ལི་ཐང་རྫོང་ཧོར་རྙིང་ཡུལ་ཤོག་གིས་རྩྭ་ཐང་སྲུང་སྐྱོང་དང་མེ་ཟོན་ནན་པོ་བྱས།

        2022-12-21

སྤྱི་ཟླ12པའི་ཚེས9ཉིན་ལི་ཐང་རྫོང་ཧོར་རྙིང་ཡུལ་ཤོག་གིས་ནགས་སྲུང་བ21དང་ཏང་ཡོན་ཞབས་ཞུ་བ་སྒྲིག་འཛུགས་བྱས་ནས་འཕྲུལ་རྟ11ལ་བསྡད་དེ་གླིང་སྐོར་གྲོང་སྡེ་དང་ཧོ་ར་སྙིང་པ་གྲོང་སྡེ། ལྔ་བཅུ་གྲོང་སྡེར་གཅིག་སྡུད་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་ཟོན་རི་སྐོར་བྱ་སྤྱོད་སྤེལ་བ་རེད།

དགུན་ཁ་ཤར་བ་ནས་བཟུང་ཧོར་རྙིང་ཡུལ་ཤོག་གིས་གཙོ་གནད་ཁུལ་དང་།གཙོ་གནད་དུས་སྐབས།གཙོ་གནད་མི་ཚོགས་བཅས་ལ་དམ་པོར་དམིགས་ཏེ་རྒྱུན་གཏན་དུ་སྐོར་གཡེང་བྱེད་པ་དང་མེ་ཟོན་གྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས“དུ་བ་མི་ཐོན་པ་དང་།མེ་མི་ཐོན་པ།གནས་ཚུལ་མི་ཐོན་པ”བཅས་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་མི་སེར་ཚོས་རང་རྟོགས་ངང་མེ་སྐྱོན་དང་ཉེན་ཁ་མི་ཐོན་པའི་རྐྱེན་ངན་དོགས་ཟོན་བྱས་ནས་རང་རྟོགས་ངང་ནགས་ཚལ་འགོག་སྲུང་ལས་དོན་ནང་ཞུགས་ཏེ་དུས་བདེའི་སྙེ་འབྲས་ཐུན་མོང་ཐོག་བསྐྲུན་དགོས་པའི་ཁྲིད་སྟོན་བྱས་པ་རེད།

  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་གྱིས་བོད་འབྲེལ་ས་ཁུལ་དུ“སྤེལ་བ་བཞིའི”བྱེད་སྒོ་སྤེལ་འགོ་བཙུགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།