སློབ་གྲྭ་འདིས་རང་ཁུལ་གྱི་རིག་ལྡན་ཟ་ཁང་ཐོག་མ་བཙུགས་འདུག།

ཐུབ་ཀྱིས་བསྒྱུར།        2022-12-15

  སྤྱི་ཟླ12པའི་ཚེས13ཉིན་ལ། ཉག་ཆུ་རྫོང་སློབ་འབྲིང་གི་ཟ་ཁང་ནང་དུ། དགེ་སློབ་ཚོས་ཉག་ཆུ་རྫོང་ཞིང་ལས་དངུལ་ཁང་གིས་བཏོན་པའི་རིག་ལྡན་ཟ་ཁང་མ་ལག་ནས་ཟས་འབོད་དེ་ཟ་བཞིན་ཡོད། བཀོལ་སྣེ་འཕྲུལ་ཆས་ཀྱི་མདུན་དུ་ངོ་བཤེར་ན་སྐར་ཆ་གཅིག་ལ་འཛད་སྤྱོད་འགྲོ་ལུགས་ཚར་ཐུབ་ཡོད།ཉག་ཆུ་རྫོང་སློབ་འབྲིང་གི་རིག་ལྡན་སློབ་གྲྭའི་ལས་གཞི་སྟེ་རིག་ལྡན་ཟ་ཁང་དུས་རིམ་དང་པོ་དངོས་སུ་སྒོ་ཕྱེ་བ་རེད།

   ཀྲེ་ཅང་ཞིང་ཆེན་ཚོགས་པ་ཅན་གྱི་སློབ་གསོ་རོགས་སྐྱོར་ཤེས་ལྡན་མི་སྣ། ཧོང་ཀྲོའུ་ནས་མངགས་པའི་ཉག་ཆུ་རྫོང་སློབ་འབྲིང་གི་སློབ་གཙོ་ཀྲོའུ་ཧུང་ཅུན་གྱིས་ལས་གཞི་འདི་ནི་ཚོགས་པ་ཅན་གྱི་སློབ་གསོ་རོགས་སྐྱོར་སྤེལ་བ་ནས་བཟུང་། དཀར་མཛེས་ཁུལ་གྱི་རིག་ལྡན་སློབ་གྲྭའི་ལས་གཞི་ཐོག་མ་ཡིན་ལ། ཉག་ཆུ་རྫོང་གི་རིག་ལྡན་སློབ་གྲྭའི་ལས་གཞི་ཐོག་མ་ཡང་ཡིན་ཞིང་། ལས་གཞི་དེས་སློབ་གྲྭའི་ཨང་ཀི་ཅན་གྱི་དོ་དམ་ཆུ་ཚད་མཐོར་འདེགས་ཤིང་། ཉེན་མེད་སློབ་གྲྭ་འཛུགས་པའི་གཞི་སྟེགས་གལ་ཆེན་ཡང་ཡིན་ཞེས་བཤད་པ་རེད།

   སྤྱི་ཟླ8པ་ནས་ཉག་ཆུ་རྫོང་ཞིང་ལས་དངུལ་ཁང་དང་ཉག་ཆུ་རྫོང་སློབ་འབྲིང་བར་མཉམ་ལས་བྱས་ཏེ་རིག་ལྡན་སློབ་གྲྭ་འཛུགས་ཤུགས་ཆེ་རུ་བཏང་ཡོད། ཉག་ཆུ་རྫོང་ཞིང་ལས་དངུལ་ཁང་གི་འགན་འཁུར་བ་གཡུང་དྲུང་ལྷ་མོས་རིག་ལྡན་སློབ་གྲྭའི་ལས་གཞི་ནི་ཞིང་ལས་དངུལ་ཁང་གིས་ཡུལ་སྡེ་དར་རྒྱས་དང་ཚན་རིག་སློབ་གསོས་རྒྱལ་ཁབ་སྟོབས་ཆེན་གཏོང་བའི་འཐབ་ཇུས་ལ་རོགས་རམ་བྱེད་པའི་གཞི་འཛིན་ས་གལ་ཆེན་ཡིན་ཞིང་། ཉག་ཆུ་རྫོང་ཞིང་ལས་དངུལ་ཁང་གིས་ཉག་ཆུའི་སློབ་གསོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་སྟོབས་དང་ལྡན་པ་ཡང་ཡིན། ཉག་ཆུ་རྫོང་སློབ་འབྲིང་གིས་ ཉག་ཆུའི་རིག་ལྡན་སློབ་གྲྭ་ཉག་ཆུ་རྫོང་དང་ཐ་ན་དཀར་མཛེས་ཁུལ་གྱི་ཨང་ཀི་ཅན་གྱི་སློབ་གྲྭ་འཛུགས་པའི་ལས་གཞི་དཔེ་སྟོན་ས་སྐྲུན་ཐུབ་པའི་རེ་བ་ཡོད་ཅེས་བཤད་པ་རེད།

   ཉག་ཆུ་རྫོང་ཞིང་ལས་དངུལ་ཁང་གི་མགོ་གཙོ་གཞོན་པ་ཀུང་ཧྲེན་གྱིས་ ཉག་ཆུ་རྫོང་སློབ་འབྲིང་གི་རིག་ལྡན་སློབ་གྲྭའི་ལས་གཞི་ནི་ཀྲེ་ཅང་གི་རོགས་སྐྱོར་གྲུབ་འབྲས་གལ་ཆེན་གྱི་ཡ་གྱལ་ཞིག་ཡིན།ད་སྔར། ཐའེ་ཀྲོའུ་ཞིང་ལས་དངུལ་ཁང་དང་ཐའེ་ཀྲོའུ་ཡོན་ཚའོ་སོགས་གཅེས་སེམས་ལས་ཁུངས་དང་འབྲེལ་བ་བྱས་ནས་རི་མཚོ་ཐའེ་ཉག་གཅེས་སེམས་སློབ་སྐྱོར་ཐེབས་རྩ་བཙུགས་ནས་ཉག་ཆུའི་སློབ་འབྲིང་གི་སློབ་མ་ཚོར་འཛམ་གླིང་གི་མཐོང་རྒྱ་ཕྱེ་ཡོད་ཅེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:ཁུལ་མི་དམངས་འཐུས་ཚོགས་ཀྱིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:སི་ཁྲོན་གྱིས་བོད་འབྲེལ་ས་ཁུལ་དུ་བྱེད་སྒོ་འདི་སྤེལ་འགོ་བཙུགས་ཡོད།
  • དོ་སྣང་ཆེ་བའི་རྩོམ།