ཞི་ཅིན་ཕིང་གིས་ཧུང་ཆི་ལཱ་ཕུའུ་རྒྱལ་འགག་གི་ལས་མིར་འཕྲིན་ལན་གནང་།

ཨོ་རྒྱན་གྱིས་བསྒྱུར།        2023-09-14

ཞི་ཅིན་ཕིང་གིས་ཧུང་ཆི་ལཱ་ཕུའུ་རྒྱལ་འགག་གི་ཁོངས་མི་ཡོངས་ལ་ཡིག་ལན་བསྐུར་ནས་ནན་གསུང་གནང་དོན། 

རྒྱལ་འགག་དཔུང་སྡེའི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏང་དགོས། 

ཏང་ཐུགས་བློ་བདེ་པོ་ཡོང་བ་དང་མི་དམངས་བློ་ཡིད་ཚིམ་པའི་རྒྱལ་མཚམས་ཀྱི་སྲུང་དམག་ཡག་པོ་ཞིག་བྱ་དགོས་ཞེས་གསུངས།


     ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ9པའི་ཚེས11ཉིན་ཧུང་ཆི་ལཱ་ཕུའུ་རྒྱལ་འགག་གི་ཁོངས་མི་ཡོངས་ལ་འཕྲིན་ལན་སྤྲིངས་གནང་བ་དང་། རྒྱལ་འགག་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་པས་འགན་དཀྲི་དང་འོས་འགན་དེ་བས་ལེགས་པར་བསྒྲུབ་རྒྱུའི་ཐད་ཐུགས་རེ་ནན་པོ་བཅོལ་གནང་ཡོད་པ་རེད།

     ཞི་ཅིན་ཕིང་གི་འཕྲིན་ལན་ནང་། ཁྱེད་ཚོས་མཐོ་གྲང་དང་གསོ་རླུང་མི་འདང་བ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་དེ། ས་མཐོའི་མཐའ་མཚམས་ཀྱི་རྒྱལ་སའི་མཁར་སྒོར་རྐང་པ་བརྟན་པོ་ཚུགས་པ་དང་། ལས་གནས་བརྟན་སྲུང་། ལྷག་བསམ་རྣམ་དག་གི་སྒོ་ནས་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ། སྤྱིར་བཏང་མིན་པའི་བྱས་རྗེས་བཏོད་པ་དང་། དུས་རབས་གསར་པའི་རྒྱལ་འགག་ལས་ཁུངས་ཀྱི་མི་སྣའི་འབད་འབུང་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་གང་ལེགས་མཚོན་པར་བྱས་ཡོད། ད་ལོ་ནི་རྒྱལ་འགག་ལས་ཁུངས་ཀྱི་ལས་མིའི་གོ་གནས་མཚོན་རྟགས་ལམ་ལུགས་ལག་ལེན་བསྟར་ནས་ལོ་ངོ20འཁོར་བའི་ལོ་ཡིན་པས། གོ་སྐབས་འདི་དང་བསྟུན་ནས་རྒྱལ་འགག་ལས་ཁུངས་ཀྱི་བློ་མཐུན་ཡོངས་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

     ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་འགག་ལས་ཁུངས་ཀྱིས་རྒྱལ་མཚམས་ལྟ་སྲུང་དང་། གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་ཡོད་པས། རྒྱལ་འགག་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། བློ་མཐུན་ཚོས་རྒྱལ་ཁབ་ཀྱི་དོན་ཆེན་སེམས་ལ་འཆང་བ་དང་། རྒྱལ་འགག་དཔུང་ཁག་གི་ཕུལ་བྱུང་གོམས་སྲོལ་དར་སྤེལ་བཏང་ཐོག། ལྟ་སྐུལ་དོ་དམ་གྱི་འཇོན་ནུས་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏང་རྒྱུ་དང་། རྒྱལ་འགག་བདེ་འཇགས་སྲུང་ར་བརྟན་སྲུང་གིས་སྤུས་མཐོའི་གོང་འཕེལ་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་རམས་འདེགས། ཏང་ཐུགས་བློ་བདེ་པོ་དང་མི་དམངས་བློ་ཡིད་ཚིམ་དུ་འཇུག་པའི་རྒྱལ་མཚམས་སྲུང་དམག་ཡག་པོ་ཞིག་བྱས་ཏེ། སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་དུ་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།

     ཧུང་ཆི་ལཱ་ཕུའུ་རྒྱལ་འགག་ནི་འཚོ་ཐབས་དཀའ་བའི་ཁུལ་དུ་འབོད་པའི་ཧྥ་སྨིར་མཐོ་སྒང་དུ་གནས་པ་དང་། རྒྱལ་འགག་གནས་ས་དེ་ནི་རང་རྒྱལ་དང་ཕ་ཀི་སི་ཐན་དབར་གྱི་རྒྱལ་མཚམས་སྒྲོལ་སའི་སྐམ་སའི་བགྲོད་ལམ་ཉག་གཅིག་དེ་ཡིན། 2005ལོར། ཧུང་ཆི་ལཱ་ཕུའུ་རྒྱལ་འགག་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཀའ་སྤྱད་འབད་ཐབས་བྱེད་ཕོད་པའི་རྒྱལ་འགག་མིག་དཔེ་ཞེས་པའི་གཟི་བརྗིད་མཚན་སྙན་བསྩལ་བ་དང་། ད་ལོར་རྒྱལ་ཡོངས་ཀྱི་རྒྱལ་འགག་ལས་ཁུངས་ཀྱི་སྔོན་ཐོན་མཉམ་སྡེབ་ཏུ་བདམས་ཡོད། རྒྱལ་འགག་ལས་ཁུངས་ཀྱི་ལས་མིའི་གོ་གནས་མཚོན་རྟགས་ལམ་ལུགས་ལག་བསྟར་བྱས་ནས་ལོ20འཁོར་བའི་སྐབས་འདིར། ཧུང་ཆི་ལཱ་ཕུའུ་རྒྱལ་འགག་ཁོངས་མི་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་རྒྱལ་མཚམས་རྒྱུན་མཐུད་སྲུང་བ་དང་། གོང་འཕེལ་ལ་ཞབས་འདེགས་ཞུ་བའི་གནས་ཚུལ་སྙན་སེང་ཞུས་ཡོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་ཆོད་སེམས་མཚོན་པར་བྱས་ཡོད།


  • ལེ་ཚན་སྔོན་མ།:ཞིང་ལས་གྲོང་གསེབ་པུས་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཚད་ལྡན་ཅན་གྱི་དཔེ་སྟོན་རྟེན་གཞི་འཛུགས་གཏོད་ཀྱི་ཚན་པ་ཁག་དང་པོ་ཁྱབ་བསྒྲགས་བྱས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།