དཀར་མཛེས་ཁུལ་ཏོག་གསར་གློ་ཚད་རིམས་ཚུལ་གྱི་འཕྲིན་གསར།

        2022-12-05

 སྤྱི་ཟླ12པའི་ཚེས3ཉིན་གྱི་ཆུ་ཚོད0ནས24བར། ཁུལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ཚུལ་གྱི་གནས་ཚུལ་གསར་ཤོས་གཤམ་གསལ།


     ནད་རྟགས་མེད་པའི་ནད་པ2གསར་དུ་བྱུང་ཞིང་། དེའི་ནང་བརྒྱད་ཟིལ་རྫོང་ལ1དང་། ལྕགས་ཟམ་རྫོང་ལ1ཡོད། ལོགས་བཀར་བཙན་བཅུན་ཁྲོད་དུ་ཧ་གོ་བ་དང་། ཕྱི་འབྲེལ་མེད་པར་གྲུ་ཤག་སྨན་ཁང་དུ་བསྐྱལ་ནས་ལོགས་སྡོད་གསོ་རིག་བརྟག་ཞིབ་བྱེད་བཞིན་ཡོད།

     ཉག་ཆུ་རྫོང་དུ་ཞིང་ཆེན་ཕྱི་ནས་ཡོང་བའིནད་རྟགས་མེད་པའི་ནད་པ1བྱུང་བ་དང་། སི་ཁྲོན་དུ་བསླེབས་མ་ཐག་པའི་བརྟག་བཤེར་ཁྲོད་དུ་ཧ་གོ་བ་དང་། ཕྱི་འབྲེལ་མེད་པར་གྲུ་ཤག་སྨན་ཁང་དུ་བསྐྱལ་ནས་ལོགས་སྡོད་གསོ་རིག་བརྟག་ཞིབ་བྱེད་བཞིན་ཡོད།

     ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་དེ་མ་ཐག་འཚུབ་བསྟུན་ཐག་གཅོད་བྱས་ཡོད། འབྲེལ་ཡོད་ཆ་འཕྲིན་རིམ་བཞིན་བསྒྲག་རྒྱུ་ཡིན་པས་གྲོང་ཁྱེར་པ་གྲོགས་པོ་རྒྱ་ཆེན་གྱིས་གཞུང་ཕྱོགས་འཕྲིན་ཕྲན་དུ་གནས་ཚུལ་སྤེལ་བར་དོ་ཁུར་གནང་རོགས།

     ད་ཆའི་རིམས་ཚུལ་འགོག་ཟོན་གནས་བབ་སྔར་བཞིན་ཛ་དྲག་པོ་ཡིན་པས། གྲོང་ཁྱེར་པ་གྲོགས་པོ་རྒྱ་ཆེན་གྱིས་རིམས་ཚུལ་འགོག་ཟོན་ལ་རྒྱབ་སྐྱོར་དང་རམ་འདེགས་ཧུར་ཐག་བྱ་རོགས། ཁ་ཤུབས་རྒྱག་པ་དང་། ལག་པ་རྒྱུན་དུ་འཁྲུད་པ། རླུང་ཁམས་ཡངས་སར་སྡོད་པ། འདུ་འཛོམས་མི་བྱེད་པ། རུབ་མི་རྒྱག་པ་སོགས་གོམས་གཤིས་བཟང་པོ་རྒྱུན་འཁྱོང་དགོས་པ་དང་། བདེ་ཐང་ཨང་རྟགས་བཤེར་པ་དང་སྟོན་པ། ཉིང་སྐྱུར་བརྟག་པ་སོགས་རིམས་ཚུལ་འགོག་ཟོན་བྱེད་ཐབས་ལ་རམ་འདེགས་བྱེད་རོགས། གལ་ཏེ་མགོ་ན་བ་དང་ཚ་བ་རྒྱག་པ། ལུ་སོབ་རྒྱག་པ། ཤུགས་མེད་པ་སོགས་ཀྱི་ནད་རྟགས་རྒྱུན་ལྡན་མིན་པ་འབྱུང་ཚེ། རང་ཉིད་འགོག་སྲུང་ཡག་པོ་བྱེད་པ་དང་ཆབས་ཅིག་ཐག་ཉེ་སའི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་སར་འགྲོ་རོགས།

     ནད་པའི་གནས་ཚུལ་ཞིབ་ཕྲ་འབྲེལ་ཡོད་རྫོང་གིས་བརྡ་ཁྱབ་གཏང་རྒྱུ་རེད།



ཡོང་ཁུངས། བདེ་ཐང་དཀར་མཛེས་ཁུལ་གྱི་འཕྲིན་སྟེགས།

ཐུབ་ཀྱིས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་བྱེད་ཐབས་གསུམ་སྤྱད་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་ཀར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།