མི་དམངས་དྲ་བ། 2022-12-22
གཅིག ཏོག་གསར་ནད་དུག་འགོས་རྗེས། སྨན་ཁང་དུ་སྨན་པར་བསྟེན་འགྲོ་དགོས་མིན་ཇི་ལྟར་བརྡར་ཤ་གཅོད་དགོས་སམ།
སྤྱིར་བཏང་དུ། ང་ཚོས་གཤམ་གྱི་ཕྱོགས་གསུམ་ནས་སྨན་ཁང་དུ་སྨན་པར་བསྟེན་འགྲོ་དགོས་མིན་བརྟག་ཆོག། ཐེངས་འདིའི་ཨའོ་སྨི་ཁེ་རོང་གི་ནད་པ་མང་ཤོས་ཀྱི་ནད་གཞི་ཡང་མོ་ཡིན་པས་མང་ཤོས་ཁྱིམ་དུ་ནད་གསོས་པས་ཆོག། གལ་ཏེ་ནད་པ་ལ་དབུགས་འགག་པ་དང་། དབུགས་འཚང་བ། ཁྲག་དབྱང་ལོངས་ཚད་བརྟག་དཔྱད་བྱས་འབྲས93%ལས་དམའ་བའི་གནས་ཚུལ་བྱུང་ན་སྨན་ཁང་དུ་སྨན་པར་བསྟེན་འགྲོ་དགོས།
གཉིས། ཚ་བ་ཚབས་ཆེ་མིན་དབྱེ་བ་ཇི་ལྟར་འབྱེད་དགོས། ཉིན3ལ་བསྟུད་མར་ཚ་བ་བརྒྱབ་ན་སྨན་ཁང་དུ་སྨན་པར་བསྟེན་འགྲོ་དགོས་སམ།
ཚ་བ་རྒྱག་པ་དེ་ཏོག་གསར་ནད་དུག་གི་ནད་རྟགས་གཙོ་བོ་ཞིག་ཡིན་མོད། ལུས་པོའི་དྲོད་ཚད་ཐོག་ནས་ནད་ཡང་ལྕི་མཐའ་གཅིག་ཏུ་མཚོན་ཐུབ་ཀྱི་མེད་པས། ཚ་བའི་ཞོར་གཏོགས་ནད་རྟགས་ལ་ལྟ་དགོས། ཚ་བ་རྒྱག་པ་དང་མཉམ་དུ་དབུགས་འཚང་བ་སོགས་ཀྱི་ནད་རྟགས་ཐོན་ཚེ་སྨན་ཁང་དུ་འགྲོ་དགོས། ནད་པ་མང་ཤོས་ཉིན་གསུམ་ནང་ཚ་འཇགས་པ་ཡིན། ཉིན་གསུམ་ནང་འཇགས་པའི་སྣང་ཚུལ་ཡོད་ཚེ་མུ་མཐུད་ཁྱིམ་དུ་ནད་གསོས་ཆོག། འོན་ཀྱང་། ལུས་དྲོད38℃ལས་བརྒལ་ཞིང་། ཉིན་གསུམ་ལ་བསྟུད་མར་དྲག་སྐྱེད་མེད་པའམ་ནད་རྟགས་ཚབས་ཆེ་རུ་ཕྱིན་ཚེ་སྨན་ཁང་དུ་ཕྱིན་ནས་སྨན་པར་བསྟེན་དགོས།
གསུམ། ཏོག་གསར་ནད་པ་དྲག་སྐྱེད་བྱུང་ནས་དུས་ཡུན་ཅི་ཙམ་འགོར་ན་སྣོམ་ཚོར་དང་རོ་ཚོར་སླར་གསོ་ཐུབ་བམ།
སྣོམ་ཚོར་དང་རོ་ཚོར་ཉམས་པ་ནི་དབུགས་ལམ་ལ་ནད་དུག་འགོས་པའི་དམིགས་བསལ་རང་བཞིན་གྱི་འགྱུར་ལྡོག་ཞིག་ཡིན། ནད་པ་མང་ཆེ་བ་གཟའ་འཁོར་གཅིག་ཙམ་ནང་སླར་གསོ་ཐུབ་ཀྱི་ཡོད། འདི་ཡང་ཏོག་གསར་ནད་ཁོ་ནའི་ནད་རྟགས་མ་ཡིན་པར་དབུགས་ལམ་ལ་ནད་དུག་གཞན་འགོས་པ་ལའང་ཡོད་པ་ཞིག་ཡིན་པས་ཚང་མ་དངངས་སྐྲག་ལངས་མི་དགོས།
བཞི། གདོད་འགོག་སྲིབས་གཤིས་སུ་གྱུར་རྗེས་མི་གཞན་ལ་འགོ་སྲིད་དམ།
གདོད་འགོག་བརྟག་དཔྱད་ནི་བལྟོས་བཅས་ཀྱི་བརྟག་ཐབས་ཤིག་ཡིན་པ་ལས་མཐའ་གཅིག་ཏུ་ཡང་དག་པས་མི་ཁྱབ། གདོད་འགོག་སྲིབས་གཤིས་སུ་གྱུར་ཚེ་འགོས་ཤུགས་ཧ་ཅང་ཆུང་བས་ཚང་མ་བློ་བདེ་བོ་གནང་ཆོག།
ལྔ། དྲག་སྐྱེད་བྱུང་རྗེས་གདོད་འགོག་ཉིང་སྐྱུར་ཡང་བསྐྱར་གདགས་གཤིས་སུ་འགྱུར་སྲིད་དམ། “ཡང་བསྐྱར་གདགསགཤིས་སུ་གྱུར་བའི”རྒྱུ་མཚན་ཅི་ཡིན་ནམ།
ང་ཚོས་རྒྱུན་དུ་བཤད་པའི་“ཡང་བསྐྱར་གདགས་གཤིས་སུ་འགྱུར་བ”ཞེས་པ་ལ་གནས་ཚུལ་རིགས་གཉིས་ཡོད། གཅིག་ནི་ཏོག་གསར་ནད་དུག་ཐེངས་གཅིག་ལ་འགོས་རྗེས་ཡང་བསྐྱར་འགོས་པ་ཡིན་ཞིང་། འདི་རིགས་འབྱུང་ཧ་ཅང་དཀོན་པ་དང་། ལྷག་པར་དུ་མིག་སྔར་ཁྱབ་པའི་དུག་སྡོང་ལ་མཚོན་ན་ཐེངས་གཅིག་ལ་འགོས་རྗེས་ཟླ3ནས6ནང་ཡང་བསྐྱར་གདགས་གཤིས་སུ་འགྱུར་བའི་སྲིད་ཕྱོད་ཤིན་ཏུ་ཆུང་བ་ཡིན། གཞན་ཡང་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབས་གཤིས་སུ་གྱུར་རྗེས། སླར་བརྟག་དཔྱད་བྱེད་སྐབས་གདགས་གཤིས་འགྱུར་བ་ཡིན། འདི་རིགས་ཡང་བསྐྱར་ནད་དུག་ཕོག་པ་མ་ཡིན་ཏེ། ལུས་སུ་ནད་དུག་གི་ཉིང་སྐྱུར་ལྷག་མ་ལུས་ཡོད་པ་ཉིང་སྐྱུར་བརྟག་དཔྱད་ལས་མངོན་པ་ཡིན་ལ། དེ་རིགས་ལ་འགོས་མཆེད་རང་བཞིན་མི་ལྡན་པས་ཚང་མ་དངངས་སྐྲག་ལངས་མི་དགོས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10