བདེ་ཆེན་གྱིས་བསྒྱུར། 2023-09-12
སྤྱི་ཟླ9པའི་ཚེས8ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཤོག་དམག78པར་གཟིགས་ཞིབ་གནང་བར་ཕེབས་ཏེ། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་ལག་བསྟར་མཐར་ཕྱིན་བྱེད་པ་དང་།དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ།ཤོག་དམག་འཛུགས་སྐྱོང་དོ་དམ་དང་དམག་འཐབ་བྱེད་སྟངས་གསར་གཏོད་བྱེད་པ། དམག་དཔུང་གི་དམག་གྲབས་དང་དམག་རྒྱག་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་ནུས་ལྡན་ངང་བསྒྲུབ་དགོས་ཞེས་གསུངས་པ་རེད།
སྤྱི་ཟླ9པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཤོག་དམག78པར་གཟིགས་ཞིབ་གནང་བར་ཕེབས་པ་རེད། འདི་ནི་ཞི་ཅིན་ཕིང་གིས་ཤོག་དམག78པའི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བཞིན་པ་རེད། (ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལི་ཀང་གིས་པར་བླངས།)
སྔ་དྲོའི་ཆུ་ཚོད9དང་སྐར་མ30ཙམ་ལ། ཞི་ཅིན་ཕིང་ཤོག་དམག78པའི་ལས་ཁུངས་སུ་ཕེབས་པ་དང་།སྤྲོ་སེམས་འཕེལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཤོག་སྒྲིག་དཔུང་ཚོགས་ཀྱི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
ཞི་ཅིན་ཕིང་གིས་ཐོག་མར་གསུངས་དོན། དུས་མཚམས་གོང་མར་རང་རྒྱལ་གྱི་ཧྭ་བྱང་དང་བྱང་ཤར་སོགས་ས་ཁུལ་དུ་ཆར་པ་ཆེན་པོ་བབས་པ་དང་ཆུ་ལོག་གི་ས་གཤིས་གནོད་འཚེ་ཚབས་ཆེན་ཐེབས་པ་རེད། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་བཀའ་ཐོས་འཕྲལ་བྱ་སྤྱོད་སྤེལ་བ་དང་ལས་འགན་ལྗིད་པོ་འཁུར་ཕོད་པ། ཆུ་ལོག་སྔོན་འགོག་དང་ཆུ་ལོག་འགོག་པའི་རྒུད་སྐྱོབ་ལས་ཀ་ནང་མྱུར་དུ་ཞུགས་པས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་སྲུང་གང་ཐུབ་བྱས་ཤིང་། འཕྲལ་རྒོལ་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། མི་དམངས་བུ་སྤུན་དམག་གི་གཟུགས་བརྙན་བཟང་པོ་མཚོན་པར་བྱས་ཡོད།
ཞི་ཅིན་ཕིང་གིས་ཤོག་དམག78པ་ལེགས་སྒྲིག་བྱས་ཏེ་བཙུགས་པ་ནས་བཟུང་དམག་དཔུང་འཛུགས་སྐྱོང་དང་ལས་འགན་སྒྲུབ་པའི་གནས་ཚུལ་ལ་ཁས་ལེན་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། དམག་དོན་འཐབ་རྩོད་གྲ་སྒྲིག་གི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ་དང་། དཀའ་གནད་སློབ་ཚན་གྱི་ཆེད་སྦྱོང་ལ་ཤུགས་རྒྱག་པ། དམག་འཐབ་སྟོབས་ཤུགས་གསར་པའི་འཐབ་ནུས་འཛུགས་སྐྱོང་ལ་ཤུགས་རྒྱག་པ། ཁོངས་གཏོགས་ཀྱི་དམག་འཐབ་སྟོབས་ཤུགས་དང་དམག་འཐབ་ཚན་པ། དམག་འཐབ་རྒྱུ་རྐྱེན་གཙོ་བོ་སོགས་མཉམ་འདྲེས་གཅིག་སྡུད་བྱ་རྒྱུར་ཤུགས་རྒྱག་ནས་མཉམ་འབྲེལ་དམག་འཐབ་མ་ལག་ནང་མཉམ་འདྲེས་དམ་ཟབ་ཐུབ་པ་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། དམག་དཔུང་གི་ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་རྒྱག་པ་དང་། དམག་ཡོངས་ཀྱི་ཏང་འཛུགས་སྐྱོང་གི་ཚོགས་འདུའི་སྙིང་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་གོང་བུ་འགྲིལ་ཤུགས། དམག་འཐབ་ནུས་པ་བཅས་ཆེ་རུ་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་གཞི་རིམ་དམ་འཛིན་དང་རྨང་གཞི་འདིང་བ་དང་། དམག་དཔུང་གི་སློབ་གསོ་དོ་དམ་ནན་པོར་བྱེད་པ། དམག་དཔུང་གཅིག་བསྡུས་གཅིག་གྱུར་ཚད་མཐོན་པོ་དང་ཉེན་མེད་བརྟན་ལྷིང་ཡོང་བ་བཅས་བྱེད་དགོས། ཁག་གཉིས་པའི་གཙོ་དོན་སློབ་གསོ་སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་ཏེ། དམག་དཔུང་འཕེལ་རྒྱས་ཀྱི་བུམ་འགག་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་དང་། དཔོན་དམག་གི་སེམས་ཁྲལ་དང་དཀའ་གནད་ཧུར་ཐག་བསལ་ནས་ཤོག་དམག་འཛུགས་སྐྱོང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
ཀྲུང་ཡིའུ་ཞ་བཅས་བྱེད་སྒོའི་ནང་ཞུགས་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10