ཞི་ཅིན་ཕིང་གིས“ཨ་རབ་སྒྱུ་རྩལ་དུས་ཆེན”སྐབས་ལྔ་པ་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་པ།

ནོར་བུས་བསྒྱུར།        2022-12-22

   ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་གཉིས་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་མཛའ་གྲོགས་ཡིན་ཞིང་། གནའ་བོའི་དར་གོས་ལམ་བུ་བཏོད་པ་ནས“རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པའི་བར་དུ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་གཉིས་ཀྱིས་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་པ་དང་། མི་རིག་སྤེལ་རེས་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ཅེས་བསྟན་གནང་ཡོད།

   ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་པོས་སྐབས་འདིའི“ཨ་རབ་སྒྱུ་རྩལ་དུས་ཆེན”གོ་སྐབས་སུ་བྱས་ཏེ་སྐབས་དང་པོའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་པ་དང་། དར་གོས་ལམ་བུའི་སྙིང་སྟོབས་དར་སྤེལ་གཏོང་བ། སྲོལ་རྒྱུན་གྱི་མཛའ་གྲོགས་སྔར་ལས་ལྷག་པ། མི་རིག་སྤེལ་རེས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཀྲུང་གོ་དང་ཨ་རབ་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བར་རྒྱུན་སྲིང་གི་སྐུལ་འདེད་གཏོང་ཤུགས་བསྣན་པ་དང་། དུས་རབས་གསར་པར་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་ཆེད་སྟོབས་ཤུགས་དང་ལེགས་སྐྱེས་འབུལ་བའི་རེ་བ་ཡོད་ཅེས་ནན་གསུང་གནང་བ་རེད།

  “ཨ་རབ་སྒྱུ་རྩལ་དུས་ཆེན”སྐབས་ལྔ་པ་དེ་ཉིན་ཅང་ཞི་ཞིང་ཆེན་ཅིང་ཏེ་ཀྲེན་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། རིག་གནས་དང་ཡུལ་སྐོར་པུའུ་དང་། ཕྱི་འབྲེལ་པུའུ། ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་། ཨ་རབ་རྒྱལ་ཁབ་མནའ་འབྲེལ་དྲུང་ཡིག་ཁྲུའུ་བཅས་ཀྱིས་མཉམ་དུ་གཉེར་བ་རེད།

  • ལེ་ཚན་སྔོན་མ།:ཏོག་གསར་ནད་པ་ཁྱིམ་སྡོད་སྨན་བཅོས་སྐོར་གྱི་དྲིས་ལན་ལྔ།
  • ལེ་ཚན་རྗེས་མ།:ཀུན་གྱིས་དོ་ཁུར་ཆེ་བའི་རིམས་ནད་སྐོར་གྱི་དྲིས་ལན་ཚ་ཤོས།
  • དོ་སྣང་ཆེ་བའི་རྩོམ།