འགྲིམ་འགྲུལ་པུའུ་ཡི་རོགས་སྐྱོར་ཚོགས་ཆུང་བཞི་པས་གསེར་ཐར་ལ་རོགས་སྐྱོར་བྱས་ནས་ཕན་འབྲས་མངོན་གསལ་ཐོབ།

ཡེ་མགོན་གྱིས་བསྒྱུར།        2022-12-26

ད་ལོ་ནི་གསེར་ཐར་རྫོང་རྦད་དེ་དབུལ་པོ་ནས་ཐར་བའི་ལོ་གཉིས་པ་ཡིན་ཞིང་།འགྲིམ་འགྲུལ་པུའུ་ཡི་རོགས་སྐྱོར་ཚོགས་ཆུང་བཞི་པས་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་མི་ཐོན་པ་བྱ་རྒྱུའི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དེ་རྒྱ་སྐྱེད་གཏང་རྒྱུ་དང་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པར“ཐོག་མའི་ལན་འདེབས”དང“ངེས་པར་དུ་ལན་འདེབས”རྒྱུར་བརྩིས་ནས་བློ་རྩེ་གཅིག་སྒྲིམ་གྱིས་ རོགས་སྐྱོར་གནད་སྨིན་བྱས་པ་རེད།

ལོ་གཅིག་རིང་ལ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་རོགས་སྐྱོར་ཚོགས་ཆུང་བཞི་པས་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་དང་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་བཏང་ནས་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་འཁྲི་དང་འགན་འཁྲི་འཁུར་སེམས་གང་ལེགས་མཚོན་ཡོད་རེད། མ་དངུལ་སྒོར་ཁྲི120ལྷག་ཙམ་གྲབས་གསོག་བྱས་ནས་ཡུལ་སྡེའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱས་པ་དང་།སྤྱི་ཚོགས་ཀྱི་རོགས་སྐྱོར་སྟོབས་ཤུགས་མཐུན་སྦྱོར་ཧུར་ཐག་བྱས་ནས་འཚོ་བའི་ཐད་དཀའ་ངལ་ཡོད་པའི་མང་ཚོགས་ལ་མ་དངུལ་དང་དངོས་རྫས་ཞལ་འདེབས་སྒོར་ཁྲི11.4བརྒྱབ་སྟེ། ཁོ་ཚོའི“སེམས་ཁྲལ་དང་དཀའ་ངལ།སེམས་ནད།རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད། ནུས་ཤུགས་ཡོད་རྒུས་འཛད་སྤྱོད་རོགས་སྐྱོར་ལག་ལེན་བསྟར་ནས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི170ལྷག་ཙམ་བཏང་ནས་ཞིང་ལས་ཀྱི་ཁྱད་ཆོས་ཐོན་རྫས་ཉོ་སྒྲུབ་བྱས་ཏེ་རྫོང་ཡོངས་ཀྱི་ཞིང་འབྲོག་མི་དམངས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། པུའུ་ཡིས་དམིགས་འཛུགས་རོགས་སྐྱོར་བྱས་ནས་རྒྱལ་སྲུང་གཞུང་ལམ548པའི“འགྲིམ་འགྲུལ་སྟོབས་ཆེའི་ཞིང་ཆེན”གྱི་མཐོ་སྒང་རི་ཁུལ་གཞུང་ལམ་མྱུར་ལམ་ཅན་གྱི་ཚོད་ལྟའི་ལས་གཞི་ལོ་མཇུག་ཏུ་སུ་འཇོན་དེ་འགུལ་འགྲུབ་པ་བྱས་ཏེ་སྔ་ཙམ་ལས་འགོ་འཛུགས་ཐུབ་རྒྱུར་བརྩོན་ལེན་བྱས་པ་རེད།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཤུགས་ཆེན་པོས་རོགས་སྐྱོར་འོག་གསེར་རྟ་རྫོང་གི་གཞུང་ལམ་གྱི་རིང་ཚད་བསྡོམས་འབོར་སྤྱི་ལེ2275ཟིན་པ་དེའི་ནང་ཞིང་སྡེའི་གཞུང་ལམ་གྱི་རིང་ཚད་བསྡོམས་འབོར་སྤྱི་ལེ1900ལྷག་ཙམ་ཟིན་པ་དང་།ཡུལ་ཤོག་དང་གྲོང་རྡལ་གྱི་འགྱིག་སྣུམ་ལམ་དང་གྲོང་སྡེའི་ཨར་འདམ་གཞུང་ལམ་བརྒྱ་ཆ100མངོན་འགྱུར་བྱུང་ཡོད། རྫོང་དང་ཡུལ་ཤོག།གྲོང་སྡེ་བཅས་རིམ་པ་གསུམ་གྱི“ལམ་དཔོན་ལམ་ལུགས”ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཡོད། “རྫོང་ལ་ལམ་སྲིད་མི་སྣ་ཡོད་པ།ཡུལ་ཤོག་ལ་ལྟ་སྐུལ་དོ་དམ་པ་ཡོད་པ།གྲོང་སྡེར་ལམ་སྲུང་བ་ཡོད་པའི”ལམ་སྲིད་དོ་དམ་མ་ལག་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱས་པ་རེད། རྫོང་གི་གྲོང་ཁུལ་གྱིས་ལྟེ་གནས་་བྱེད་པ་དང་།ཡུལ་ཤོག་དང་གྲོང་རྡལ་གྱིས་འབྲེལ་ཐག་བྱེད་པ།སྲིད་འཛིན་གྲོང་སྡེ་ཡིས་ས་ཚུགས་བྱེད་པའི་འགྲུལ་སྐྱེལ་དྲ་བ་ ཡོངས་སུ་ཁྱབ་ཡོད།ཡུལ་ཤོག་དང་གྲོང་རྡལ།སྒྲིག་ཚུད་གྲོང་སྡེར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་བརྒྱ་ཆ100ལ་ཟིན་ཡོད། ད་ལོར་རྒྱལ་ཁབ་རིམ་པའི“ཡག་པོ་བཞིའི”ཞིང་སྡེ་གཞུང་ལམ”གྱི་དཔེ་སྟོན་རྫོང་བདེ་བླགས་ངང་འཛུགས་སྐྱོང་བྱེད་ཐུབ་རྒྱུ་དང་སང་ལོར་ཡུལ་དངོས་སུ་ཞིབ་བཤེར་བྱ་རྒྱུར་བསུ་བ་བྱ་རྒྱུ་རེད།།

  • ལེ་ཚན་སྔོན་མ།:བདེ་དྲོད་ཀྱི་རིམས་འགོག་འགོག་སྲུང་གི་སྨན་ཁུ་འགྱིག་ཁུག་རེ་རེས་མི་སེམས་ལ་བདེ་དྲོད་སྟེར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།