རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དེང་རབས་ཟོག་འགྲེམས་གོང་འཕེལ་གྱི་འཆར་འགོད་ཅེས་པ་པར་འགྲེམས་བྱས་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-12-20

ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དེང་རབས་ཟོག་འགྲེམས་གོང་འཕེལ་གྱི་འཆར་འགོད་ཅེས་པ་པར་འགྲེམས་བྱས་ཤིང་། འཆར་འགོད་དེ་ནི་རང་རྒྱལ་གྱི་དེང་རབས་ཟོག་འགྲེམས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་རིམ་པའི་ལོ་ལྔ་ཚན་གྱི་འཆར་འགོད་ཐོག་མ་དེ་ཡིན་པ་རེད།
འཆར་འགོད་ནང་། སྤྱི་ལོ་2025ལོར་སླེབས་སྐབས་མཁོ་སྤྲོད་འཚམ་མཐུན་དང་། ཕྱི་ནང་འབྲེལ་མཐུད། བདེ་འཇགས་ནུས་ཆེ། རིག་ནུས་སྦགས་མེད་བཅས་ཀྱི་དེང་རབས་ཟོག་འགྲེམས་མ་ལག་ཅིག་གཞི་རྩའི་ཆ་ནས་བསྐྲུན་ཐུབ་པ་བྱ་རྒྱུ་དང་། ཟོག་འགྲེམས་གསར་གཏོད་འཕེལ་རྒྱས་ཀྱི་ནུས་པ་དང་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་རྒྱུ། ཟོག་འགྲེམས་ཞབས་ཞུའི་སྤུས་ཚད་དང་ལས་ཕྱོད་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུ། བགྲོད་ལམ་དང་། ལྟེ་བ། དྲ་རྒྱ་བཅས་ཟུང་དུ་འབྲེལ་བའི་འཁོར་སྐྱོད་མ་ལག་གཞི་རྩའི་ཆ་ནས་གྲུབ་རྒྱུ། བདེ་འཇགས་དང་སྦགས་མེད་གོང་འཕེལ་གྱི་ཆུ་ཚད་ཆེས་ཆེར་མཐོ་རུ་གཏོང་རྒྱུ། དེང་རབས་ཟོག་འགྲེམས་འཕེལ་རྒྱས་ལམ་ལུགས་ཀྱི་ཁོར་ཡུག་སྔར་བས་འཐུས་ཚང་དུ་གཏོང་རྒྱུ་བཅས་ཡིན་པ་རེད། སྤྱི་ལོ་2035ལོར་རྒྱང་ལྟ་བྱས་ཚེ། དེང་རབས་ཀྱི་ཟོག་འགྲེམས་མ་ལག་དེ་བས་འཐུས་ཚང་དུ་ཕྱིན་ནས་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་ཟོག་འགྲེམས་ཁེ་ལས་རྩེ་གྲ་འཚར་ལོངས་དང་སྟོབས་ཆེར་ཕྱིན་པ་དང་། གོ་ལ་ཧྲིལ་པོར་ཤར་གཏོང་ཐུབ་པའི་ཟོག་འགྲེམས་ཞབས་ཞུའི་དྲ་རྒྱ་དེ་བས་འཐུས་ཚང་དུ་ཕྱིན་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་དངོས་གཞིའི་དཔལ་འབྱོར་སྤུས་མཐོའི་འཕེལ་རྒྱས་ལ་འདེགས་སྐྱོར་དང་སྣེ་ཁྲིད་དེ་བས་ནུས་ལྡན་ཐུབ་པ་བྱ་དགོས་ཞེས་ཁ་གསལ་བཏོན་ཡོད།

  • ལེ་ཚན་སྔོན་མ།:ཏོག་གསར་ནད་ལས་དྲག་སྐྱེད་བྱུང་རྗེས་ཁྱིམ་དུ་འདི་ལྟར་བྱེད་མི་རུང་།
  • ལེ་ཚན་རྗེས་མ།:ཤུགས་སྣོན་རིམས་ཐར་འགོག་ཁབ་ཐེངས་2པ་རྒྱག་ཐབས་ཡོངས་བསྒྲགས་བྱས་འདུག
  • དོ་སྣང་ཆེ་བའི་རྩོམ།