བློ་མཐུན་ཅང་ཙེ་རྨིན་ཧྲང་ཧའེ་རུ་སྐུ་གཤེགས།

    གངས་ལྗོངས་ཉི་གཞོན།    2022-12-01

     ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གདུང་སེམས་དྲག་པོས་ཏང་ཡོངས་དང་དམག་ཡོངས། དེ་མིན་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ལ་བརྡ་ཁྱབ་སྤེལ་ཏེ། ང་ཚོའི་གུས་པར་འོས་པའི་བློ་མཐུན་ཅང་ཙེ་རྨིན་ལགས་ལ་ཁྲག་རིལ་དཀར་པོའི་སྙུན་གཞི་ཕོག་པ་དང་འབྲེལ་དོན་ལྔའི་ནུས་པ་ཉམས་ནས་མྱུར་སྐྱོབ་བྱས་ཀྱང་ཕན་མ་ཐོགས་པར། 2022ལོའི་སྤྱི་ཟླ11པའི་ཚེས30ཉིན་གྱི་ཆུ་ཚོད12དང་སྐར་མ13གྱི་ཐོག་ཧྲང་ཧའེ་རུ་སྐུ་གཤེགས། ཁོང་ཉིད་དགུང་ལོ96ལ་འཚོ་གཞེས་གནང་།

  • ལེ་ཚན་སྔོན་མ།:སྒོར་ཁྲི་7000ཡི་ཁ་གསབ་སྤྲོད་རྒྱུ་རེད།
  • ལེ་ཚན་རྗེས་མ།:བློ་མཐུན་ཅང་ཙེ་རྨིན་གྱི་འདས་མཆོད་ཨུ་ཡོན་ལྷན་ཁང་གི་མིང་ཐོ།
  • དོ་སྣང་ཆེ་བའི་རྩོམ།