དོན་དག་འདི་ཁྱེད་ཉིད་ཀྱི་ཁང་བའི་དངུལ་བུན་དང་འབྲེལ་བ་ཡོད།

    མི་དམངས་དྲ་བ།    2023-01-10

   ཉེ་ཆར། མི་དམངས་དངུལ་ཁང་དང་དངུལ་ཁང་འགན་བཅོལ་ལྟ་སྐུལ་ཨུ་ལྷན་གྱིས་བརྡ་ཐོ་བཏང་ནས། སྡོད་ཁང་ཐོག་མའི་དངུལ་བུན་གྱི་སྐྱེད་ཚད་སྲིད་ཇུས་ལ་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་ཐོག་མ་འཛུགས་རྒྱུའི་གཏན་འབེབས་བྱས་པ་རེད། གསར་དུ་བསྐྲུན་པའི་ཚོང་སྒྱུར་སྡོད་ཁང་གི་ཕྱིར་ཚོང་རིན་གོང་ཟླ་གོང་མའི་དུས་མཚུངས་དང་ལོ་གོང་མའི་དུས་མཚུངས་ལས་ཟླ་གསུམ་བསྟུད་མར་ཆག་པའི་གྲོང་ཁྱེར་དུ། དུས་མཚམས་རང་བཞིན་གྱི་སྒོ་ནས་ས་གནས་དེ་གའི་སྡོད་ཁང་ཐོག་མའི་དངུལ་བུན་གྱི་སྐྱེད་ཚད་དམའ་ཤོས་ཀྱི་སྲིད་ཇུས་རྒྱུན་འཁྱོངས་དང་། དམའ་རུ་གཏོང་བའམ་ཡང་ན་མེད་པར་བཟོ་ཆོག་གི་ཡོད་པ་རེད། 
     མི་དམངས་དངུལ་ཁང་གིས་བསྟན་དོན། སྡོད་ཁང་དངུལ་བུན་གྱི་སྐྱེད་ཚད་སྲིད་ཇུས་དེ་གསར་དུ་བསྐྲུན་པའི་སྡོད་ཁང་གི་རིན་གོང་འཕེལ་ཕྱོགས་དང་སྦྲེལ་བ་དང་། འགུལ་རྣམ་ལེགས་སྒྲིག་བྱས་པ་དེས་གྲོང་ཁྱེར་སྲིད་གཞུང་གིས་ས་གནས་དེ་གའི་ཚོང་སྒྱུར་སྡོད་ཁང་ཕྱིར་ཚོང་རིན་གོང་གི་འགྱུར་ལྡོག་ལ་ཚན་རིག་དང་མཐུན་པའི་དཔྱད་དཔོག་བྱ་རྒྱུར་ཕན་ཐོགས་ཡོད། “གྲོང་བསྟུན་ཇུས་བསྟར”ཐད་སྲིད་ཇུས་ཀྱི་བྱེད་ནུས་གང་ལེགས་སྤྱོད་རྒྱུ་དང་། དགོས་ངེས་ཀྱི་སྡོད་ཁང་གི་དགོས་མཁོར་རྒྱབ་སྐྱོར་བྱས་ནས་ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཁོར་སྐྱོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་ཡུན་ཕན་ལམ་སྲོལ་ཆགས་དགོས།

  • ལེ་ཚན་སྔོན་མ།:ཐང་གའི་དཔེ་ཆ་བོད་རྒྱ་ཤན་སྦྱར་མ་འདི་པར་སྐྲུན་བྱས་འདུག
  • ལེ་ཚན་རྗེས་མ།:2022ལོའི་རང་རྒྱལ་གྱི་ལོ་ཧྲིལ་པོའི་འབྲུ་རིགས་བསྡུ་ཉོ་བྱེད་ཚད་རྒྱ་མ་དུང་ཕྱུར་8000ཟིན་ཡོད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10