཁ་གཏད་རོགས་སྐྱོར་གྱི་ལོ་བཅུའི་འབད་འཐབ་ལོ་རྒྱུས་ལ་ཕྱིར་མིག་བལྟས་ནས་ཚང་མས་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་གཅེན་གཅུང་གི་བརྩེ་སེམས་མྱོང་ཚོར་ཟབ་མོ་ཐེབས་པ། ཚང་མས“ལོ་བཅུའི་རིང་ལག་གདང་སྦྲེལ་ནས་སྦྱོང་བརྡར་བྱེད·ཐོག་མའི་བསམ་འདུན་མི་བརྗེད་པར་སླར་ཡང་རྡོག་ཐོན་བྱེད”ཅེས་པའི་འགོ་ཚུགས་མཛད་སྒོར་ཐུན་མོང་དུ་བདེན་དཔང་བྱས་ཡོད་ལ། བྱས་རྗེས་བཞག་པའི་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་གསར་ཐོག་སྐྱོད་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་བཏང་བ་རེད། ཚོགས་འདུ་གྲོལ་རྗེས་ཧྲེན་དབྱང་དང་འཐུས་ཚབ་ཚོགས་པའི་ཁོངས་མིས་མྱོང་ཚོར་སྤེལ་རེས་བྱེད་སྐབས་ཧྲེན་དབྱང་གིས་བསྟན་དོན། ལོ་བཅུའི་རིང་ལ་རོགས་སྐྱོར་བྱས་ནས་བརྩེ་དུང་དེ་བས་ཟབ་མོ་ཆགས། 2012ལོ་ནས་བཟུང་། ཁྲེང་ཏུའུ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཁ་གཏད་རོགས་སྐྱོར་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་རང་ནུས་གང་ཡོད་འདོན་པ་དང་བརྩེ་སེམས་གང་ཡོད་འདོན་པ། སྒེར་སེམས་མེད་པ་རོགས་སྐྱོར་བྱེད་པ་བཅས་ཀྱི་རྒྱུད་རིམ་དེ་དག་ཧ་ཅང་རྩ་ཆེན་ཡིན་ལ། གྲུབ་འབྲས་དེ་དག་གིས་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག། བརྩེ་སེམས་དེ་ནམ་ཡང་བློ་ལ་བརྟན་པོ་འཆར་བཞིན་ཡོད། དཀར་མཛེས་ཁུལ་ནི་རོགས་སྐྱོར་དང་ལེན་བྱེད་མཁན་ཡིན་པའི་ངོས་ནས་དྲིན་གཟོ་སྒུལ་ཤུགས་སུ་བསྒྱུར་ནས་སྒུག་རྟེན་མི་བྱེད་པ་དང་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ཡིན་ལ། ཁྲེང་ཏུའུ་ཡི་སྔོན་ཐོན་འདུ་ཤེས་དང་ལག་ལེན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་ནས་སྔོན་ཐོན་ལ་དམིགས་ཏེ་མགྱོགས་མྱུར་དུ་རྗེས་འདེད་ཀྱང་བྱ་རྒྱུ་ཡིན། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་གསར་དུ་སྐྱོད་དུས། ང་ཚོས་ལོ་བཅུའི་རིང་གི་ཁ་གཏད་རོགས་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ས་གནས་གཉིས་པོའི་ཐོན་ཁུངས་ཀྱི་བཟང་ཆ་བེད་སྤྱོད་སྔར་བས་ཡག་པོ་བྱས་ནས་དཀར་མཛེས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏང་རྒྱུ་དེ་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་ཞིང་། དེ་དང་ཆབས་ཅིག་ནུས་རྒྱུ་གསར་པ་གསར་སྤེལ་དང་། གྲངས་གཞི་ཅན་འཛུགས་སྐྲུན། ས་ཁོངས་ཡོངས་སུ་ཁ་གཏད་རོགས་སྐྱོར། འགྲོ་འོང་ཇེ་མང་ཇེ་ཟབ་ཏུ་བྱེད་པ་སོགས་ཀྱི་ཐད་ལ་སྤེལ་རེས་མཉམ་ལས་བྱ་རྒྱུར་མུ་མཐུད་ནས་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་པོ་བཅངས་ནས།མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་བརྟན་བརླིང་གི་རྣམ་པ་བཟང་པོ་སྲ་བརྟན་དུ་བཏང་སྟེ་ཁྲེང་ཏུའུ་དང་ལག་གདང་སྦྲེལ་ནས་མཉམ་དུ་ཕྱུག་འགྱུར་གྱི་དམིགས་འབེན་ཕྱོགས་སུ་ནུས་ཤུགས་ཡོད་རྒུས་མདུན་སྐྱོད་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་གྱི་ལེའུ་རྩོམ་པར་སྟོབས་ཤུགས་ཀྱི་བྱས་རྗེས་འཇོག་དགོས།

ཁུལ་གྱི་འགོ་ཁྲིད་ཏེང་ལི་ཅུན་དང་ཡོན་མིང་ཀོང་། ཧྥུང་ཅིང་ཧྥུང་། ལིའུ་ཧུང་། ཁྲེང་ཏུའུ་གྲོང་ཁྱེར་དང་ཙི་དབྱང་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད། རྫོང(གྲོང་ཁྱེར)དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཁག་གཅིག་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་ནས་ཚོགས་ཞུགས་དང་འཚམས་འདྲི་གནང་བར་གྲུབ་འབྲས་གལ་ཆེན་ཐོབ།
  • ལེ་ཚན་རྗེས་མ།:འགོ་འཛུགས་ས་མཐོ་བའི་འཆར་འགོད་དང་ཚད་གཞི་མཐོ་བའི་ཇུས་འགོད་བྱས་ནས་འཛམ་གླིང་རིམ་པའི་ཁྱད་ཆོས་ཡུལ་སྐོར་གྲོང་ཁྱེར་དང་གྲོང་རྡལ་གཏོད་དགོས།
  • དོ་སྣང་ཆེ་བའི་རྩོམ།