གཏན་འབེབས་གསར་པ་འདི་ཚོ་སང་ལོའི་ཟླ་བ་དང་པོར་ལག་ལེན་བྱ་རྒྱུ།

ཐུབ་ཀྱིས་བསྒྱུར།        2022-12-26

2023ལོའི་ཟླ་བ་དང་པོ་བསླེབ་རན་ཡོད། དེ་དང་བསྟུན་ནས་གཏན་འབེབས་གསར་པ་གལ་ཆེན་ཁ་ཤས་ཀྱང་འདོན་ལ་རན་ཞིང་། འགྲོ་སྐྱོད་དང་སྨན་བཅོས། འཁྱེར་འཕྲིན་འཕྲིན་གཏོང་གི་ཁྱབ་ཁོངས་དང་འབྲེལ་བ་ཡོད།


གཅིག། ལྕགས་ལམ་སྐྱེལ་འདྲེན་གྱི་སྒྲིག་སྲོལ་ལས་བྱིས་པའི་འཛིན་ཉོ་དུས་འཕོ་འགྱུར་ཡོད།

   གསར་དུ་དག་བཅོས་པའི་ལྕགས་ལམ་འགྲུལ་པ་སྐྱེལ་འདྲེན་སྒྲིག་སྲོལ་ཞེས་པ2023ལོའི་སྤྱི་ཟླ་དང་པོའི་ཚེས1ཉིན་ནས་ལག་ལེན་བསྟར་རྒྱུ་དང་། གཏན་འབེབས་ལྟར། ལོ་དྲུག་སོན་པ་དང་ལོ14སོན་མེད་པའི་སྐྱེ་བོས་བྱིས་པའི་ལྟ་སྐྱོང་མེ་འཁོར་འཛིན་ཤོག་ཉོ་དགོས་པ་དང་། ལོ14སོན་པ་ཡིན་ན་འཛིན་ཤོག་རིན་གོང་ཆ་ཚང་ཉོ་དགོས། མི་དར་མས་རིན་པ་མི་དགོས་པ་ལོ་དྲུག་སོན་མེད་ལ་འདུག་ས་གཞན་མི་དགོས་པའི་བྱིས་པ་གཅིག་ཁྲིད་ཆོག་པ་དང་། གཅིག་ལས་བརྒལ་ན་བརྒལ་མཁན་ལྟར་བྱིས་པའི་ལྟ་སྐྱོང་འཛིན་ཤོག་ཉོ་དགོས།

   མིག་སྐྱོན་ཡོད་མཁན་འགྲུལ་པས་ལོང་ཁྲིད་ཁྱི་མེ་འཁོར་འབབ་ཚུགས་སུ་ཁྲིད་ཆོག།

   རྒན་རྒོན་དང་བྱིས་པ། ནད་པ། དབང་སྐྱོན་ཅན་གྱི་འགྲུལ་པར་འཛིན་ཤོག་སྔོན་ལ་འཚོང་བ་དང་སྔོན་ལ་སྡོད་ཆོག་པ་སོགས་ཀྱི་ལྟ་སྐྱོང་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།

   གཉིས། གློག་རྡུལ་ནས་སྨན་རྫས་ཐོ་འགོད་རེ་ཞུ་བྱེད་ཆོག།

   2023ལོའི་སྤྱི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་། རེ་ཞུ་བྱེད་མཁན་གྱིས་ རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུས་ལ་སྨན་རྫས་ཐོ་འགོད་རེ་ཞུ་ཞིབ་དཔྱད་མཆན་འགོད་ཡིག་ཆ་དང་ཞིབ་དཔྱད་བརྒྱུད་རིམ་ཁྲོད་ཀྱི་ཁ་གསབ་ཡིག་ཆ་སྤྲོད་སྟངས་གློག་རྡུལ་ནས་རེ་ཞུ་བྱེད་ཆོག་ཅིང་། ལས་དོན་གྱི་གོ་རིམ་ལ་འགྱུར་བ་མེད་པ་རེད།

   གསུམ། སྨན་བཅོས་ཉེན་སྐྱོབ་ཀྱི་ཐེབས་རྩ་ཁྲིམས་འགལ་སྒྲིག་འགལ་ངང་སྤྱད་པ་ཐེར་འདོན་མཁན་ལ་བྱ་དགའ་ཆེས་མཐོ་བ་སྒོར་འབུམ2སྤྲད་རྒྱུ།

   སྨན་བཅོས་ཉེན་སྐྱོབ་ཀྱི་ཐེབས་རྩ་ཁྲིམས་འགལ་སྒྲིག་འགལ་ངང་སྤྱད་པ་ཐེར་འདོན་པའི་བྱ་དགའི་སྤྲོད་ཐབས་སང་ལོའི་སྤྱི་ཟླ་དང་པོ་ཚེས1ཉིན་ནས་ལག་ལེན་བསྟར་བ་དང་། དེའི་ནང་དུ་སྨན་བཅོས་ཉེན་སྐྱོབ་ཀྱི་ཐེབས་རྩ་ཁྲིམས་འགལ་སྒྲིག་འགལ་ངང་སྤྱད་པའི་བྱ་སྤྱོད་ཐམས་ཅད་ཐེར་འདོན་གྱི་ཁྱབ་ཁོངས་སུ་བཙུད་དེ་ས་གནས་ཁག་གི་དངོས་ཡོད་གནས་ཚུལ་ལྟར་གྱོད་གཞིའི་དངུལ་གྲངས་ཀྱི་བསྡུར་ཚད་ལྟར་བྱ་དགའ་ཐེངས་གཅིག་ལ་སྤྲད་རྒྱུ་དང་། བྱ་དགའི་དངུལ་སྒོར་འབུམ2ལ་སྤར་རྒྱུ་ཡིན་པ་བཏོན་ཡོད།

   བཞི། རྩ་བའི་མཉེན་ཆས་ཀྱི་བྱེད་ནུས་ཕུད་རྗེས་ལག་ཁྱེར་ཁ་པར་དུ་སྔོན་སྦྱོར་བྱས་པའི Appཚང་མ་མར་ལེན་ཆོག།

   འཁྱེར་འཕྲིན་རིག་ལྡན་མཐར་ཐུག་བཀོལ་སྣེ་མཉེན་ཆས་སྔོན་བཞག་བྱ་སྤྱོད་ཀྱི་བརྡ་ཁྱབ་ཅེས་པ་སང་ལོའི་སྤྱི་ཟླ་དང་པོ་ཚེས1ཉིན་ནས་ལག་ལེན་བསྟར་བ་དང་། དེའི་ནང་ཐོན་སྐྱེད་ཁེ་ལས་ཀྱིས་འཁྱེར་འཕྲིན་རིག་ལྡན་མཐར་ཐུག་བཀོལ་སྣེའི་རྩ་བའི་མཉེན་ཆས་ཀྱི་བྱེད་ནུས་ཕུད་རྗེས་དེ་མིན་སྔོན་སྦྱོར་བྱས་པའི App ཚང་མ་མར་ལེན་ཆོག་པ་དང་། ད་དུང་ཉེན་མེད་སྟབས་བདེའི་ལེན་སྟངས་བསྟན་ནས་བཀོལ་བདག་ལ་གདམ་ག་བྱེད་དུ་བཅུག་དགོས་པ་བཏོན་ཡོད།

  • ལེ་ཚན་སྔོན་མ།:ཀྲུང་དབྱང་ཞིང་སྡེ་ལས་དོན་གྲོས་ཚོགས་པེ་ཅིང་ནས་འཚོགས།
  • ལེ་ཚན་རྗེས་མ།:2022ལོའི་རྒྱལ་ནང་གི་ལུས་རྩལ་གསར་འགྱུར་ཆེན་པོ་བཅུ།
  • དོ་སྣང་ཆེ་བའི་རྩོམ།