བདེ་དྲོད་ཀྱི་རིམས་འགོག་འགོག་སྲུང་གི་སྨན་ཁུ་འགྱིག་ཁུག་རེ་རེས་མི་སེམས་ལ་བདེ་དྲོད་སྟེར།

ཡེ་མགོན་གྱིས་བསྒྱུར།        2022-12-26

“ཐེངས་རེར་ཁུག་མ་རེ། ཉིན་གཅིག་ལ་ཐེངས་གཉིས་རེ་འཐུང་དགོས།ཆུ་ཚ་པོ་བྱེད་སའི་ལོགས་བཀར་འགྱིག་ཁུག་ནང་བླུགས་ནས་ཚ་བསྲོས་བཟོས་རྗེས་འཐུང་ཆོག” སྤྱི་ཟླ12པའི་ཚེས20ཉིན་གྱི་ཞོགས་པར་དར་མདོ་གྲོང་ཁྱེར་པའེ་ཚའོ་ཐང་རུས་ནད་ཚན་ཁག་སྨན་ཁང་གི་སྒོ་འགྲམ་དུ་འགོ་གཙོ་ཁྲེན་ཝན་ཡུའེ་དང་སྨན་པ་ཚོས་གྲ་སྒྲིག་བྱས་པའི་གཅེས་སེམས་རིམས་འགོག“སླང་ཆེན་སྨན་ཁུ”འགྱིག་ཁུག་ནང་བླུགས་ནས་ཡུལ་དངོས་སུ་ཡོད་པའི་ཁོར་ཡུག་གཙང་སྦྲ་བྱེད་མཁན་མི་སྣ་བཅུ་ཕྲག་ཁ་ཤས་ལ་སྤྲོད་བཞིན་མཆིས།

“སྨན་པར་ཐུགས་རྗེ་ཆེ་ཆེ།རིམས་འགོག་ཀྲུང་ལུགས་སྨན་ཁུ་འཐུང་རྒྱུ་ལོན་པས་ང་ཚོའི་སེམས་དེ་བས་བདེ་རུ་ཕྱིན་སོང”ཞེས་ཡུལ་དངོས་སུ་ཡོད་པའི་ཁོར་ཡུག་གཙང་སྦྲ་བཟོ་པ་ཚོས་གཅིག་རྗེས་གཉིས་མཐུད་དུ་དེ་ལྟར་བཤད་པ་རེད། “སླང་ཆེན་སྨན་ཁུ”མཁོ་སྤྲོད་འདང་ངེས་ཡོང་བར་ཁག་ཐེག་བྱ་ཆེད།པའེ་ཚའོ་ཐང་རུས་ནད་ཚན་ཁག་སྨན་ཁང་གི་སྨན་པ་དང་སྨན་གཡོག་ཚོས་ཉིན་གཅིག་སྔ་སྣུར་དུ་སྨན་བསྡུས་ནས་སྨན་ཁུ་བསྐོལ་བ།ཐུམ་རྒྱག་པ་བཅས་བྱེད་འགོ་བརྩམས་པ་རེད།

“མདང་དགོང་ང་ཚོ་སྨན་པ་དང་སྨན་གཡོག་ཁ་ཤས་ཀྱིས་རེས་མོས་བྱས་ནས་ལས་ཀ་བསྒྲུབས་ཏེ་ཆུ་ཚོད་བཞི་ལྷག་ཙམ་ལ་དཀའ་ལས་བརྒྱབ་མཐར་ཞོགས་པ་སྤྲད་རྒྱུའི་སྨན་ཁུ་འགྱིག་ཁུག300ལྷག་ཙམ་གྲ་སྒྲིག་བྱས་ཐུབ་ཟིན”། སྨན་པ་ཁྲེན་ཞའོ་ཏུང་གིས་གསར་འགོད་པར་རིམས་འགོག་ཀྲུང་ལུགས་སྨན་རྫས་ཀྱི“སླང་ཆེན་སྨན་ཁུ”དེ་དག་དར་མདོ་གྲོང་ཁྱེར་གྱི་ཁོར་ཡུག་གཙང་སྦྲ་བཟོ་པ160ལྷག་ཙམ་ལ་བདེ་བླག་ངང་སྤྲད་པ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

“ང་ཚོའི་སྨན་ཁང་གིས་སྤྱི་ཟླ12པའི་ཚེས20ཉིན་ནས་བཟུང། དུས་ཡུན་ཉིན་བདུན་གྱི་རིང་ལ་ཀྲུང་ལུགས་སྨན་རྫས་ཀྱི“སླང་ཆེན་སྨན་ཁུ”སྤྲོད་པའི་བྱེད་སྒོ་སྤེལ་ནས་གྲང་ངར་ཆེ་བའི་དགུན་དུས་སུ་ཁོར་ཡུག་གཙང་སྦྲའི་ལས་མི་དང་གླ་གཏོང་རླངས་འཁོར་གྱི་ཁ་ལོ་བར་བདེ་དྲོད་སྟེར་ཞིང་བདེ་ཐང་བསྲུངས་ནས་ཚང་མས་རིམས་ཚུལ་འགོག་ཟོན་བཙན་སྡོམ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་རེ་བ་ཡོད”ཅེས་སྨན་ཁང་གི་འགོ་གཙོ་ཁྲེན་ཝན་ཡུའེ་ཡིས་དེ་ལྟར་བཤད་པ་རེད།

ཉིན་འདི་ཁ་ཤས་ནང་སྨན་དོན་ལས་དོན་དེ་བས་ལྗིད་པའི་ལས་དོན་ཁྲོད་སྨན་པ་དང་ནད་གཡོག་སྨན་པ་ཚོས་སྔར་བཞིན་དུས་ཚོད་དམ་འཛིན་དང་སེམས་ཤུགས་བསྒྲིམས་ནས་བདེ་དྲོད་ཀྱི་སེམས་ཁུར་མཚོན་པའི་སྨན་ཁུ་ཁུག་མ་རེ་རེ་མི་སེར་ཚོའི་ལག་ཏུ་སྤྲད་པ་རེད། འདི་ནི་ལྷག་བསམ་རྣམ་དག་གི་སྒོ་ནས་ཁོ་ཚོས་བསྐོལ་བའི་སྨན་ཁུ་ཁུག་མ་གཅིག་གིས་བདེ་ཐང་ལ་འགོག་སྲུང་འཛིང་རགས་བཟོས་རོགས་བྱས་ནས་དམིགས་བསལ་གྱི་ལས་གནས་སྟེང་གི་ལས་སྒྲུབ་པ་རྣམས་ལ་བདེ་དྲོད་རྒྱུན་སྲིང་བྱས་པ་རེད།།

  • ལེ་ཚན་སྔོན་མ།:ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་རིམ་རྩིས་བྱས་ན་ཞིང་འབྲོག་དུད་ཚང་ལ་བཏང་བའི་དངུལ་བུན་སྒོར་དུང་ཕྱུར25ལས་བརྒལ།
  • ལེ་ཚན་རྗེས་མ།:འགྲིམ་འགྲུལ་པུའུ་ཡི་རོགས་སྐྱོར་ཚོགས་ཆུང་བཞི་པས་གསེར་ཐར་ལ་རོགས་སྐྱོར་བྱས་ནས་ཕན་འབྲས་མངོན་གསལ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།