གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།

        2022-12-06

གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།

  ད་ལོའི་ཟླ8པའི་ཚེས22ཉིན། གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྤྱི་ལེ50ཡི་ཚོད་ལྟའི་ལམ་དུམ་གྱི་ཆེས་མཐའ་མཇུག་གི་ཨར་འདམ་ལམ་རྡོ་ལེགས་གྲུབ་བྱུང་བ་དང་། ཟླ10བའི་ཚེས23ཉིན། ཤར་གཏོང་ཚོད་ལྟའི་ལ་ཐིག་གཙོ་བོའི་ལམ་ངོས་ཚང་མ་བཏིངས་པ་རེད། ཟླ11པའི་ཚེས20ཉིན། ཤར་གཏོང་ཚོད་ལྟའི་ལམ་དུམ་གྱིས་ཕྱོགས་གསུམ་པའི་ཨར་ལས་རྩིས་སྤྲོད་ཞིབ་བཤེར་རྩིས་ལེན་ལས་ཀ་ལེགས་འགྲུབ་བྱུང་ནས་མཇུག་སྒྲིལ་བར་གྲ་སྒྲིག་བྱེད་པའི་དུས་རིམ་ལ་སླེབས་ཤིང་། ལས་གཉེར་བ་དག་གིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་ལོ་མཇུག་ཏུ་གཞུང་ལམ་ཤར་གཏོང་མངོན་འགྱུར་བྱ་རྒྱུ་རེད།

        རྒྱུས་ལོན་བྱུང་བ་ལྟར་ན། གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ལས་ལམ་གཞིའི་རྣམ་གྲངས95%དང་། ཟམ་པའི་རྣམ་གྲངས76%དང་།  ཕུག་ལམ་གྱི་རྣམ་གྲངས55%དང་། ལམ་ངོས་རྣམ་གྲངས26%བཅས་ལེགས་གྲུབ་བྱུང་ཡོད་པ་དང་།  གཞུང་ལམ་ཤར་གཏོང་མངོན་འགྱུར་བྱེད་པའི་དམིགས་འབེན་འགྲུབ་པར་གོམ་སྟབས་ཆེན་པོ་སྤོས་པ་རེད།

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ཀྱིས་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་དང་རྗེས་དྲན་ཞུས།
  • ལེ་ཚན་རྗེས་མ།:ཁྲེང་ཏུའུ་ནས་ཁྲུང་ཆིང་བར་གྱི་དབུས་ལམ་མྱུར་བགྲོད་ལྕགས་ལམ་སྐྲུན་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།