ཧྥུང་ཧྥ་ཀུའེ་ཁུལ་སྲིད་གྲོས་ཀྱི་གྲོས་བསྡུར་ཚོ་ཆུང་འདིར་ཞུགས།

        2023-01-04

ཧྥུང་ཧྥ་ཀུའེ་སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་དཔལ་འབྱོར་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཚོ་ཆུང་དུ་ཞུགས་སྐབས།

     འགྲན་འཐབ་ཀྱི་ཁོར་ཡུག་སྐྲུན་པ་དང་། འགྲན་འཐབ་ཀྱི་སྒུག་ཤུགས་སྣོན་པ། འགྲན་འཐབ་ཀྱི་གྲུབ་རྐྱེན་འགན་སྲུང་། འགྲན་འཐབ་ཀྱི་བཀག་རྒྱ་གཏོར་དགོས་ཞེས་ནན་གསུང་གནང་།

     སྤྱི་ཟླ་དང་པོའི་ཚེས3ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཧྥུང་ཧྥ་ཀུའེ་སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་དཔལ་འབྱོར་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཚོ་ཆུང་གི་ཨུ་ཡོན་གྲོས་བསྡུར་ཚོགས་འདུར་ཞུགས་ནས་སྲིད་གྲོས་ཨུ་ཡོན་གྱི་བསམ་འཆར་དང་གྲོས་འགོར་གསན་པ་རེད། ཁོང་གིས་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་ཚོས་ཞིང་ཆེན་དང་ཁུལ་གྱི་དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་གྱི་བླང་བྱ་དོན་ལ་འཁྱོལ་པའི་ཁྲོད་ཡིད་ཆེས་བརྟན་པོ་དང་འགན་ཁུར་བྱས་རྗེས་བཞག་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་དུས་རབས་ཀྱི་ཡིག་རྒྱུགས་ཧུར་ཐག་འབུལ་ཆེད་སྟོབས་ཤུགས་གལ་ཆེན་བྱས་རྗེས་སུ་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།

     ཚོགས་འདུར་ཚོགས་ཞུགས་ཨུ་ཡོན་གྱིས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏོང་བའི་གཙོ་དོན་ལ་དམིགས་ཏེ། ལས་རིགས་ཀྱི་དོན་དངོས་དང་ལས་གནས་ཀྱི་འགན་འཁྲི་དང་ཟུང་དུ་སྦྲེལ་ནས་འགྱུར་ལྡོག་དང་མྱོང་ཚོར་གླེང་ཞིང་། གྲོས་འགོ་དང་ཐབས་ཇུས་བཟང་པོ་བཏོན་པ་རེད། ཧྥུང་ཧྥ་ཀུའེ་ཡིས་ཨུ་ཡོན་གྱི་གྲོས་འགོའི་བསམ་འཆར་ལ་ནན་ཏན་ངང་གསན་རྗེས་ཨུ་ཡོན་ཚོས་རང་འགན་གཙང་སྒྲུབ་དང་སྲིད་ཞུགས་སྲིད་གྲོས་ཧུར་ཐག་བྱེད་པར་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་འདས་པའི་ལོ་གཅིག་ནི་དཀར་མཛེས་ཁུལ་འཕེལ་རྒྱས་ཀྱི་ལོ་རྒྱུས་སུ་ཆེས་ལས་སླ་པོ་མིན་ལ་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་རེད། ཁུལ་སྲིད་གྲོས་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་གྱིས་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག། ཁུལ་ཨུའི་སྤྱི་ཡོངས་ལས་དོན་བཀོད་སྒྲིག་ལ་དམ་དུ་དམིགས་ཤིང་། ལྷག་བསམ་རྣམ་དག་གི་འགན་འཁྲི་བསྒྲུབས་ཤིང་འཇོན་ནུས་ཧུར་ཐག་བཏོན་པ་དང་། ཆབ་སྲིད་ལ་དང་དོད་དང་། ཁྱད་ཆོས་ལྡན་པ། ཕན་འབྲས་ལ་སྣང་ཆེན་བྱས་ནས་མཐུན་སྒྲིལ་དང་། ཕྱུག་འབྱོར། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱ་ཆེད་བྱས་རྗེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད། 

     ཧྥུང་ཧྥ་ཀུའེ་ཡིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་ཡིན་ལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱེད་པའི་འགག་རྩའི་ལོ་ཡང་ཡིན། དཔལ་འབྱོར་དང་བཟོ་ཚོང་ལས་རིགས་ཀྱི་ཨུ་ཡོན་ཚོས་གདོང་ལེན་པ་དང་དཔེ་སྟོན་མཁན་བྱས་ནས་དཀར་མཛེས་ཁུལ་གྱི་དཔལ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་ཆེད་བློ་རིག་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། འགྲན་འཐབ་ཀྱི་ཁོར་ཡུག་བསྐྲུན་དགོས། ཁྲོམ་རའི་བྱེད་པོས་ནང་གི་ནུས་པ་སྦྱོང་བརྡར་ཡག་པོ་བྱེད་ཅིང་། ཁེ་ལས་སུ་བསྒྱུར་ནས་རིམ་པ་སྤར་གང་ཐུབ་དང་། ཁེ་ལས་ཀྱི་བཅོས་སྐྱོང་ཆུ་ཚད་མཐོ་རུ་བཏང་ནས་འཕར་གཞི་གསར་པ་འཚོལ་ཐུབ་དགོས། རིམ་ཁག་སྲིད་གཞུང་གིས་འཕེལ་རྒྱས་ཀྱི་ལས་འགན་གལ་ཆེན་ལ་དམིགས་ཏེ་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་དང་ཁེ་ལས་ཀྱི་བྱེད་པོ་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་བྱས་རྗེས་ཧུར་ཐག་གཞག་དགོས་པ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་དགོས། འགྲན་འཐབ་ཀྱི་སྒུག་ཤུགས་བསྣན་དགོས། སྲིད་གཞུང་དང་ཁྲོམ་ར་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་དགོས་ཤིང་། ཚོང་རའི་བྱེད་པོ་ལ་ཕན་འབྲས་ལྡན་དགོས་པ་དང་། སྲིད་གཞུང་རིམ་པ་ཁག་ལ་འགན་འཁྲི་ཡོད་དགོས། སྲིད་གཞུང་རིམ་པ་ཁག་དང་དཔལ་འབྱོར་སྡེ་ཁག་གིས་དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་བྱེད་པར་བསྔགས་སྐུལ་དང་གཅུན་འདོམས་དཔྱད་ཞིབ་ཀྱི་ནང་སྲོལ་འཛུགས་དགོས། འགྲན་འཐབ་ཀྱི་གྲུབ་རྐྱེན་འགན་སྲུང་བྱ་དགོས། ལས་གཞི་འདེགས་སྐྱོར་དུ་བྱ་རྒྱུ་རྒྱུན་འཁྱོངས་ནས། མ་དངུལ་དང་། ཤེས་ལྡན་མི་སྣ། ས་ཞིང་། ཁོར་ཡུག་སོགས་གྲུབ་རྐྱེན་གཙོ་བོའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏང་དགོས། འགྲན་འཐབ་ཀྱི་བཀག་རྒྱ་གཏོར་དགོས། བསམ་བློའི་འདུ་ཤེས་ཀྱི་བཀག་རྒྱ་གཏོར་ནས་སྒོ་འབྱེད་ཀྱི་མཐོང་རྒྱ་དང་བློ་རྒྱ་སྔར་ལས་ཆེ་བ་དང་། མ་སྐུལ་དང་ལེན་གྱིས་བྱ་བ་ཧུར་ཐག་སྒྲུབ་པའི་སྒོ་ནས་འཕེལ་རྒྱས་དམ་འཛིན་བྱ་དགོས། རྨང་གཞིའི་སྒྲིག་བཀོད་ཀྱི་བཀག་རྒྱ་གཏོར་ནས་འགྲིམ་འགྲུལ་དང་། ཟོག་འགྲེམས། གློག་ཤུགས་ཁྲིད་ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་གསབ་དགོས། གྲོས་མོལ་ལས་སྟེགས་ཀྱི་བཀག་རྒྱ་གཏོར་ནས་སྲིད་གཞུང་དང་ཁེ་ལས་བར་གྱི་འབྲེལ་གཏུག་གྲོས་མོལ་དང་། གནད་དོན་བརྡ་ལེན། གོ་སྐབས་གསལ་ཐོ་བཅས“ལས་སྟེགས་གསུམ”ཡག་པོ་འཛུགས་དགོས། སྲོལ་རྒྱུན་གྱི་ཚོང་འགུགས་བྱེད་སྟངས་ཀྱི་བཀག་རྒྱ་གཏོར་ནས་དྲ་བའི་འཕྲིན་སྦྱོར་གསར་པ་བེད་སྤྱོད་ཡག་པོ་བྱེད་ཅིང་། ཚོང་འགུགས་གནད་ལ་སྨིན་བ་དང་ལས་ཕྱོད་ཆེ་བ་བྱས་ཏེ། དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་ལ་ཕན་འབྲས་དེ་བས་ཆེ་བ་འཐོབ་པའི་འགན་ལེན་བྱས་ནས་ཞིང་ཆེན་ཡོངས་ལ་བྱས་རྗེས་མང་ཙམ་འབུལ་དགོས། 

     ཚོགས་འདུ་མ་འཚོག་གོང་ཧྥུང་ཧྥ་ཀུའེ་ད་དུང་ཁུལ་སྲིད་གྲོས་ཨུ་ཡོན་ཚོའི་འདུག་གནས་སུ་ཕེབས་ནས་ཚོགས་འདུར་ཞུགས་མཁན་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ལ་བྱམས་བརྩེའི་འཚམས་འདྲི་གནང་ཞིང་། ཚང་མར་ལོ་གསར་གྱི་སྨོན་འདུན་ཞུས་པ་རེད། 

     ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་གིས་གྲོས་བསྡུར་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཏེང་ལི་ཅུན། ཁུལ་སྲིད་གཞུང་གི་དྲུང་ཆེན་གྲོས་བསྡུར་ནང་ཞུགས་པ་རེད།།




ཐུབ་ཀྱིས་བསྒྱུར་ནས་ཞུས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཧྲེན་དབྱང་རྟའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས།
  • ལེ་ཚན་རྗེས་མ།:ཧྥུང་ཧྥ་ཀུའེ་དར་མདོ་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས།
  • དོ་སྣང་ཆེ་བའི་རྩོམ།