ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་རིམ་རྩིས་བྱས་ན་ཞིང་འབྲོག་དུད་ཚང་ལ་བཏང་བའི་དངུལ་བུན་སྒོར་དུང་ཕྱུར25ལས་བརྒལ།

ཡེ་མགོན་གྱིས་བསྒྱུར།        2022-12-26

ད་ལོ་ནས་བཟུང་ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་རྒྱུན་མཐུད་དུ་ཞིང་འབྲོག་དུད་ཚང་ལ་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས་རིམ་རྩིས་བྱས་ན་ཞིང་འབྲོག་དུད་ཚང་ལ་དངུལ་བུན་སྒོར་དུང་ཕྱུར25.39བཏང་སྟེ་ཞིང་འབྲོག་དུད་ཚང་དཀྱུས་མ་དང་རྣམ་པ་གསར་པའི་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་ཁག་གཅིག་ཐོན་སྐྱེད་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་པ་རེད།

དངུལ་ཁང་དེས་ཞིང་འབྲོག་དུད་ཚང་གི་ཆེད་གཏོགས་དྲྭ་ཐོག་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་ཀྱི“ཞིང་ཕནeདངུལ་བུན”ཁྱབ་གདལ་བཏང་ནས་ཞིང་འབྲོག་དམངས་ཀྱིས་དངུལ་བུན་སྒྲུབ་གཉེར་བྱེད་ས་ཉུང་ཉུང་འགྲོ་བ།གྲངས་གཞིའི་ཐབས་ལམ་མང་པོ་བྱས་ནས་ཞིང་འབྲོག་དུད་ཚང་གིས་དངུལ་བུན་ལེན་སྐབས་ཡུན་རིང་འགོར་བ་དང་བཀོལ་སྤྱོད་བྱེད་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ནས་ཞིང་འབྲོག་དམངས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་དེང་རབས་ཞིང་འབྲོག་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

ཞིང་འབྲོག་དུད་ཚང་གིས་དངུལ་བུན་ལེན་སྐབས་གཏར་མ་འཇོག་དཀའ་བའི་དཀའ་གནད་དོན་སེལ་ཆེད། དངུལ་ཁང་དེའི་དངུལ་བུན་གཏོང་མཁན་གྱིས་ལས་སྒྲུབ་ཞིང་འབྲོག་དུད་ཚང་གི་ཁྱིམ་དུ་བསྐྱོད་དེ་གྲོང་སྡེ་ཧྲིལ་པོར་ཞིང་འབྲོག་དུད་ཚང་གི་ཆ་འཕྲིན་ཡིག་ཚགས་བཟོ་བའི་ལས་དོན་སྤེལ་བ་དང་།ཞིང་འབྲོག་དུད་ཚང་གི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་དང་དངུལ་རྩའི་དགོས་མཁོར་ཤེས་རྟོགས་ཞིབ་ཕྲ་བྱས་པ།ཞིང་འབྲོག་དུད་ཚང་གི་ཆ་འཕྲིན་ཡིག་ཚགས་འབོར་ཆེན་བཟོས་པ།དངུལ་བུན་གྱི་ཆ་རྐྱེན་དང་འཚམ་པར་མ་ཟད་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་ཡོད་པའི་ཞིང་འབྲོག་དུད་ཚང་ལ་དུས་ཐོག་ཏུ་ཡིད་རྟོན་བྱས་ནས་ཞིང་འབྲོག་དུད་ཚང་དེ་བས་མང་པོའི་ཆ་འཕྲིན་གྱི་རིན་ཐང་མངོན་ཐུབ་པ་བྱས་ཡོད།

གཞན་ཡང་ལོ་སྟོད་ནས་བཟུང་དངུལ་ཁང་དེས་རིམ་རྩིས་བྱས་ན་དབུལ་ཐར་མི་འབོར་འབོར་ཆུང་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་5.35བཏང་བས་དབུལ་ཐར་་ས་ཁུལ་གྱི་ཞིང་པའི་འབྲོག་མང་ཚོགས་ཀྱི་འཚོ་བ་སྔར་བས་ལེགས་སུ་ཕྱིན་ཡོད་པ་རེད།


  • ལེ་ཚན་སྔོན་མ།:དྲང་བདེན་ནུས་པ་འདོན་སྤེལ་ཧུར་ཐག་དང་ལག་གདང་སྦྲེལ་ནས་ཕ་ཡུལ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་བྱས་རྗེས་གསར་པ་འཇོག་དགོས།
  • ལེ་ཚན་རྗེས་མ།:བདེ་དྲོད་ཀྱི་རིམས་འགོག་འགོག་སྲུང་གི་སྨན་ཁུ་འགྱིག་ཁུག་རེ་རེས་མི་སེམས་ལ་བདེ་དྲོད་སྟེར།
  • དོ་སྣང་ཆེ་བའི་རྩོམ།