2022ལོའི་ཁུལ་ཨུའི་དམག་གྲོས་ཚོགས་འདུ་དར་མདོར་འཚོགས།

ཐུབ་ཀྱིས་བསྒྱུར།        2022-12-23

ཧྲེན་དབྱང་གིས2022ལོའི་ཁུལ་ཨུའི་དམག་གྲོས་ཚོགས་འདུར།

ཏང་གིས་དྲག་ཆས་ལས་དོན་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་དམག་སྟོབས་ཆེན་དར་རྒྱས་ཡོང་བ་དང་ས་གནས་འཛུགས་སྐྲུན་མཐུན་སྦྱོར་འཕེལ་རྒྱས་ཡོང་བའི་ལེའུ་གསར་པ་ཧུར་ཐག་བརྩམ་དགོས་ཞེས་གསུངས།

   སྤྱི་ཟླ12ཚེས22ཉིན་ཁུལ་ཨུའི་ཧྲུའུ་ཅི། དཀར་མཛེས་ཁུལ་ཡན་ལག་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོ་ཧྲེན་དབྱང་གིས2022ལོའི་ཁུལ་ཨུའི་དམག་གྲོས་ཚོགས་འདུ་གཙོ་སྐྱོང་གནང་ནས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་ལག་བསྟར་དང་། རྒྱལ་སྲུང་སྐུལ་སློང་དང་གཉིས་བཀུར་ལས་དོན་གྱི་སྙན་སེང་ལ་གསན་འཇོག་དང་། ཡུལ་དམག་སྦྱོང་བརྡར་བྱ་ཡུལ་འཛུགས་སྐྱོང་སོགས་ཀྱི་དོན་དག་མཐུན་སྦྱོར་ཐག་གཅོད་གནང་ཞིང་། ཕྱི་ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དམག་སྟོབས་ཆེན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཤུགས་ཆེན་བྱེད་ཅིང་། ཏང་གིས་དྲག་ཆས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཞིང་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རྒྱུན་མཐུད་བསྐུལ་ཏེ་དམག་སྟོབས་ཆེན་དར་རྒྱས་ཡོང་བ་དང་ས་གནས་འཛུགས་སྐྲུན་མཐུན་སྦྱོར་འཕེལ་རྒྱས་ཡོང་བའི་ལེའུ་གསར་པ་ཧུར་ཐག་བརྩམ་དགོས་ཞེས་ནན་གསུང་གནང་བ་རེད།

   ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧུང་ཧྲོའུ་ཚོགས་འདུར་ཞུགས།


   ཚོགས་འདུར་ལོ་གཅིག་རིང་དཀར་མཛེས་ཁུལ་ཡན་ལག་དམག་ཁུལ་ཁང་དང་ཁུལ་བཅའ་སྡོད་བཅའ་སྦྱོང་ལས་དོན་རུ་ཁག་གིས་ནུས་ཤུགས་གཅིག་སྒྲིལ་གྱིས་དམག་གྲབས་དམག་འཐབ་དང་བསྒྱུར་བཅོས་གསར་གཏོད་ལ་ཤུགས་སྣོན་ཅིང་། བརྟན་ལྷིང་སྲུང་སྐྱོང་དང་། གནོད་སེལ་གནོད་སྐྱོབ། ཡུལ་སྡེ་དར་རྒྱས་སོགས་ཀྱི་ལས་འགན་ནང་བྱས་རྗེས་གལ་ཆེན་ཕུལ་ནས་དམག་དཔུང་དང་ས་གནས་ཀྱིས་ཤུགས་མཉམ་བསྒྲིམས་དང་དམག་དམངས་ སེམས་པ་གཅིག་ཏུ་མཐུན་པས་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པར་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཐད་ལ་འཐབ་ཇུས་བཀོད་སྒྲིག་བྱས་ནས། དམག་དཔུང་འཛུགས་སྐྱོང་བྱེད་པའི་ལོ་འཁོར་བརྒྱའི་འབད་འཐབ་དམིགས་འབེན་དུས་བཀག་ལྟར་མངོན་གྱུར་བྱས་ཏེ། མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲར་འཛུགས་སྐྱོང་བྱེད་པའི་སྤྱིའི་བླང་བྱ་བཏོན་པ་རེད། དཀར་མཛེས་ཁུལ་ཡན་ལག་དམག་ཁུལ་ཁང་དང་།ཁུལ་བཅའ་སྡོད་དཔུང་སྡེ། ཁུལ་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཁྱོན་ཡོངས་ནས་སློབ་སྦྱོང་དང་། ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། ཁྱོན་ཡོངས་ནས་དོན་འཁྱོལ་གྱི་ཐད་ཤུགས་བརྒྱག་དགོས། རང་རྟོགས་ངང་སྲོག་ཤིང་སྲུང་སྐྱོང་དང་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་བཏང་ནས་རྒྱལ་སྲུང་འཛུགས་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་བ་དང་། དམག་སྲིད་དང་དམག་དམངས་བར་གྱི་མཐུན་སྒྲིལ་བརྟན་དུ་གཏོང་ཞིང་། མཐུན་སྒྲིལ་དང་། འབྱོར་ཕྱུག། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་མགྱོགས་སུ་བསྐྲུན་དགོས།


ཚོགས་འདུར་གཅིག་ནི་དམག་དཔུང་གི་ཏང་སྐྱོང་ལ་ཤུགས་བརྒྱག་དགོས་པ་དང་། གཉིས་ནི་དམག་གྲབས་དང་དམག་འཐབ་ཀྱི་ནུས་པ་ཆེ་རུ་གཏང་དགོས། གསུམ་ནི་རྒྱལ་སྲུང་སྐུལ་སློང་དང་སློབ་གསོར་སྐུལ་འདེད་གཏང་དགོས། བཞི་ནི་གཞི་རིམ་གྱི་དྲག་ཆས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། ལྔ་ནི་དམག་བཀུར་ཁྱིམ་སྐྱོང་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས་པ་བསྟན་ཡོད།


   ཚོགས་འདུར་ཏང་ཨུ་རིམ་པ་ཁག་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་འཁུར་འོས་པའི་འགན་འཁྲི་ཞིག་ཏུ་བརྩིས་ནས་ཏང་ཨུས་དམག་གྲོས་དང་། ལས་ཡུལ་དངོས་སུ་གཞུང་དོན་སྒྲུབ་པ། ལས་ཀ་བསྒྲུབས་ཚུལ་གསལ་ཞུ་བྱེད་པ། དམག་དོན་ཉིན་མོ་སོགས་ཀྱི་ལས་ཀའི་ལམ་ལུགས་རྒྱུན་འཁྱོངས་ཤིང་དོན་ལ་འཁྱོལ་པ་དང་། རིམ་པ་ཁག་གི་ལས་བྱེད་པའི་རྒྱལ་སྲུང་འདུ་ཤེས་ཆེ་རུ་བཏང་ནས་ཏང་གིས་དྲག་ཆས་ལས་དོན་ལ་དོ་དམ་བྱ་རྒྱུ་ལམ་ལུགས་ཅན་དང་རྒྱུན་ལྡན་ཅན་དུ་འགྱུར་བར་བྱ་དགོས། རིམ་ཁག་ཏང་ཨུའི་ཧྲུའུ་ཅིས་ཏང་གིས་དྲག་ཆས་དོ་དམ་གྱི་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་ཏན་ཏིག་བསྒྲུབས་ནས་རྒྱལ་སྲུང་སྐུལ་སློང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏང་རྒྱུ་གཅིག་གྱུར་བསམ་གཞིག་དང་གཅིག་གྱུར་སྐུལ་འདེད་གཏང་དགོས། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་ལེ་ལག་ཚང་བའི་སྲིད་ཇུས་དང་བསྒྱུར་བཅོས་ཀྱི་ལས་འགན་དོན་ལ་འཁྱོལ་པར་དམ་འཛིན་ཡག་པོ་བྱས་ནས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱ་དགོས། ཁུལ་བཅའ་སྡོད་བཅའ་སྦྱོང་དཔུང་སྡེས་སྲོལ་རྒྱུན་བཟང་པོ་དང་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་མུ་མཐུད་དེ་དར་སྤེལ་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་ནང་ཞུགས་མཁན་དང་། ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་པ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་མཁན་གྱི་ལག་ལེན་པ་ཞིག་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱིས་རྦད་དེ་བློས་འགེལ་ཆོག་པའི་དཔའ་བོའི་དམག་དཔུང་ཞིག་ཏུ་འགྱུར་བ་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་པོར་བསྟན་པ་རེད།

  ཁུལ་ཨུའི་རྒྱུན་ཨུ། དཀར་མཛེས་ཁུལ་ཡན་ལག་དམག་ཁུལ་ཁང་དང་ཁུལ་བཅའ་སྡོད་དཔུང་སྡེའི་འབྲེལ་ཡོད་མགོ་ཁྲིད་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད།།

  • ལེ་ཚན་སྔོན་མ།:ལི་ཐང་རྫོང་ཧོར་རྙིང་ཡུལ་ཤོག་གིས་རྩྭ་ཐང་སྲུང་སྐྱོང་དང་མེ་ཟོན་ནན་པོ་བྱས།
  • ལེ་ཚན་རྗེས་མ།:དྲང་བདེན་ནུས་པ་འདོན་སྤེལ་ཧུར་ཐག་དང་ལག་གདང་སྦྲེལ་ནས་ཕ་ཡུལ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་བྱས་རྗེས་གསར་པ་འཇོག་དགོས།
  • དོ་སྣང་ཆེ་བའི་རྩོམ།