དཀར་མཛེས་ཁུལ་གྱི་མི་བཞིར་མཚན་སྙན་འདི་དག་ཐོབ་འདུག

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-12-08

ཉེ་ཆར། སི་ཁྲོན་ཞིང་ཨུད་དྲིལ་བསྒྲགས་པུའུ་དང་ཞིང་ཆེན་སྤྱི་བདེ་ཐིང་གིས《2022ལོ་འཁོར་མོའི་ཟི་ཁྲོན་ཞིང་ཆེན་ཡོངས་ཀྱི་གཞི་རིམ་མི་དམངས་ཉེན་རྟོག་པ་ཡག་ཤོས་དང་། ཉེན་དོན་གཞོགས་འདེགས་མི་སྣ་ཡག་ཤོས། ཉེན་རྟོག་པའི་ནང་མི་ཡག་ཤོས་བཅས་ཀྱི་སློབ་སྦྱོང་དྲིལ་བསྒྲགས་བྱེད་སྒོའི་སྐོར་གྱི་བརྡ་ཐོ》བཏང་བ་དང་། དཀར་མཛེས་ཁུལ་གྱི་བློ་མཐུན་ལིའུ་ཕེང་དང་ཆིན་ཞའོ་ཆང་གཉིས་སི་ཁྲོན་ཞིང་ཆེན་ཡོངས་ཀྱི་གཞི་རིམ་མི་དམངས་ཉེན་རྟོག་པ་ཡག་ཤོས་དང་། བློ་མཐུན་སྟོབས་ལྡན་སི་ཁྲོན་ཞིང་ཆེན་ཡོངས་ཀྱི་ཉེན་དོན་གཞོགས་འདེགས་མི་སྣ་ཡག་ཤོས། བློ་མཐུན་འཆི་མེད་རིག་འཛིན་སི་ཁྲོན་ཞིང་ཆེན་ཡོངས་ཀྱི་ཉེན་རྟོག་པའི་ནང་མི་ཡག་ཤོས་བཅས་ལ་བདམས་ཡོད་པ་རེད།

 

དཀར་མཛེས་ཁུལ་གྱི་མི་བཞིར་མཚན་སྙན་འདི་དག་ཐོབ་འདུག

 

གཞི་རིམ་མི་དམངས་ཉེན་རྟོག་པ་ཡག་ཤོས་ལིའུ་ཕེང་། 
 

       དཀོན་པ་ནི་དབྱང་རླུང་དང་། ལྡན་པ་ནི་ལྷག་བསམ་ཡིན་ཞེས་པ་འདི་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི་3980ཟིན་པའི་དཀར་མཛེས་རྫོང་སྤྱི་བདེ་ཅུས་ལ་རྩེ་ཁ་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་གྱང་ཐོག་བྲིས་པའི་བསླབ་སྡོམ་ཞིག་ཡིན་ལ། མི་རབས་གསུམ་གྱི་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་རྣམས་ཀྱི་སེམས་ལ་ངེས་པའི་བསམ་པའི་བྱང་ཚད་ཞིག་ཀྱང་ཡིན་པ་མ་ཟད། ད་ཆ་གངས་ལྗོངས་ས་མཐོར་རྒྱ་ཁྱབ་ངང་བརྒྱུད་སྤེལ་བྱེད་བཞིན་ཡོད། ལོ་དྲུག་ཉིན་གཅིག་ལྟར་ལས་གནས་བརྟན་སྲུང་བྱེད་པའི་ལེ་ཧྥུང་སུའོ་ཀྲང་ཞེས་འབོད་པའི་ཁོང་གིས་ལྷག་བསམ་དག་པའི་དམ་བཅའ་ལག་ལེན་བསྟར་བའི་རྒྱུན་འཛིན་པ་དང་དར་སྤེལ་གཏོང་མཁན་གྱི་སྣེ་ཁྲིད་དེ། རྒྱལ་ལམ་317ཐོག་གངས་ལྗོངས་སྲུང་དམག་གི་སྙན་འཇེབས་ལྡན་པའི་དམངས་གཅེས་ཀྱི་བརྩེ་བ་ཟབ་མོ་སྐྱོང་བཞིན་ཡོད། 

       ལོ་འདི་ཤར་བཟུང་། མི་དམངས་མང་ཚོགས་དང་ཐག་ཆེས་ཉེ་བའི་ལིའུ་ཕེང་ལ་སྔ་རྗེས་སུ་མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་ཐེངས་གཅིག་དང་། ལྔ་གཅིག་ངལ་རྩོལ་བྱ་དགའི་རྟགས་མ་ཐོབ་པ་མ་ཟད། ཁུལ་ཡོངས་ཀྱི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་ལང་ཚོའི་དཔེ་སྟོན་གྱི་ཕུལ་བྱུང་གཞོན་ནུར་བདམས་ཡོད། དེ་དང་ཆབས་ཅིག་ཉེན་རྟོག་ཞབས་ཞུའི་ས་ཚིགས་དེའང་དཀར་མཛེས་གཞོན་ནུའི་ལྔ་བཞིའི་བྱ་དགའི་རྟགས་མའི་མཉམ་སྡེབ་དང་གཟི་བརྗིད་ཐོ་འགོད་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་གསུམ་པར་ཡང་བདམས་ཐོན་བྱུང་ཡོད།
 

དཀར་མཛེས་ཁུལ་གྱི་མི་བཞིར་མཚན་སྙན་འདི་དག་ཐོབ་འདུག

 

གཞི་རིམ་མི་དམངས་ཉེན་རྟོག་པ་ཡག་ཤོས་ཆིན་ཞའོ་ཆང་། 
 

       སྤྱི་ལོ་2018ལོར་ཆིན་ཞའོ་ཆང་དཀར་མཛེས་ཁུལ་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་ཏུ་ཚུད་པ་དང་ནང་མི་ཚོའི་སྤོབས་པ་བྱ་ཡུལ་ཞིག་ཏུ་གྱུར་ཡོད། གཅིག་སྡུད་སྦྱོང་བརྡར་དཀའ་ངལ་ཆེ་རུང་ཆིན་ཞའོ་ཆང་གིས་སྦྱོང་བརྡར་གྱི་ལས་འགན་རེ་རེའི་ཁྲོད་མདོང་མཆོང་བྱེད་པ་དང་། སྤུས་ཚད་མཐོན་པོས་རང་ཉིད་ཀྱི་ལས་འགན་ལེགས་འགྲུབ་བྱེད་པ་དང་མཉམ་དུ་ལུས་སྟོབས་ཅུང་ཞན་པའི་འཐབ་གྲོགས་ཚོར་རོགས་རམ་གྱིས་ཁོང་ཚོར་སྣེ་ཁྲིད་དེ་གྲུབ་འབྲས་བརྩོན་ལེན་གནང་ཡོད། དེ་ལྟར་ཉིན་རེ་ནས་ཉིན་རེ་བཞིན་གཅིག་སྡུད་སྦྱོང་བརྡར་གང་ལེགས་སྦྱང་པ་དང་རིགས་གཞུང་རྩལ་སློབ་ཁོང་དུ་ཆུད་པ་བྱས་པས་སྦྱང་འབྲས་ཀྱང་མདུན་གྲལ་དུ་སླེབས་ཡོད། དཀོན་པ་ནི་དབྱང་རླུང་དང་། ལྡན་པ་ནི་ལྷག་བསམ་ཡིན་ཞེས་པའི་དཀར་མཛེས་སྤྱི་བདེའི་བསླབ་སྡོམ་དེའང་ཁོང་ནས་ཐུགས་ཐག་བཅད་དེ་ལག་ལེན་བསྟར་བའི་དད་སེམས་ཤིག་ཏུ་གྱུར་ཡོད། 

       སྤྱི་ཟླ་9པའི་ཚེས་5ཉིན་གྱི་ལྕགས་ཟམ་རྫོང་གི་ས་ཡོམ་ཁྲོད། ཁོང་གིས་ལག་གཉིས་ཀྱིས་ས་བརྐོ་རྡོ་སློག་བྱས་ནས། ཉེན་ཁའི་གནས་སུ་གྱར་བའི་མང་ཚོགས་3བསྐྱབས་ཡོད་མོད། རང་ཉིད་ཀྱི་ཨ་ཕ་དང་གཅུང་མོ་གཉིས་སྐྱོབ་ཐུབ་མེད། ཁུལ་སྤྱི་བདེ་ཅུས་ཀྱི་ཏང་ཨུད་དང་ཉིང་ལག་རུ་ཁག་གི་འགོ་ཁྲིད་ཀྱིས་གནས་ཚུལ་དེ་ཤེས་རྗེས། འཕྲལ་དུ་ཆིན་ཞའོ་ཆང་ཁྱིམ་དུ་འདས་མཆོད་བསྒྲུབ་པར་ལོག་བཏང་ཡོད། འོན་ཀྱང་གྲོང་ཚོར་སྐྱོད་སའི་ལམ་བུ་ཉིལ་བ་དང་ཨ་ཕ་དང་གཅུང་མོ་སྔར་བཞིན་རི་ཉིལ་བའི་འོག་ལུས་ཡོད་པས། ཆིན་ཞའོ་ཆང་གིས་གྲོང་སྣེར་ལངས་ནས་ཕ་ཡུལ་ལ་ཕྱོགས་པ་དང་པུས་མོ་སར་བཙུགས་ནས་རྐྱེན་ལམ་དུ་ཤོར་བའི་ནང་མིར་གུས་ཕྱག་ཕུལ་ཡོད། དེའི་རྗེས་ཁོང་ནས་ཨ་མས་བཅོལ་བའི་གཞན་སྲོག་སྐྱོབ་པའི་ཐུགས་རེ་མངོན་འགྱུར་བྱ་ཆེད་རོགས་སྐྱོབ་ཀྱི་འཐབ་རྩོད་ནང་ཞུགས་ཡོད། མིག་སྔར་ཁོང་གིས་རང་འགུལ་ངང་དུང་དཀར་ལུང་པ་ཡན་ལག་ཅུས་སུ་ལས་གནས་རེས་སྐོར་སློབ་སྦྱོང་བྱ་རྒྱུའི་རེ་ཞུ་ཕུལ་ཏེ་ཕ་ཡུལ་གྱི་གེགས་རྗེས་བསྐྱར་སྐྲུན་ལས་ལ་གཞོལ་བཞིན་ཡོད།

 

དཀར་མཛེས་ཁུལ་གྱི་མི་བཞིར་མཚན་སྙན་འདི་དག་ཐོབ་འདུག

ཉེན་དོན་གཞོགས་འདེགས་མི་སྣ་ཡག་ཤོས་སྟོབས་ལྡན།  
 

       ཕྲག་རྟགས་མི་འདྲ་ཡང་འགན་འཁྲི་གཅིག་མཚུངས་ཡིན། གཟུགས་རིང་ཚད་སྨི་1.73ཡོད་པའི་སྤྱི་ལོ་1990ལོའི་ཟླ་4པར་སྐྱེས་པའི་སྟོབས་ལྡན་ནི་དམག་ཞབས་ཐིམས་པའི་ས་སྐྱེས་རྡོ་སྐྱེས་ཀྱི་ས་གོང་ཤང་གི་མི་ཡིན། 2008ལོར་ལས་རོགས་ཉེན་རྟོག་པའི་ལས་དོན་ནང་ཞུགས་པ་ནས་བཟུང་། རང་འགུལ་ངང་ཕ་ཡུལ་ས་གོང་གི་མངགས་གཏོང་ཁང་དུ་ལས་ཀ་བསྒྲུབ་རྒྱུའི་རེ་བ་བཏོན་པ་དང་། དེ་སྔ་རྫོང་དེ་ཡོངས་ཀྱི་དམག་ཞབས་ཐིམས་པའི་དམག་མི་ཡག་ཤོས་དང་ཏོག་གསར་ནད་དུག་སྔོན་འགོག་སྔོན་ཐོན་མི་སྒེར་སོགས་ཀྱི་མཚན་སྙན་ཐོབ་མྱོང་ཡོད། སེམས་པ་བཟང་ལ་གཞན་ཕན་སྒྲུབ་པར་དགའ་བ་སྟེ། ལོ་14རིང་ཐོག་མཐའ་བར་གསུམ་དུ་ཡུལ་མི་རྣམས་ལ་ཞབས་འདེགས་ཞུ་སེམས་བརྟན་པོ་འཆང་ནས། མི་དམངས་ལ་ཞབས་འདེགས་ཞུ་བ་སེམས་ལ་བརྟན་པོར་ངེས་ཐོག ཁོང་དང་ཁོངས་གཏོགས་ཀྱི་མི་ཧྲེང་རྒན་རྒོན་གཡང་དྲུང་དབར་བརྩེ་བ་ཟབ་པའི་གཏམ་རྒྱུད་དེ་ཀུན་གྱིས་བསྔགས་བརྗོད་བྱེད་པའི་གཏམ་བཟང་ཞིག་ཏུ་གྱུར་ཡོད། 

       ཁོང་གིས། སྟོབས་ལྡན་ནི་ཨ་ཕས་ང་རང་ལ་བཏགས་པའི་མིང་ཞིག་རེད། སླད་ཕྱིན་ཨ་ཕས་རང་ཉིད་ལ་དཀའ་ངལ་དང་བར་ཆད་གང་འདྲ་ཞིག་འཕྲད་རུང་ཐོག་མཐའ་བར་གསུམ་དུ་སྒྲོན་མེ་ཞིག་དང་འདྲ་བར་རང་ཉིད་ཀྱི་འབད་བརྩོན་ཁ་ཕྱོགས་གསལ་བར་བྱེད་དགོས་པ་མ་ཟད། མི་གཞན་ལ་ཕན་པ་འདོགས་རྒྱུའི་རེ་བ་བཅངས་གནང་ཡོད། རང་ཉིད་ལ་ཡུལ་མི་ཚོས་གློག་སྒྲོན་སྤར་མཁན་ཞེས་ཀྱང་བརྗོད་ཀྱི་ཡོད་ཅེས་གསུངས་པ་རེད

 

དཀར་མཛེས་ཁུལ་གྱི་མི་བཞིར་མཚན་སྙན་འདི་དག་ཐོབ་འདུག

ཉེན་རྟོག་པའི་ཁྱིམ་མི་ཡག་ཤོས་འཆི་མེད་རིག་འཛིན། 
 

       འཆི་མེད་རིག་འཛིན། སྐྱེས་པ། 1966ལོའི་ཟླ་10པའི་ཚེས་1ཉིན་སྐྱེས། དཀར་མཛེས་ཁུལ་དཔལ་ཡུལ་རྫོང་ནས་ཡིན་ཞིང་། 1985ལོའི་ཟླ་10ཚེས་28ཉིན་དམག་དཔུང་ནང་ཞུགས། 1988ལོར་འཆི་མེད་རིག་འཛིན་གྱིས་ཀྲུང་དབྱང་དམག་ཨུད་ཀྱི་འབོད་སྐུལ་དང་ལེན་ལེགས་ཞུས་ནས། ལའོ་ཧྲན་གཡུལ་སར་བསྐྱོད་པ་དང་ཝེ་ཐེ་ནམ་ལ་རང་སྲུང་རྒོལ་ལན་སྤྲོད་པའི་དམག་འཐབ་ནང་ཞུགས། མའོ་ཨེར་ཕུག་ཏུ་སྡོད་སྲུང་གིས་དགྲ་བོའི་གནས་ཚུལ་ལ་བརྟག་དཔྱད་བྱེད་དུས། འཆི་མེད་རིག་འཛིན་ལ་རྨས་སྐྱོན་ཕོགས་པ་དང་དེའི་དབང་གིས་ཁོང་གི་དཔུང་པར་གཅོང་ནད་བཞག་པ་དང་། མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་ཐོབ་ཡོད། ཁོང་གི་དམག་འཁྲུག་ལ་ཞུམ་པ་མེད་པ་དང་། ལེགས་སྐྱེས་འབུལ་ཕོད་པ། དཀའ་སྡུག་བཟོད་ཕོད་པ་བཅས་ཀྱི་དམག་མི་རྒན་གྲས་ཀྱི་སྙིང་སྟོབས་ཀྱིས་ཁོང་གི་བུ་རྒན་པ་འཆི་མེད་ཚེ་རིང་དཔལ་ཡུལ་རྫོང་ཡ་ཆེན་མངགས་གཏོང་ཁང་གི་ལས་རོགས་ཉེན་རྟོག་པའི་ལམ་བུར་ཁྲིད་སྟོན་བྱེད་བཞིན་ཡོད་པ་རེད། 

  • ལེ་ཚན་སྔོན་མ།:ཁྱིམ་དུ་སྨན་རྫས་གྲབས་གསོག་བྱེད་དགོས་མིན་ཐད་ཆེད་མཁས་པས་ན་རེ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།