རྒྱལ་ཡོངས་ཀྱིས་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་དང་རྗེས་དྲན་ཞུས།

ནོར་བུས་བསྒྱུར།        2022-12-06

  ཉིན་ཤས་བསྟུད་མར་རྒྱལ་ཡོངས་ས་གནས་ཁག་གི་ལས་བྱེད་མང་ཚོགས་དང་དམག་ཡོངས་ཀྱི་དཔོན་དམག་ཚོས་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་ཟབ་མོ་ཞུས་པ་དང་བློ་མཐུན་ཅང་ཙེ་རྨིན་གྱི་འོད་སྟོང་འབར་བའི་མཛད་རྗེས་ལ་དྲན་གསོ་ཞུས་པ་རེད། ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱ་དགོས་པར་བསྟན།

   གསར་བརྗེའི་གནས་གཞི་རྙིང་པ་ནས་བསྒྱུར་བཅོས་སྒོ་འབྱེད་ཀྱི་བར་དང་། གངས་ལྗོངས་མཐོ་སྒང་ནས་པོ་ཧའེ་རྒྱ་མཚོའི་བར་དུ་བློ་མཐུན་ཅང་ཙེ་རྨིན་གྱི་ཏན་ཏན་ཏིག་ཏིག་དང་གསར་གཏོད་ཡར་བརྩོན་གྱི་མཛད་རྗེས་བཞག་ཡོད་པས། མི་རྣམས་ཀྱིས་བློ་མཐུན་ཅང་ཙེ་རྨིན་གྱི་རླབས་ཆེ་བའི་འོད་སྟོང་འབར་བའི་སྐུ་ཚེ་ཧྲིལ་པོར་རྗེས་དྲན་བྱེད་བཞིན་ཡོད།

   བློ་མཐུན་ཅང་ཙེ་རྨིན་ནི་ཀྲུང་དབྱང་གི་དབུ་ཁྲིད་ཚན་པ་རབས་གསུམ་པའི་སྲོག་ཤིང་ཡིན་ཞིང་། ཁོང་གིས་ཏང་གི་ཀྲུང་དབྱང་ཐུན་མོང་མགོ་ཁྲིད་ཀྱི་སྣེ་ཁྲིད་དེ་བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་འཛུགས་སྐྲུན་གྱི་གཙོ་གནད་མཐའ་འཁྱོངས་གནང་ཞིང་། བསྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་སྲུང་སྐྱོང་དང་། རང་རྒྱལ་གྱི་བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བཏོད་གནང་ཡོད།

   ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་སྤྱི་ཚོགས་ལས་རིགས་ཁག་གིས་བློ་མཐུན་ཅང་ཙེ་རྨིན་ལ་རྗེས་དྲན་ཟབ་མོ་ཞུས་ཤིང་། རྣམ་པ་སྣ་མང་གིས་གུས་བཀུར་དང་མྱ་ངན་ཞུས་ཡོད།

  • ལེ་ཚན་སྔོན་མ།:བློ་མཐུན་ཅང་ཙེ་རྨིན་གྱི་འདས་མཆོད་ཨུ་ཡོན་ལྷན་ཁང་གི་མིང་ཐོ།
  • ལེ་ཚན་རྗེས་མ།:གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།