དྲང་བདེན་ནུས་པ་འདོན་སྤེལ་ཧུར་ཐག་དང་ལག་གདང་སྦྲེལ་ནས་ཕ་ཡུལ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་བྱས་རྗེས་གསར་པ་འཇོག་དགོས།

ཡེ་མགོན་གྱིས་བསྒྱུར།        2022-12-26

ཉེ་ཆར་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་བསྟན་འཛིན་ལ་ཡིག་ལན་སྤྲིངས་ནས་བསྟན་འཛིན་དང་དཀར་མཛེས་ཁུལ་གྱི་དྲྭ་གྲགས་ཚོས་དྲང་བདེན་གྱི་ནུས་པ་འདོན་སྤེལ་ཧུར་ཐག་དང་ལག་གདང་སྦྲེལ་ནས་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་ཏེ་ཕ་ཡུལ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བར་བྱས་རྗེས་གསར་པའི་འཇོག་རྒྱུའི་སྐུལ་མ་གནང་བ་རེད།

ཧྲེན་དབྱང་གི་ཡིག་ལན་ནང་ངས་ཐོག་མཐའ་བར་གསུམ་དུ་བསྟན་འཛིན་ཉིན་རེ་བཞིན་འཚར་ལོངས་དང་ཡར་ཐོན་འགྲོ་བར་དོ་ཁུར་བྱེད་བཞིན་ཡོད་།བསྟན་འཛིན་གྱིས་འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད་ལ།ཁོ་ད་དུང་ལོ་ཆུང་ཡིན་པས་ང་ཚོས་ཁོའི་ལང་ཚོ་འབར་བར་དགའ་སྤྲོ་ཚད་མེད་བྱེད་ཀྱི་ཡོད། ཁོ་ཉིན་རེ་ལས་ཉིན་རེར་བྱང་ཆུབ་པ་དང་ཉིན་རེ་ལས་ཉིན་རེར་འགན་འཁྲི་འཁུར་བ་དང་ལེགས་སྐྱེས་སུ་འབུལ་པའི་འདུ་ཤེས་འཆང་བ། ཕ་ཡུལ་གྱི་འཕེལ་རྒྱས་ལ་བྱས་རྗེས་དེ་བས་འཇོག་བཞིན་ཡོད་པ་རེད་ཅེས་གསུངས་པ་རེད།ཧྲེན་དབྱང་གིས་ཉེ་བའི་ལོ་འདི་ཁ་ཤས་རིང་དཀར་མཛེས་ཁུལ་ལ་བསྟན་འཛིན་དང་ལིའུ་ཧུང་གིས་འཐུས་ཚབ་བྱས་པའི་དྲྭ་གྲགས་འདུས་ཚོགས་ཤིག་ཆགས་ཡོད།ཁོ་ཚོས་ཕ་ཡུལ་གྱི་མགྲིན་ཚབ་དང་མཛེས་སྡུག་གི་དཀར་མཛེས་ཁུལ་ལ་བསྟོད་གླུ་ལེན་ནས་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་ཆེན་པོ་བྱས་པ་རེད། དུས་མཚུངས་སུ་དོ་སྣང་བྱེད་དགོས་པ་ཞིག་ལ།དྲ་བ་ནི་གྲི་སོ་གཉིས་ལྡན་ཡིན་པས།དྲྭ་གྲགས་ཀྱི་དར་རྒུད་ཀྱང་དུས་ནམ་ཡང་སྐད་ཅིག་ཉིད་ཙམ་ཡིན་སྲིད། དཀར་མཛེས་ཁུལ་གྱི་དྲྭ་གྲགས་ཚོས་ཀྱང་ད་ཡོད་ཀྱི་གོ་སྐབས་ལ་གཅེས་སྤྲས་བརྩི་མཐོང་བྱས་ཏེ་རང་ངོས་ཀྱི་གཟུགས་བརྙན་བཟང་པོ་སྲུང་སྐྱོང་བྱས་ནས་དྲ་བའི་དྲང་བདེན་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་དཀར་མཛེས་ཁུལ་གྱི་དྲྭ་གྲགས་འདུས་ཚོགས་ཀྱི་ལེགས་ཆ་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ངར་སློང་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་།ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུ་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ།ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་མངོན་དུ་འགྱུར་བར་བྱས་རྗེས་གསར་པ་དེ་བས་ཆེན་པོ་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ད་ལོའི་སྤྱི་ཟླ6པའི་ཚེས30ཉིན་དཀར་མཛེས་ཁུལ་གྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་ཐོག། ཧྲེན་དབྱང་གིས་བསྟན་འཛིན་ལ་གནས་མཆོག་དཀར་མཛེས་ས་ཁོངས་ཀྱི་སྤུས་རྟགས་ཁྱབ་གདལ་གཏོང་བའི་སྤྱི་ཕན་དྲིལ་བསྒྲགས་ལས་དོན་ཁང་གི་སྒོ་བྱང་སྤྲད་ཡོད།དེའི་རྗེས་བསྟན་འཛིན་གྱིས་ཕ་ཡུལ་གྱི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་དང་སྤྱི་ཕན་ཁོར་ཡུག་སྲུང་སྐྱོང་།དང་བླངས་ཞབས་ཞུ་སོགས་དེ་བས་གལ་འགངས་ཆེ་བའི་ལས་སྟེགས་ཐོག་བཞག་པ་རེད། བསྟན་འཛིན་གྱི་ལས་དོན་ཁང་གིས་བཏང་བའི་འཕྲིན་ཡིག་ནང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད།ཉེ་དུས་ཀྱི་གཙོ་གནད་ལས་དོན་འཕེལ་འཕེལ་འགྲོ་ཚུལ་སྙན་སེང་ཞུས་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འབད་འབུངས་ཡར་བརྩོན་གྱིས་ཕ་ཡུལ་གྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ནང་ཧུར་ཐག་ཞུགས་རྒྱུའི་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས་ཡོད།། 

  • ལེ་ཚན་སྔོན་མ།:2022ལོའི་ཁུལ་ཨུའི་དམག་གྲོས་ཚོགས་འདུ་དར་མདོར་འཚོགས།
  • ལེ་ཚན་རྗེས་མ།:ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་རིམ་རྩིས་བྱས་ན་ཞིང་འབྲོག་དུད་ཚང་ལ་བཏང་བའི་དངུལ་བུན་སྒོར་དུང་ཕྱུར25ལས་བརྒལ།
  • དོ་སྣང་ཆེ་བའི་རྩོམ།