ཐོན་སྐྱེད་དང་ལས་གནས་སླར་གསོའི་ཐད་དྲན་སྐུལ་6བཏོན་འདུག

    མི་དམངས་དྲ་བ།    2022-12-22

ཟླ་12ཚེས་18ཉིན་གྱི་ཕྱི་དྲོར། པེ་ཅིང་གིས་ནུས་ཤུགས་ཡོད་རྒུས་ཁེ་ལས་ཀྱིས་བསྐྱར་དུ་ལས་འགོ་འཛུགས་རྒྱུར་སྐུལ་འདེད་བཏང་ནས“སླར་གསོ་བྱེད་དགོས་ན་སླར་གསོ་བྱེད་པ”མངོན་འགྱུར་ཡོང་བ་ཁྱབ་བསྒྲགས་བྱས་པ་དང་། མི་མང་པོ་དང་དེ་བཞིན་ཏོག་གསར་ནད་དུག་ཕོག་མཁན་མི་ཉུང་བ་ཞིག་དྲག་སྐྱེད་བྱུང་རྗེས་གཅིག་རྗེས་གཉིས་མཐུད་ངང་ལས་གནས་སུ་ཕྱིར་ལོག་པས་བདེ་འཇགས་ངང་ལས་གནས་སུ་ཇི་ལྟར་ཕྱིར་ལོག་དགོས་སམ། པེ་ཅིང་གི་ནད་ཡམས་ཚོད་འཛིན་གྱིས་ཕྱོགས་དྲུག་གི་ཐད་ནས་གང་འདྲ་བྱས་ཏེ་བདེ་འཇགས་ངང་ལས་ཀ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།
     གཅིག ཁ་རས་རྒྱག་རྒྱུ་རྒྱུན་འཁྱོངས་བྱ་དགོས།
     ལས་ཀར་འགྲོ་བའི་ལམ་བར་དུ་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་དམ་ཡང་ན་སྒམ་དབྱིབས་གློག་སྐས་ལ་སྡོད་སྐབས། ཚང་མས་ཁ་རས་ཚད་ལྡན་རྒྱག་དགོས།
     གཞུང་དོན་སྒྲུབ་ཡུལ་དུ་ཚན་རིག་དང་མཐུན་པའི་ངང་ཁ་རས་རྒྱག་རྒྱུ་རྒྱུན་འཁྱོངས་བྱས་ནས། ཁ་རས་ལག་ཏུ་འཁྱེར་ནས་མི་ཚོགས་དང་གནས་མི་འདྲ་བར་གཞིགས་ཏེ་འོས་འཚམ་གྱི་ཁ་རས་རྒྱག་དགོས། 
     གཉིས། གཞུང་དོན་སྒྲུབ་སའི་མཁའ་རླུང་འགྲོ་རྒྱུག་རྒྱུན་འཁྱོངས་བྱ་དགོས།
     སྔོན་ལ་སྒེའུ་ཁུང་ཕྱེ་ནས་རང་བྱུང་རླུང་རྒྱུག་ཏུ་འཇུག་དགོས། ཆ་རྐྱེན་ཡོད་ན་རླངས་ཕུད་རླུང་འཁོར་སོགས་དབུགས་འཐེན་སྒྲིག་ཆས་ཁ་ཕྱེ་ནས་ཁང་བའི་ནང་གི་མཁའ་དབུགས་འཁོར་སྐྱོད་ལ་ཤུགས་སྣོན་བྱ་དགོས། དྲོད་གྲང་སྙོམས་སྒྲིག་འཕྲུལ་ཆས་བེད་སྤྱོད་མ་བྱས་གོང་གཙང་འཁྲུད་དང་དུག་སེལ་བྱེད་རྒྱུར་ཤུགས་རྒྱག་དགོས་པ་དང་། དྲོད་གྲང་སྙོམས་སྒྲིག་འཕྲུལ་ཆས་ཀྱི་རླུང་རྒྱུག་མ་ལག་སྤྱོད་སྐབས། ཁང་པའི་ནང་གི་རླུང་ཚད་དེ་འཕྲོད་བསྟེན་གྱི་ཚད་གཞིའི་ཚད་ལ་སླེབས་ཐུབ་པ་བྱ་དགོས། འོན་ཀྱང་དུས་ཚོད་གཏན་འཁེལ་ནང་ཕྱིའི་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་རྒྱུར་ཤུགས་སྣོན་རྒྱག་དགོས།
     གསུམ། མི་སྒེར་གྱི་འཕྲོད་བསྟེན་མཐའ་འཁྱོངས་བྱས་ནས་ལག་པ་ཡང་ཡང་འཁྲུ་དགོས།
     ལས་ཀ་བྱ་ཡུལ་དུ་སླེབས་རྗེས་སྔོན་ལ་ལག་པ་འཁྲུ་དགོས་པ་དང་། ལས་ཀ་བྱེད་རིང་མྱུར་སྐྱེལ་ལ་ཐུག་པ་དང་། གད་སྙིགས་གཙང་བཤེར། ཟ་མ་མ་ཟོས་གོང་དང་གསང་སྤྱོད་ཁང་སོང་རྗེས་ཀྱི་གནས་ཚུལ་འོག དུས་ཐོག་ཏུ་ལག་པ་འཁྲུ་བའམ་ཡང་ན་ལག་པར་དུག་སེལ་བྱ་དགོས། གཙང་མ་མ་བྱས་པའི་ལག་པས་མཆུ་དང་། མིག སྣ་བཅས་ལ་རེག་མི་རུང་། 
     རང་ཁྱིམ་དུ་ལོག་རྗེས་ངེས་པར་དུ་སྔོན་ལ་ལག་པ་འཁྲུ་དགོས།
     བཞི། ཁོར་ཡུག་གི་གཙང་སྦྲ་རྒྱུན་འཁྱོངས་བྱ་དགོས།
     ཁོར་ཡུག་གི་གཙང་སྦྲ་རྒྱུན་འཁྱོངས་བྱས་ནས་དུས་ཐོག་ཏུ་གད་སྙིགས་གཙང་སེལ་བྱ་དགོས།
     གློག་སྐས་ཀྱི་མཐེབ་གནོན་དང་། ཁཱ་ཐོ་འཕྲུལ་ཆས། གཞུང་ལས་ཁང་གི་སྒྲོག་ཙེ། ཚོགས་ཁང་གི་སྒྲོག་རྩེ། སྐད་སྦུག་དང་སྒོའི་འཇུ་ས་སོགས་སྤྱི་སྤྱོད་དངོས་རྫས་སམ་ཡང་ན་གནས་སར་གཙང་སྦྲ་དང་དུག་སེལ་བྱ་དགོས། ཆང་བཅུད་དམ་ཁིལ་འདྲེས་དུག་སེལ་གཤེར་ཁུས་ཕྱིས་ན་ཆོག
     ལྔ། བདེ་འཇགས་ངང་བཟའ་འཐུང་བྱ་དགོས།
     ལས་བཟོའི་ཟ་ཁང་དུ་མི་མང་འདུ་འཛོམས་ལ་གཡོལ་དགོས་པ་དང་། ཟ་སྣོད་འཐུང་ཆས་མི་གཅིག་རེར་སྤྱོད་ཅིང་དུག་སེལ་གང་ཐུབ་བྱེད་དགོས། ཟ་མ་ཉོས་ན་ལག་པའི་གཙང་སྦྲར་མཉམ་འཇོག་དགོས། བདེ་འཇགས་ཀྱི་སྤྱི་ཚོགས་འབྲེལ་བའི་བར་ཐག་རྒྱུན་འཁྱོངས་བྱ་དགོས། ཟ་མ་ཟ་སྐབས་ཁ་ཐོར་དུ་སྡོད་པ་དང་། འདུ་འཛོམས་མི་བྱེད་པ་དང་ཁ་བརྡ་མི་བྱེད་པ། ངོ་ཐུག་གདོང་ཐུག་ཏུ་ཟས་ཟ་བར་གཡོལ་དགོས།
     དྲུག དྲག་སྐྱེད་བྱུང་རྗེས་ཀྱང་འགོག་སྲུང་ཡག་པོ་བྱ་དགོས།
     མིག་སྔར་དགུན་དུས་དབུགས་ལམ་གྱི་འགོས་ནད་ཕོག་མང་བའི་དུས་སུ་སླེབས་ཡོད། ཏོག་གསར་ནད་དུག་ཕུད་ད་དུང་འགོས་ནད་གཞན་པ་ཡོད།
     ཏོག་གསར་ནད་དྲག་སྐྱེད་བྱུང་རྗེས་སྔར་བཞིན་དབུགས་ལམ་འགོག་སྲུང་ཡག་པོ་བྱེད་དགོས་པ་ལས། སྔོན་འགོག་ཚོད་འཛིན་གྱི་ཚད་གཞི་དམའ་རུ་གཏོང་མི་རུང་། ཕྱིར་ལས་གནས་སུ་ལོག་རྗེས་མི་མང་བའི་སྤྱི་པའི་ཚོགས་རར་ཁ་རས་བརྒྱབ་ནས། ལག་པའི་གཙང་སྦྲ་དང་། གློ་ལུ་བ། ཧབ་སྦྲིད་རྒྱག་པ་སོགས་ཀྱི་གུས་སྲོལ་མཉམ་འཇོག་བྱ་དགོས།

  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུས་རྒྱས་འཛོམས་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:ཤུགས་སྣོན་རིམས་ཐར་འགོག་ཁབ་ཐེངས་2པ་རྒྱག་ཐབས་ཡོངས་བསྒྲགས་བྱས་འདུག
  • དོ་སྣང་ཆེ་བའི་རྩོམ།