འགོ་འཛུགས་ས་མཐོ་བའི་འཆར་འགོད་དང་ཚད་གཞི་མཐོ་བའི་ཇུས་འགོད་བྱས་ནས་འཛམ་གླིང་རིམ་པའི་ཁྱད་ཆོས་ཡུལ་སྐོར་གྲོང་ཁྱེར་དང་གྲོང་རྡལ་གཏོད་དགོས།

བདེ་སྐྱིད་ཀྱིས་བསྒྱུར།        2022-11-28

སྤྱི་ཟླ11པའི་ཚེས16ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་གཙོ་འགན་བཞེས་ནས་དཀར་མཛེས་རྫོང་གི་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་ལ་ཞིབ་འཇུག་བྱེད་པའི་ཆེད་དོན་ཚོགས་འདུ་འཚོགས་ཤིང་། དཀར་མཛེས་རྫོང་གི་གྲོང་ཁྱེར་འཆར་འགོད་དང་ཇུས་འགོད་བཟོ་བའི་གནས་ཚུལ་སྙན་ཞུ་གསན་པ་དང་། ཕྱིན་ཆད་ཀྱི་ལས་ཀར་བཀོད་སྒྲིག་མཛད་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། མི་དམངས་གཙོ་གནད་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། དཀར་མཛེས་རྫོང་གི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་རང་སྤུས་ལ་གཞི་ཚུགས་པ། མཐོང་རྒྱ་ཆེན་པོ་དང་རྣམ་པ་ཆེན་པོ། བརྩེ་སེམས་ཆེན་པོ། བློ་གྲོས་ཆེན་པོ་བཅས་ཀྱི་ཐོག་ནས་འཆར་འགོད་ཇུས་འགོད་ལེགས་སུ་གཏོང་བ་དང་། ཆུ་ཚད་མཐོན་པོའི་ཐོག་ནས་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་རིམ་པའི་ཁྱད་ཆོས་ཡུལ་སྐོར་གྲོང་ཁྱེར་དང་གྲོང་རྡལ་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་རྒྱུན་མི་ཆད་པར་བསྐངས་དགོས་ཞེས་ནན་གསུང་གནང་བ་རེད།

ཧྥུང་ཧྥ་ཀུའེ་ཡིས་འཆར་འགོད་དང་ཇུས་འགོད་སྡེ་ཚན་གྱིས་དཀར་མཛེས་རྫོང་གི་སྤྱི་ཚོགས་རིག་གནས་ཀྱི་ལོ་རྒྱུས་དང་། རང་བྱུང་མཛེས་ལྗོངས་ལ་ཞིབ་འཇུག་དང་དབྱེ་ཞིབ་སྔར་ལས་ལྷག་པ་བྱས་ནས་འབྲེལ་མཐུད་བྱེད་གནས་འཕྱུགས་མེད་འཚོལ་བ་དང་། གྲོང་ཁྱེར་གྱི་ནུས་པ་བཀོད་སྒྲིག་བྱེད་ཚུལ་གསེད་དཀྲོལ་བྱེད་པ། འཆར་འགོད་དང་ཇུས་འགོད་ལེགས་སུ་གཏོང་བ། བཟོ་བཀོད་ཀྱི་རྣམ་པ་དང་གྲོང་ཁུལ་གྱི་མི་མཐའ། རང་བྱུང་མཛེས་ལྗོངས་བཅས་ཕན་ཚུན་འོད་མདངས་བཀྲ་བ་དང་ཕན་ཚུན་སྤེལ་རེས་བྱས་ནས་གྲོང་ཁྱེར་དང་རང་བྱུང་ཁམས་མཉམ་འདྲེས་མཉམ་གནས་ཡོང་བ་བྱ་དགོས་པ་དང་། སྲོལ་རྒྱུན་གྱི་བཟོ་སྐྲུན་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་པ་དང་གྲོང་ཁྱེར་གྱི་རིག་གནས་རྒྱུན་མཐུད་དང་ལོ་རྒྱུས་ཀྱི་དྲན་འཆར་སོར་འཇོག་བྱ་དགོས། ཟུར་ཚད་མི་འདྲ་བའི་ཐོག་ནས་གྲོང་ཁྱེར་གྱི་རྣམ་པ་ཞིབ་འཇུག་དང་ཇུས་འགོད་བྱེད་པ་དང་། བཟོ་བཀོད་ཀྱི་མཚོན་རྟགས་དང་ཚོན་མདངས་ཀྱི་མཚོན་ཚུལ་བེད་སྤྱོད་ཡག་པོ་བྱས་ཏེ་གྲོང་ཁྱེར་འཛུགས་སྐྲུན་ཟང་ཟིང་དུ་གྱུར་པར་གཏན་འགོག་མཐའ་གཅིག་ཏུ་བྱ་དགོས། དཀར་མཛེས་རྫོང་གིས་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཤུགས་སྔར་བས་ཆེ་རུ་བཏང་ནས་འཆར་འགོད་ཀྱི་འདུ་ཤེས་འཆང་བ་དང་འཆར་འགོད་ཀྱི་འགྱུར་མེད་རང་བཞིན་ཆེ་རུ་གཏོང་བ། འཆར་འགོད་ལ་སྲུང་སྐྱོང་བཅས་བྱ་དགོས། གྲོང་ཁྱེར་འཛུགས་སྐྲུན་ལ་དོ་དམ་ཚོད་འཛིན་ཡག་པོ་བྱེད་པ་དང་།ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་ཀྱི་བར་མཐོངས་བཀོད་སྒྲིག་ལུགས་མཐུན། ནང་སྙིང་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོ་བའི་ལམ་བུའི་ཐོག་སྐྱོད་པ། གྲོང་ཁྱེར་འཆར་འགོད་དང་གྲོང་ཁྱེར་འཛུགས་སྐྲུན་ཞིབ་ཚགས་བྱེད་པ། ལས་གཉེར་དང་གཞིས་ལས། སྤྲོ་སྐྱིད། ཡུལ་སྐོར་བཅས་ལ་འཚམ་པའི་སྤུས་ཚད་མཐོ་བའི་གྲོང་ཁྱེར་ཧུར་ཐག་བསྐྲུན་ནས་མི་ཚང་མས་ཡིད་སྨོན་བྱེད་པའི་ཡུལ་སྐོར་བྱ་ཡུལ་ཞིག་གཏོད་དགོས་ཞེས་ནན་གསུང་གནང་བ་རེད།།

  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཁྲེང་ཏུའུ་དང་ཙི་དབྱང་དུ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་བསྐྱོད།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྱོང་བཅོས་སྒྱུར་ལས་ཀར་སྐུལ་འདེད་གཏོང་བའི་ཚོགས་འདུ་དར་མདོར་འཚོགས།
  • དོ་སྣང་ཆེ་བའི་རྩོམ།