ཆུ་ཚོད་རེར་སྤྱི་ལེ་1000ལྷག་བགྲོད་ཐུབ་པའི་འཁོར་རིགས་ཤིག་ཐོན་འདུག

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-12-27

ཉེ་ཆར། གསར་འགོད་པས་ཧྲན་ཏུང་ཐོན་སྐྱེད་ཞིབ་འཇུག་སློབ་གླིང་ནས་ཤེས་རྟོགས་བྱུང་བར། ཞིབ་འཇུག་ཁང་དེ་དང་ཀྲུང་གོ་ཚན་རིག་ཁང་གློག་ལས་ཞིབ་འཇུག་སུའོ་དང་ཅི་ནན་གྲོང་ཁྱེར་སྲིད་གཞུང་བཅས་ཕྱོགས་གསུམ་གྱིས་མཉམ་དུ་བཙུགས་པའི་ཆི་ལུའུ་ཀྲུང་ཁོའོ་གློག་ལས་སྔོན་ཐོན་སྐུལ་གཏོང་ལག་རྩལ་ཞིབ་འཇུག་ཁང་གི་གསར་གཏོད་རྣམ་གྲངས་གལ་ཆེན་ཏེ། འཛམ་གླིང་གི“གློག་སྡུད་སྒུལ་ཤུགས་བྱས་པའི་ས་ངོས་མྱུར་བགྲོད་ཚོད་ལྟའི་སྒྲིག་ཆས་གློག་སྡུད་འགྲུལ་འཁོར་ཐོག་མ”དེ་དུས་མཚམས་རང་བཞིན་གྱི་འཛུགས་བསྐྲུན་ཟིན་པ་དང་འབྲེལ། བདེ་བླག་ངང་འཁོར་སྐྱོད་བྱས་ཡོད་པ་རེད། དེས་ཏུན་རིམ་པ་དང་དེའི་ཡན་གྱི་དངོས་གཟུགས་ཆུ་ཚོད་རེར་སྤྱི་ལེ་1030ཡི་མྱུར་ཚད་ལ་སླེབས་འཇུག་ཐུབ་ཅིང་། སྤུས་ཚད་ཆེ་བའི་དངོས་པོའི་མྱུར་ཚད་མགྱོགས་སུ་གཏོང་བའི་གློག་སྡུད་ལག་རྩལ་ཐད་འཛམ་གླིང་གི་ཆེས་མཐོ་བའི་མྱུར་ཚད་ཀྱི་ཟིན་ཐོ་བཏོད་ཡོད། དེ་དང་ཆབས་ཅིག་མྱུར་བགྲོད་འདེད་ཤུགས་ཆེ་བའི་དྲང་ཐིག་གློག་འཕྲུལ་དང་ཀྲའོ་ཝ་བརྒྱ་རིམ་པའི་འགུལ་ཚད་ཆེ་བའི་གློག་སྒྱུར་སོགས་འགག་རྩའི་ལག་རྩལ་ཆེ་གྲས་ལྔ་ཚང་མ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད།

ཆུ་ཚོད་རེར་སྤྱི་ལེ་1000ལྷག་བགྲོད་ཐུབ་པའི་འཁོར་རིགས་ཤིག་ཐོན་འདུག

      ཤེས་རྟོགས་བྱུང་བར་གཞིགས་ན། མྱུར་བགྲོད་ས་ངོས་འགྲིམ་འགྲུལ་དང་མཁའ་འགྲུལ་འཕུར་སྐྱོད་ཡོ་བྱད་སོགས་མྱུར་བགྲོད་སྔོན་ཐོན་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་བྱེད་པར་ངེས་པར་དུ་རྙོག་འཛིང་ཆེ་བའི་འགུལ་རྣམ་ནང་གི་མཁའ་རླུང་སྒུལ་ཤུགས་རིག་པ་དང་། མཁྲེགས་ཚད་མཐོ་བའི་སྔོན་ཐོན་རྒྱུ་ཆ། མྱུར་བགྲོད་ཚད་ལེན་ཚོད་འཛིན་སོགས་ཚན་རིག་ལག་རྩལ་གྱི་གནད་དོན་རབ་དང་རིམ་པ་ཐག་གཅོད་བྱེད་དགོས། གློག་སྡུད་ལག་རྩལ་ལ་བརྟེན་ནས་བཙུགས་པའི་གློག་སྡུད་འགྲུལ་འཁོར་སྒྲིག་ཆས་ལ་འདེད་ཤུགས་ཆེ་བ་དང་། དང་ལེན་མགྱོགས་པ། གནད་འཁེལ་ཚོད་འཛིན་ཐུབ་པ་སོགས་ཀྱི་དགེ་མཚན་མངོན་གསལ་དོད་པོ་ལྡན་པས།གོང་གི་གནད་དོན་ཐག་གཅོད་བྱེད་པར་ཚོད་ལྟའི་བྱེད་ཐབས་གལ་ཆེན་འདོན་སྤྲོད་བྱས་ཡོད།

ཆུ་ཚོད་རེར་སྤྱི་ལེ་1000ལྷག་བགྲོད་ཐུབ་པའི་འཁོར་རིགས་ཤིག་ཐོན་འདུག

     དེ་དང་ཆབས་ཅིག རྣམ་གྲངས་དེས་ཤུགས་ཚད་ཆེ་བའི་གློག་ཤུགས་གཞན་སྒྱུར་དང་ཚོད་འཛིན། ཁབ་ལེན་འཕྱོ་གཡེང་།   གེགས་མེད་ཁབ་ལེན་ར་བ། དེ་བཞིན་ཚད་བརྒལ་མྱུར་ཚད་ཀྱི་གློག་སྡུད་འཕེན་གཏོང་དང་སྐུལ་འདེད་སོགས་ཕྱོགས་མང་པོའི་ཐད་ཀྱི་སྔོན་ཐོན་ལག་རྩལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད ་ཐུབ་རྒྱུ་དང་། རང་རྒྱལ་གྱི་གློག་སྡུད་སྒུལ་ཤུགས་དང་དེའི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཞིབ་འཇུག་གསར་སྤེལ་དང་གྲུབ་འབྲས་གཞན་སྒྱུར། ཐོན་ལས་ཅན་བཅས་ལ་དགེ་མཚན་ལྡན་པའི་ཆ་རྐྱེན་བསྐྲུན་ཡོད་ལ། རང་རྒྱལ་གྱི་བོངས་ཆེ་བའི་སྔོན་ཐོན་མྱུར་བགྲོད་སྒྲིག་ཆས་རྒྱུན་མཐུད་མགྱོགས་མྱུར་འཕེལ་རྒྱས་དང་མྱུར་བགྲོད་ཚན་རིག་ལག་རྩལ་ཞིབ་འཇུག་ལ་འདེགས་སྐྱོར་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

ཆུ་ཚོད་རེར་སྤྱི་ལེ་1000ལྷག་བགྲོད་ཐུབ་པའི་འཁོར་རིགས་ཤིག་ཐོན་འདུག


  • ལེ་ཚན་སྔོན་མ།:བསམ་བློ་གསར་པས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྣེ་ཁྲིད་བྱ་དགོས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།