དགེ་བའི་བཤེས་གཉེན།

ཁམས་ཟླ་སྲས།        2023-09-13

དེ་རིང་སྒེར་འབྲེལ་གྱི་ལས་བྱ་མི་འབྲི་

བར་རིག་པའི་གཤོག་ཟུང་གི་ལྷུ་ལག་ཆ་

ཚང་འཛོམས་པའི་རྒོད་པོ་ཞིག་ལ་

ཁ་གཡང་དང་སྨོན་ཚིག་གི་མཐའ་

བརྒྱན་ཞིང་སྙན་ཆང་གི་སྣེ་ལེན་གྱ་

ནོམ་པ་ཞིག་བགྱིས་པའི་ལས་སུ་

བརྩམ་པར་གྱུར་ཏེ།

རྟེན་འབྲེལ་ཞུ་ཚིག་གི་ཕྲེང་བ་སྔོན་ལ་

བསྟར་ཏེ་བརྗིད་ཆགས་པའི་དམར་ཡག་

སྟག་དང་འདྲ་བའི་བཤེས་གཉེན་དམ་

པའི་སྐུ་དྲུང་དུ་སྨྲ་བའི་སྤོབ་སེམས་རྒྱ་

ཆེར་བསྐྱེད་དེ་དྲང་པོའི་མདའ་དང་

ཚིག་གི་གཞུ་མོ་འདི་ལྟར་འཕངས་ཡོད།

སྙན་སྐལ་རིག་པའི་མེ་ཏོག་གངས་རིའི་

དབུ་རྩེ་རུ་དལ་གྱིས་སྒྲེང་པའི་བྱམས་

བརྩེའི་བློ་ཁོག་ཤིན་ཏུ་ཡངས་པའི་

དགེ་བའི་བཤེས་གཉེན་དམ་པ་ལྟོངས་

བའི་ཀློང་དུ་འཛུམ་མོལ་མོལ་གྱི་

བཞད་པའི་ཟླ་བའི་བསིལ་

ཟེར་གཉོམ་པོ།

བདག་ཅག་གི་ཡིད་ལ་བཅིང་བའི་རེ་

བའི་འོད་དཀར་ཟེགས་མ་ད་གཟོད་

མཐོང་དུས།

རྫུན་བག་དང་གཡོ་སྒྱུའི་མི་སེམས་

གསོད་པའི་ཁྲམ་པ་འགའ་ཞིག་མི་

སེམས་ཀྱི་རླུང་ཁའི་ལྡིར་སྒྲ་སྒྲོག་པའི་

མུན་ཀློང་གི་སྐྱེད་ཚལ་ཞིག་ནས་ཤེས་

རབ་ཀྱི་མེ་ཏོག་ཅིག་གིས་མུན་པའི་བ་

གམ་གློ་བུར་དུ་དཀྲོག་དུས་དགེ་བའི་

བཤེས་གཉེན་དམ་པ་དེ་ནི་ཁྱད་དུ་

འཕགས་པ་ཞིག་རེད།

ས་ཆེན་པོའི་ཁྱོན་འདིར་དེ་སྔོན་མི་བུ་ཁྲི་

ཁྲི་འབུམ་འབུམ་ཞིག་རིམ་པ་བཞིན་དུ་

སྐྱེ་མྱོང་ལ་ཡོད་ཀྱང་མྱོང་ན་ཡང་ལྷག་

བསམ་གྱི་འདབ་མ་གངས་ཀྱི་རི་བོ་ལྟར་

དུ་བརྗིད་ཅིང་ལྷད་མེད་པའི་ཤེས་རབ་

ཀྱི་འདབ་མ་འཐུ་མཁན་ཁྱེད་རང་

གཅིག་པུ་ལགས།

ཐོས་པའི་ཤེས་རབ་ཞན་ཞིང་སྐྱེས་

སྟོབས་ཀྱི་བསོད་ནམས་དམན་པའི་ཕལ་

བ་རང་ལྟ་བུ་ཞིག་ལ་མཚོན་ན་ཅི་ཡང་

མི་ནུས་པའི་ན་ཚོད་ཅིག་ལ་བཤེས་

གཉེན་དམ་པ་གང་གིས་འབད་འབུངས་

དང་རྔུལ་ཆུའི་ཐིགས་པ་རེ་རེ་བསགས་

ཏེ་ཕལ་བའི་ཡིད་ངོགས་སུ་ཤེས་རིག་གི་

སྐྱེད་ཚལ་བཀྲམ་མྱོང་།



  • ལེ་ཚན་སྔོན་མ།:མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་སློབ་མ་ཚོས་དགེ་རྒན་དུས་ཆེན་ལ་ཕུལ་བའི་མཆོད་པ།
  • ལེ་ཚན་རྗེས་མ།:དགེ་རྒན་ནི་ཅི་ཞིག་རེད།