རང་ཁུལ་གྱི་གྲོང་ཁྱེར་དང་རྫོང་འདི་ཚོ་ལ་རྟེན་འབྲེལ་ཞུ།

        2022-12-07

   སྤྱི་ཟླ11པའི་ཚེས29ཉིན་ལ། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་གཞུང་ཕྱོགས་དྲྭ་ཚུགས་ནས་ཞིང་ཆེན་རིམ་པའི་སྐྱེ་ཁམས་རྫོང་ཚན་འབོར་གཉིས་པ་ལ་མིང་བཏགས་པའི་སྐོར་གྱི་གཏན་འབེབས་བསྒྲགས་པ་རེད། ཞིང་ཆེན་སྲིད་གཞུང་གིས་རྫོང་དང་ཆུས། གྲོང་ཁྱེར16ཞིང་ཆེན་རིམ་པའི་སྐྱེ་ཁམས་རྫོང་ཚན་འབོར་གཉིས་པར་གཏན་འབེབས་བྱས་ཤིང་། དེའི་ནང་དུ་རང་ཁུལ་གྱི་དར་མདོ་གྲོང་ཁྱེར་དང་། རོང་བྲག་རྫོང་། ཉག་ཆུ་རྫོང་། རྟའུ་རྫོང་བཞི་ཡོད་པ་རེད།

   ཡང་ཉེ་ཆར་སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཆེན་རིམ་པའི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ཁུལ་ཚན་འབོར་བཞི་པའི་མིང་ཐོ་བསྒྲགས་ཏེ། རྫོང་དང་ཆུས། གྲོང་ཁྱེར24ཞིང་ཆེན་རིམ་པའི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ཁུལ་ཚན་འབོར་བཞི་པར་ངོས་འཛིན་གཏན་འཁེལ་བྱས་ཤིང་། དེའི་ནང་དུ་རང་ཁུལ་གྱི་རྟའུ་རྫོང་དང་། ལི་ཐང་རྫོང་ཚུད་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ཞིང་འབྲོག་ཐོན་རྫས་འབྲི་ཆུའི་ཟུར་གསུམ་ས་ཁུལ་དུ་བཙོངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།