ཉིང་སྐྱུར་བཤེར་འཇལ་ཐད་ཀྱི་པེ་ཅིང་གི་བྱ་ཐབས་གསར་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-12-07

པེ་ཅིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་གསར་པའི་དབང་གིས། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་སྒྲིག་གཞིའི་པར་གཞི་དགུ་པའི་སྔོན་འགོག་ཚོད་འཛིན་ཇུས་གཞི་དང་ལེགས་འགྱུར་བྱ་ཐབས་ཉི་ཤུ་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག པེ་ཅིང་གི་ཏོག་གསར་ནད་དུག་སྔོན་འགོག་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་རྒྱལ་ས་པེ་ཅིང་དུ་འཛུལ་བར་དོ་དམ་ནན་པོ་བྱེད་པའི་མཉམ་འགོག་མཉམ་སྡོམ་མཐུན་སྦྱོར་ལམ་སྲོལ་གཞུང་ལས་ཁང་གིས་སྤྱི་ལོ་2022ལོའི་ཟླ་12ཚེས་6ཉིན་ནས་བཟུང་། པེ་ཅིང་གྲོང་ཁྱེར་གྱི་ཉིང་སྐྱུར་བཤེར་འཇལ་ཐད་གཤམ་གསལ་གྱི་བྱ་ཐབས་ལག་ལེན་བསྟར་རྒྱུའི་གཏན་འབེབས་བྱས་པ་སྟེ། 

       གཅིག ཚོང་ཁང་དང་། ཚོང་དོན་ཐོག་ཁང་། དེ་བཞིན་སྤྱི་པའི་འདུ་གནས་སྣ་ཚོགས་སུ་སྐྱོད་སྐབས་ཉིང་སྐྱུར་བརྟག་འབྲས་སྲིབས་གཤིས་ཡིན་མིན་བཤེར་མི་དགོས་པར། ཨང་རྟགས་བཤེར་རྗེས་འཛུལ་ཆོག

       གཉིས། སྡེ་ཁུལ་དང་གྲོང་ཚོར་འཛུལ་སྐབས་ཉིང་སྐྱུར་བརྟག་འབྲས་སྲིབས་གཤིས་ཡིན་མིན་བཤེར་མི་དགོས་ལ། རྒྱུན་སྡོད་གྲོང་མིས་ཨང་རྟགས་མ་བཤེར་ནའང་འགྲིག

       གསུམ། དྲ་ཁང་དང་། ཨར་ཁང་། མིག་མངས་ཁང་། གླུ་གར་ཁང་། རླངས་ཁྲུས་ཁང་སོགས་དང་དེ་བཞིན་ཟ་ཁང་ནང་བཟའ་བཏུང་བྱེད་པ་དང་། ཁང་པའི་ནང་གི་ལུས་སྦྱོང་ཁང་སོགས་སུ་སྐྱོད་སྐབས་ངེས་པར་དུ་ཨང་རྟགས་བཤེར་དགོས་པ་མ་ཟད་ཆུ་ཚོད་48རིང་གི་ཉིང་སྐྱུར་བརྟག་འབྲས་སྲིབས་གཤིས་ཀྱི་དཔང་ཡིག་འདོན་དགོས། 

       བཞི། རྒན་གསོའི་ལས་ཁུངས་དང་། བྱིས་པའི་ཕན་བདེ་ལས་ཁུངས། བུ་བཅོལ་ཁང་། སློབ་གྲྭ་འབྲིང་ཆུང་། དེ་བཞིན་སྨན་བཅོས་ལས་ཁུངས་ཀྱི་ནད་སྡོད་ཁང་སོགས་སུ་སྐྱོད་སྐབས་ངེས་པར་དུ་ཨང་རྟགས་བཤེར་དགོས་པ་མ་ཟད། ཆུ་ཚོད་48རིང་གི་ཉིང་སྐྱུར་བརྟག་འབྲས་ཀྱང་སྲིབས་གཤིས་ཡིན་པའི་དཔང་ཡིག་འདོན་དགོས།

       ལྔ། ལས་ཁུངས་གཙོ་བོ་དང་བྱེད་སྒོ་གལ་ཆེན་སྐབས་དགོས་མཁོར་གཞིགས་ནས་ཉིང་སྐྱུར་བཤེར་འཇལ་གྱི་བྱེད་ཐབས་གཏན་ཁེལ་བྱ་དགོས། 

       དྲུག ཁུལ་ཁག་གིས་སྤྱི་ཚོགས་ངོས་སུ་མུ་མཐུད་རིན་མེད་ངང་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་ཞབས་ཞུ་སྒྲུབ་དགོས་པ་མ་ཟད། རྒྱུན་ཆད་མེད་པར་བཀོད་སྒྲིག་བྱེད་ནུས་ལེགས་སུ་བཏང་ནས་བརྟག་དཔྱད་བྱེད་འདོད་ཡོད་པའི་མང་ཚོགས་ལ་བརྟག་དཔྱད་བྱེད་པའི་དགོས་མཁོ་དང་རིམས་འགོག་ལས་དོན་གྱི་དགོས་མཁོ་སྐོང་རྒྱུར་སྟབས་བདེ་སྐྲུན་དགོས་པ་བཅས་ཡིན་པ་རེད། 

       གྲོང་མིས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ་དང་ཁ་རས་ཡག་པོ་རྒྱག་པ། རིམས་འགོག་སྨན་ཁབ་ཡག་པོ་རྒྱག་པ། དགོས་མེད་ཀྱི་འདུ་འཛོམས་ཉུང་དུ་གཏོང་རྒྱུ་བཅས་དར་སྤེལ་གཏོང་དགོས།

  • ལེ་ཚན་སྔོན་མ།:ཁྲེང་ཏུའུ་ནས་ཁྲུང་ཆིང་བར་གྱི་དབུས་ལམ་མྱུར་བགྲོད་ལྕགས་ལམ་སྐྲུན་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:ཁྱིམ་དུ་སྨན་རྫས་གྲབས་གསོག་བྱེད་དགོས་མིན་ཐད་ཆེད་མཁས་པས་ན་རེ།
  • དོ་སྣང་ཆེ་བའི་རྩོམ།