ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

    མི་དམངས་ཉིན་རེའི་ཚགས་པར།    2022-12-01

        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཟླ་11པའི་ཚེས་22ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ནས་དཔལ་འབྱོར་བརྟན་དུ་གཏོང་བའི་སྲིད་ཇུས་དང་རྒྱུན་མཐུད་བྱེད་ཐབས་རབ་དང་རིམ་པ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཕན་འབྲས་ཐོན་པ་བྱེད་པ་དང་། དཔལ་འབྱོར་བསྐྱར་དུ་བརྟན་པོ་དང་ཡར་རྒྱས་འགྲོ་བའི་རྨང་གཞི་བརྟན་དུ་གཏོང་རྒྱུའི་ཐད་བཀོད་སྒྲིག་གནང་བ་དང་། ས་གནས་ལ་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་ཚོགས་ཆུང་མངགས་ནས་དུས་མཚམས་སྔ་མར་བཏོན་ཟིན་པའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་ཏན་ཏིག་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་གནང་ཡོད་པ་རེད།

        གྲོས་ཚོགས་ཐོག ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་ལེན་བསྟར་ནས་དཔལ་འབྱོར་བརྟན་དུ་གཏོང་བའི་སྲིད་ཇུས་དང་རྒྱུན་མཐུད་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་ཏན་ཏིག་བྱས་ནས། དུས་ཚིགས་གཉིས་པའི་དུས་མཚམས་སྔ་མའི་དཔལ་འབྱོར་ཆག་པའི་རྣམ་པར་འགྱུར་ལྡོག་བཏང་བ་དང་དཔལ་འབྱོར་གྱི་རྨང་གཞི་བརྟན་དུ་གཏོང་བའི་ཐད་འདེགས་སྐྱོར་ནུས་ལྡན་བྱས་ཡོད། དུས་ཚིགས་བཞི་པའི་དཔལ་འབྱོར་འཁོར་སྐྱོད་ནི་ལོ་ཧྲིལ་པོའི་དཔལ་འབྱོར་ལ་གལ་འགངས་ཤིན་ཏུ་ཆེ་བ་ཡིན། མིག་སྔར་ནི་དཔལ་འབྱོར་བསྐྱར་དུ་བརྟན་པོ་དང་ཡར་རྒྱས་འགྲོ་བའི་རྨང་གཞི་བརྟན་དུ་གཏོང་བའི་འགག་རྩའི་དུས་རེད། དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་མཚམས་སུ་གནས་རྒྱུ་རྒྱུན་འཁྱོངས་དང་། གྲུབ་འབྲས་ཅུང་ལེགས་པོ་ཐོབ་པའི་བརྩོན་ལེན་བྱ་དགོས། དུས་མཚམས་སྔ་མར་ནོར་སྲིད་དང་དངུལ་རྩའི་སྲིད་ཇུས་བཏོན་ནས་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་དང་སྒྲིག་ཆས་གསར་སྒྱུར་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱས་ཡོད་པ་དང་། སྲིད་ཇུས་ཀྱི་ཕན་འབྲས་ཐོན་བཞིན་ཡོད་ཅིང་ད་དུང་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། དེ་དང་དུས་མཚུངས་ས་གནས་ཁག་གི་གནས་ཚུལ་ལ་ཁྱད་པར་ཡོད་པར་བརྟེན་ཁག་གཅིག་དོན་འཁྱོལ་ཐུབ་མེད་པས། མུ་མཐུད་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་དགོས།

        གཅིག་ནི་གལ་ཆེའི་རྣམ་གྲངས་མཐུན་སྦྱོར་ལམ་སྲོལ་གྱིས་མུ་མཐུད་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་སྟེ། གལ་ཆེའི་རྣམ་གྲངས་ལ་མ་དངུལ་གཏོང་སྤྲོད་དང་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། དམངས་གཉེར་ཁེ་ལས་སོགས་སྤྱི་ཚོགས་ཀྱི་མ་རྩའི་མ་འཇོག་ལ་སྐུལ་ཁྲིད་བྱས་ཏེ། ལོ་འདིའི་ནང་དངོས་རྫས་ཀྱི་ལས་ཚད་དེ་བས་མང་བ་ཆགས་པ་བྱེད་དགོས། ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་སྤུས་ཚད་ལྡན་ལ་ཉེན་ཁ་མེད་པའི་ལས་གྲྭ་བསྐྲུན་དགོས།

        གཉིས་ནི་སྒྲིག་ཆས་གསར་བརྗེ་སྒྱུར་བཀོད་བྱ་རྒྱུ་དེ་དངུལ་བུན་གྱི་གན་རྒྱ་གཞི་རྩའི་ཆ་ནས་ལེགས་སྒྲུབ་བྱས་པའི་རྨང་གཞིའི་ཐོག་བྱེད་དགོས་པ་དང་། ལས་ཀའི་གཙོ་གནད་དེ་ཆེད་སྤྱོད་དངུལ་བུན་བསྐྱར་མ་སྤྲོད་པ་དང་ནོར་སྲིད་ཀྱི་སྐྱེད་གསབ་སྤྲོད་རྒྱུར་བསྒྱུར་ནས་སྒྲིག་ཆས་ཉོ་སྒྲུབ་དང་སྒྱུར་བཀོད་བྱེད་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

        གསུམ་ནི་འཛད་སྤྱོད་བརྟན་གཏོང་དང་རྒྱ་སྐྱེད་གཏོང་དགོས། ལས་སྟེགས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་དང་།གློག་རྡུལ་ཚོང་དོན་དང་མྱུར་སྐྱེལ་དྲ་བ་ཤར་བགྲོད་ཐུབ་པར་འགན་ལེན་བྱ་དགོས། གྲོང་ཁྱེར་ལ་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་འགྱུར་མེད་རང་བཞིན་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱ་དགོས།ཐོག་ཁང་རྩིས་སྤྲོད་འགན་ལེན་གྱི་ཆེད་དོན་བུན་དངུལ་གང་མགྱོགས་ཁྱོན་ཡོངས་ནས་རྣམ་གྲངས་ཐོག་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། ཚོང་ལས་དངུལ་ཁང་གིས་ཐོག་ཁང་རྩིས་སྤྲོད་འགན་ལེན་གྱི་དངུལ་བུན་གསར་པ་གཏོང་རྒྱུར་སྐུལ་མ་བཏང་ནས། ས་ཁང་ཐོན་ལས་ཀྱི་ཁྲོམ་ར་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

        བཞི་ནི་འགྲིམ་འགྲུལ་དང་ཟོག་འགྲེམས་ཤར་བགྲོད་ཐུབ་རྒྱུར་རྒྱུན་མཐུད་ངང་འགན་སྲུང་བྱ་དགོས། ཟོག་འགྲེམས་ཤར་བགྲོད་འགན་ལེན་གྱི་ལས་དོན་ལམ་སྲོལ་རྒྱུན་ཆད་མེད་པར་མཐུན་སྦྱོར་བྱས་ཏེ། མ་ལམ་གཙོ་བོ་དང་ལམ་ཁ་ཆུང་གྲས་ཤར་གཏོང་ཐུབ་རྒྱུ་འགན་ལེན་བྱེད་པ་དང་།གྲུ་ཁ་སོགས་གཅིག་སྡུད་ཟོག་འགྲེམས་སྐྱེལ་འདྲེན་རྒྱུན་ལྡན་ལྟར་འཁོར་སྐྱོད་ཐུབ་རྒྱུར་འགན་ལེན་བྱེད་པ།དུས་ཐོག་ཏུ་འགག་གནད་སྒྲོལ་ཐུབ་པ་བཅས་བྱས་ནས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་དང་ཕྱིར་གཏོང་ནང་འདྲེན་ཤར་གཏོང་ཐུབ་རྒྱུར་སྲུང་སྐྱོང་བྱེད་དགོས།

        ལྔ་ནི་དངུལ་རྩས་དངོས་གཞིའི་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དངུལ་ཁང་གིས་ཀུན་ཕན་གྱི་བསགས་འབོར་ཆུང་ཕྲན་དངུལ་བུན་ལ་ཁེ་ཕབ་འོས་འཚམ་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་། འགྲིམ་འགྲུལ་དང་ཟོག་འགྲེམས་ཀྱི་དངུལ་རྩའི་ཞབས་ཞུ་མུ་མཐུད་ཡག་པོ་སྒྲུབ་པ།དམངས་གཉེར་ཁེ་ལས་ཀྱིས་བརྗེ་རུང་བུན་འཛིན་གསར་པ་འགྲེམས་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།ཚད་འབེབས་སོགས་ཀྱི་དངུལ་ལོར་སྲིད་ཇུས་ཀྱི་བྱ་ཐབས་དུས་ཐོག་ཏུ་འོས་འཚམ་སྤྱོད་པ་བཅས་བྱས་ཏེ། འཁོར་རྒྱུག་རང་བཞིན་ལུགས་མཐུན་དང་འདང་ངེས་ཡོང་བ་བྱེད་དགོས།

        དྲུག་ནི་དཀའ་ངལ་ཡོད་པའི་མང་ཚོགས་དང་ལས་ཤོར་མི་སྣའི་འགུལ་ཚུལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོབ་རོགས་སྐྱོར་ཡག་པོ་བྱས་ནས། གཞི་རྩའི་དམངས་འཚོའི་མཐའ་ཚད་བརྟན་དུ་གཏོང་དགོས། ཞིང་པ་ལས་མིའི་གླ་ཕོགས་ཆད་འགྱངས་གནད་དོན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དུས་ཐོག་ཏུ་འདང་ངེས་སྤྲོད་རྒྱུ་འགན་སྲུང་བྱེད་དགོས་ཞེས་བསྟན་གནང་ཡོད།

        གྲོས་ཚོགས་ཐོག ལྟ་སྐུལ་མཛུབ་ཁྲིད་དང་ཞབས་ཞུར་ཤུགས་སྣོན་རྒྱག་དགོས།སྤྱི་ཟླ་11པའི་ཟླ་མཇུག་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ཚོགས་ཆུང་ཁག་འབྲེལ་ཡོད་ས་གནས་སུ་བསྐྱོད་དེ་དཔལ་འབྱོར་བརྟན་པོ་ཡོང་བ་བྱེད་པའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ནས། སྲིད་ཇུས་དོན་འཁྱོལ་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།

        གྲོས་ཚོགས་ཐོག་དེ་མིན་གྱི་བྱ་དོན་ལ་ཞིབ་འཇུག་བྱས་པ་རེད།


  • ལེ་ཚན་སྔོན་མ།:རང་རྒྱལ་གྱིས་ཕྱོགས་ལྔ་ནས་ཞིང་པ་ལས་མིའི་ལས་ཞུགས་ལས་གཏོད་ལ་སྔར་བས་རྒྱབ་སྐྱོར་བྱེད་པ།
  • ལེ་ཚན་རྗེས་མ།:2023ལོའི་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་སྐབས་འགྱུར་ལྡོག་གསར་པ་འདི་དག་ལ་དོ་སྣང་བྱོས།
  • དོ་སྣང་ཆེ་བའི་རྩོམ།