རང་ཁུལ་གྱིས་བྱེད་ཐབས་གསུམ་སྤྱད་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་ཀར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།

བདེ་སྐྱིད་ཀྱིས་བསྒྱུར།        2022-12-05

ཉེ་ཆར། གསར་འགོད་པས་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཅུས་དེས་ལས་ཀའི་འགན་འཁྲི་ཁ་གསལ་བཟོས་ནས་སྔོན་འགོག་གཙོ་བོ་དང་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ནས། སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། འབྱུང་རྩ་ནས་དོ་དམ་བཙན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་དང་ཕན་འབྲས་བདའ་འདེད་ནན་པོ་བྱས་ཏེ། ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཅུས་དེས་ཏང་སྲིད་ཀྱི་འགན་འཁྲི་མཉམ་ཁུར་དང་ལས་གནས་གཅིག་ལ་འགན་འཁྲིད་གཉིས། འགན་འཛོལ་འགན་འཁྲི་བདའ་འདེད་བཅས་ཀྱི་བླང་བྱ་ལྟར། སྲིད་གཞུང་གིས་གཙོ་ཁྲིད་དང་སྡེ་ཚན་གྱིས་གཞོགས་འདེགས་ཧུར་ཐག་དང་མང་ཚོགས་དེའི་ནང་ཞུགས་པ། མཉམ་འཛིན་མཉམ་སྒྲུབ་བྱེད་པའི་མེ་ཟོན་ལས་དོན་སྤེལ་སྟངས་ཞིག་ཆགས་པ་བྱས་ཏེ། བསམ་བློ་སྔར་བས་གཅིག་གྱུར་དང་གནས་ཐིག་མཐོ་རུ་བཏང་སྟེ་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོགས།བརྟན་བརླིང་འགན་ལེན་བྱེད་པའི་མཐོ་ཚད་ཐོག་ནས་མེ་ཟོན་གྱི་དུས་བབ་གསར་པ་དང་། ལས་འགན་གསར་པ།བླང་བྱ་གསར་པ་བཅས་ཁོང་དུ་འཕྱུགས་མེད་ཆུད་པ་བྱས་ནས་རང་རྟོགས་ཀྱིས་མེ་ཟོན་གྱི་ལས་འགན་ལྗིད་མོ་ཕྲག་ཐོག་ཏུ་འཁུར་ཏེ། ལས་རིགས་དོ་དམ་བྱེད་པར་ངེས་པར་དུ་མེ་ཟོན་ལ་དོ་དམ་ཐུབ་པ་བྱས་ཏེ། ཚན་རིག་དང་མཐུན་པའི་རྣམ་འགྱུར་དང་། དངོས་སྒྲུབ་ཀྱི་སྙིང་སྟོབས། བྱེད་ཐབས་ནུས་ལྡན་བཅས་ཀྱི་ཐོག་ནས་དཀར་མཛེས་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་ཉེན་མེད་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་ནས་ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར། ནགས་ཚལ། རྩྭ་ཐང་བཅས་ཀྱི་ཐོན་ཁུངས་ཉེན་མེད་ཡོང་བར་འགན་ལེན་ཏན་ཏིག་བྱས་པ་རེད།། 

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས2022ལོའི་ཏང་སྲིད་འགན་འཁྲི་མཉམ་ཁུར་གྱི་ལས་ཀའི་དམིགས་འབེན་དཔྱད་ཞིབ་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།