རི་ཆུས་བར་ཐག་བཅད་ཀྱང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-09-11

རང་ཁུལ་གྱིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཆང་བ་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི”ལག་ལེན་བྱ་སྤྱོད་ཀྱི་སྔོན་ཐོན་དཔེ་བཟང་འཐུས་མི་རྣམས་ཀྲེ་ཅང་སོགས་སུ་བསྐྱོད་ནས་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བཅས་ཀྱི་བྱེད་སྒོ་སྤེལ།

རི་ཆུས་བར་ཐག་བཅད་ཀྱང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ།
འཐུས་མི་ཚོས་ཞི་ཧུའུ་མཚེའུ་དངོས་མང་སྟོན་ཚོགས་བཤམས་སྟོན་ཁང་དུ་ལྟ་སྦྱོང་བྱེད་བཞིན་པ།

ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་སྙིང་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་རང་ཁུལ་གྱི“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཆང་བ་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི”ལག་ལེན་བྱ་སྤྱོད་མུ་མཐུད་དེ་ཇེ་བརྟན་ཇེ་ཟབ་ཏུ་གཏོང་བ་དང་། ཀྲེ་ཅང་དང་དཀར་མཛེས་ས་ཁུལ་གཉིས་ཀྱི་མང་ཚོགས་ཀྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་ཏུ་བཏང་སྟེ་ས་ཁུལ་གཉིས་ཀྱི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར། རང་ཁུལ་གྱིས་བློ་རྩེ་གཅིག་སྒྲིམ་གྱིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཆང་བ་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི”ལག་ལེན་བྱ་སྤྱོད་ཀྱི་སྔོན་ཐོན་དཔེ་མཚོན་འཐུས་མི60ཧང་ཀྲོའུ་གྲོང་ཁྱེར་དང་ཧུའུ་ཀྲོའུ་གྲོང་ཁྱེར། ཁྲེང་ཏུའུ་གྲོང་ཁྱེར་སོགས་སུ་བསྐྱོད་ནས་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བཅས་ཀྱི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་། འཐུས་མི་ཚོས་སྔ་རྗེས་སུ་ཀྲེ་ཅང་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལུའུ་ཉི་ཧའེ་ཡིས《མི་རིགས་མཐུན་སྒྲིལ་ལ་ཤུགས་བརྒྱབ་ནས་ཏང་གི་མི་རིགས་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏོང་དགོས》དང་ཀྲེ་ཅང་ཞིང་ཆེན་མི་རིགས་ཆོས་ལུགས་ཞིབ་འཇུག་ཨུ་ལྷན་གྱི་ཚོགས་གཙོ་མོ་ཞིང་ཧྥུ་ཡིས《མི་རིགས་མཐུན་སྒྲིལ་ལ་ཤུགས་བརྒྱབ་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཆང་བ》ཡི་སྐོར་གྱི་ངོ་མཚར་ཆེ་བའི་འཆད་ཁྲིད་ལ་ཉན་པ་རེད། བསམ་བློའི་ཁྲིད་སྟོན་དང་རིག་གནས་ཀྱི་སྣེ་ཁྲིད། དད་སེམས་ཀྱི་སྣེ་ཁྲིད་བཅས་བརྒྱུད་ནས་འཐུས་མི་ཚོས་བསམ་བློའི་ཐུན་མོང་ངོས་འཛིན་སྔར་བས་གཅིག་ཏུ་འགྲིལ་བ་དང་།ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས“འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་སྔར་བས་བརྟན་པོ་བཙུགས་པ་རེད།

འཐུས་མི་ཚོས་ད་དུང་ཕུགས་འདུན་གྲོང་རྡལ་ཆུང་ངུ་དང་། ཨན་ཅི་ཡུས་གྲོང་ཚོ། ཝའེ་ཐུང་ཝུའུ་གྲོང་ཚོ། ཐུང་ལུའུ་ཧོ་ལིང་གྲོང་ཚོ། ཐུང་ལུའུ་མུའུ་ལིང་གྲོང་ཚོ། ཅ་ཤིང་ནན་ཧུའུ་གསར་བརྗེ་དྲན་གསོ་ཁང་། ལྔ་བཞིའི་རྩ་ཁྲིམས་དང་ལོ་རྒྱུས་དཔྱད་གཞིའི་བཤམས་སྟོན་ཁང་། ཞི་ཧུའུ་མཚེའུ་དངོས་མང་སྟོན་ཚོགས་བཤམས་སྟོན་ཁང་། ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧོའུ་ཆུས་གློག་རྡུལ་ཚོང་དོན་རྟེན་གཞི་སོགས་སུ་ལྟ་སྦྱོང་བྱས་ནས། རླབས་ཆེན་མེས་རྒྱལ་གྱི་འཕེལ་རྒྱས་འགྱུར་ལྡོག་དང་མིག་སྔའི་འཚོ་བ་ལས་སླ་པོ་མིན་པའི་མྱོང་ཚོར་དངོས་ཐོབ། ལྟ་སྦྱོང་བྱས་པ་བརྒྱུད་འཐུས་མི་ཚོའི་ནང་གནས་ཀྱི་སྒུལ་ཤུགས་སྔར་བས་འཕེལ་བ་དང་། བསམ་གཞིག་རྒྱ་ཆེར་ཕྱིན་པ། ཞིང་སྡེ་གསར་པ་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གསར་པ་འཚོལ་ཞིབ་ཐུབ་པ་བཅས་བྱུང་ནས་འཐུས་མི་ཚོའི་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་ཆེ་རུ་ཕྱིན་ནས“ངོས་འཛིན་ལྔ”ཆེ་རུ་ཏན་ཏིག་ཕྱིན་ཡོད་པ་རེད།

“རི་གཉིས”ཀྱི་འདུ་ཤེས་འབྱུང་ཁུངས་ཨན་ཅི་ཡུས་གྲོང་ཚོར། འཐུས་མི་ཚོས་ཡུས་གྲོང་ཚོའི་ཧྲུའུ་ཅི་རྒན་པ་པའོ་ཞིན་མིན་དང“ཞིང་སྡེའི་སྤྲོ་སྐྱིད་གླིང”གི་འཐུས་མི་ཕན་ཁྲུན་ལིན་སོགས་ས་གནས་དེ་གའི་གྲོང་མི་དང་མཉམ་དུ་ཁྱིམ་ཚང་ཕན་ཚུན་སྤེལ་རེས་རང་བཞིན་གྱི་མཐུན་འབྲེལ་བྱེད་སྒོ་སྤེལ། མཐུན་འབྲེལ་ཁྲོད་ཕྱོགས་གཉིས་པོས་སོ་སོའི་ཁྱིམ་ཚང་གི་གནས་ཚུལ་དང་ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་ངོ་སྤྲོད་བྱས་པ་དང་ཕན་ཚུན་ས་ཁོངས་ཀྱི་ཁྱད་ཆོས་དང་མཛེས་སྡུག་ལྡན་པའི་སྨོན་འདུན་མཚོན་པའི་ལག་རྟགས་ཕུལ་བ་རེད། མཉམ་འབྲེལ་བྱེད་སྒོ་སྤེལ་བ་བརྒྱུད་ཕན་ཚུན་དབར་གྱི་བར་ཐག་ཇེ་ཉེ་དང་བརྩེ་སེམས་ཟབ་ཏུ་ཕྱིན་ནས་འཐུས་མི་ཚོར་ཁྱིམ་སྲོལ་ལེགས་པོ་རྒྱུན་འཛིན། ཁྱིམ་ཚང་སློབ་གསོ་སྐྱེད་སྲིང། ཁྱིམ་ཚང་ལེགས་པོ་གཏོད་པ་བཅས་ཀྱི་དོན་སྙིང་གལ་ཆེན་ཤེས་རྟོགས་ཐུབ་པ་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་པའི་རྣམ་པ་ཞིག་མྱོང་རོལ་ཐུབ་པ་བྱས།

ཐེངས་འདིའི་བྱེད་སྒོར་འཐུས་མི་ཚོས་ཁས་ལེན་མཐའ་གཅིག་ཏུ་ཐོབ་པ་སྟེ། སློབ་མཇུག་འགྲིལ་བའི་མཛད་སྒོའི་ཐོག་དར་མདོ་དང་། ལྕགས་ཟམ་ཁ། བརྒྱད་ཟིལ། དཀར་མཛེས། ཉག་ཆུ་ཁ། ཉག་རོང་། དཔལ་ཡུལ། དུང་དཀར་ལུང་པའི་ལྗོངས་ཁུལ་དོ་དམ་ཅུས་བཅས་ཀྱི་འཐུས་མི10ཡིས་སྤེལ་རེས་གཏམ་བཤད་བྱས་ནས། གཅིག་རྗེས་གཉིས་མཐུད་ངང་ཐེངས་འདིའི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཀྱི་བྱེད་སྒོ་ལས་ཚང་མར་ཕན་པ་ཐོབ་པར་མ་ཟད། ལྟ་རྒྱ་དང་མཐོང་རྒྱ་ཆེ་རུ་ཕྱིན་པ་དང་ཀྲེ་ཅང་ས་ཁུལ་གྱི་ཡུལ་སྲོལ་གོམས་གཤིས་དང་། ལོ་རྒྱུས་རིག་གནས། དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཐད་སྔར་ལས་ཟབ་པའི་རྒྱུས་ལོན་བྱུང་། ཀྲེ་ཅང་དང་དཀར་མཛེས་ས་ཁུལ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེར་མྱོང་ཚོར་ཟབ་མོ་བྱུང་ནས་ཀྲེ་ཅང་དུ་བསྐྱོད་པའི་མཐོང་ཐོས་དང་། སློབ་སྦྱོང་། བྱེད་ཐབས་ཀྱི་ཉམས་མྱོང་། འདུ་ཤེས་བཟང་པོ་བཅས་ཕྱིར་ཕ་ཡུལ་དུ་ཁྱེར་ནས་ཉེ་འགྲམ་གྱི་གཉེན་ཉེ་དང་གྲོགས་པོ་ཚོར་མཉམ་སྤྱོད་བྱས་ཏེ་སྔོན་ཐོན་དཔེ་བཟང་གི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་མཐུན་སྒྲིལ་དང་འབྱོར་ཕྱུག། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་གསར་པ་འཛུགས་སྐྲུན་བྱ་ཆེད་དགོས་ངེས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ངེས་ཡིན་ཞེས་བཤད།།



  • ལེ་ཚན་སྔོན་མ།:ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་འཚོགས།
  • ལེ་ཚན་རྗེས་མ།: ཡུལ་སྡེ་འཛུགས་སྐྲུན་ནང་ཞུགས་ནས་ཡུལ་སྡེ་དར་རྒྱས་ཡོང་བར་སྐུལ་འདེད་བཏང་།
  • དོ་སྣང་ཆེ་བའི་རྩོམ།