ཧྲེན་དབྱང་གིས་གནོད་རྗེས་བསྐྱར་སྐྲུན་ལས་ཀར་བརྟག་ཞིབ་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2023-09-11

ཧྲེན་དབྱང་གིས་གནོད་རྗེས་བསྐྱར་སྐྲུན་ལས་ཀར་བརྟག་ཞིབ་གནང་།

ཧྲེན་དབྱང་གིས་མང་ཚོགས་ལ་འཚམས་འདྲི་གནང་བཞིན་པ།

སྤྱི་ཟླ9པའི་ཚེས5ཉིན་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་ནས་ལོ་གཅིག་འཁོར་བའི་དུས་འདིར། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ལྕགས་ཟམ་རྫོང་དང་དུང་དཀར་ལུང་པའི་གནོད་རྗེས་བསྐྱར་སྐྲུན་ལས་ཀར་བརྟག་ཞིབ་གནང་བར་ཕེབས་ཤིང་། གནོད་འགོག་གནོད་སེལ་དང་ཉེན་མེད་ཐོན་སྐྱེད། ཉེ་དུས་ཆར་པ་ཆེན་པོ་བབས་ནས་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་བྱུང་རིགས་བཅོས་སྐྱོང་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་། གནོད་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་རེད། ཁོང་གིས་གནོད་ཁུལ་འདི་དུས་རབས་གསར་པའི་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོའི་དཔེ་མཚོན་ཞིག་ཏུ་བསྐྲུན་རྒྱུའི་དམིགས་འབེན་ལ་གཞིགས་ནས། སླར་གསོ་བསྐྱར་སྐྲུན་གྱི་སྤྱིའི་འཆར་འགོད་ལ་དམ་པོར་དམིགས་པ་དང་། ཚད་གཞི་དང་རེའུ་མིག་གི་ལོ་འཁོར་འཆར་གཞིར་དམིགས་ཏེ་ཉེན་མེད་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས་ལས་གྲྭའི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་། འགག་སྒྲོལ་དཀའ་སེལ་ཧུར་ཐག་བྱས་ཏེ་ཚད་གཞི་མཐོ་ལ་ཆུ་ཚད་མཐོ་བའི་དུས་མཚམས་རང་བཞིན་གྱི་བསྐྱར་སྐྲུན་ལས་འགན་ལེགས་སྒྲུབ་བྱ་རྒྱུར་འགན་ལེན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

གནོད་ཐེབས་མང་ཚོགས་སྔ་ཙམ་ནས་སྡོད་ཁང་གསར་པར་སྤོ་ཐུབ་པ་བྱ་རྒྱུ་ནི་གནོད་རྗེས་སླར་གསོ་བསྐྱར་སྐྲུན་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེན་རེད། ཧྲེན་དབྱང་སྔོན་རྗེས་སུ་ལྕགས་ཟམ་རྫོང་ཏེ་ཝེ་གྲོང་རྡལ་ཁུའེ་ཝུའུ་གྲོང་སྡེ་དང་གདན་ཐོག་གྲོང་རྡལ་བྱང་སྣེ་གྲོང་སྡེ། འབོ་ཞབས་གྲོང་རྡལ་གསོམ་ཤིང་ཐང་གྲོང་སྡེ་སོགས་ཀྱི་གཅིག་སྡུད་བཀོད་སྒྲིག་ས་ཚུགས་སུ་ཕེབས་ནས་སྡོད་ཁང་གསར་པ་རེ་རེ་བཞིན་བརྒྱབ་ཡོད་པ་དང་ཞོར་གཏོགས་སྒྲིག་ཆས་ལས་མཇུག་འགྲིལ་བཞིན་ཡོད་པ། གནོད་ཐེབས་མང་ཚོགས་སྡོད་ཁང་གསར་པར་སྤོ་གྲབས་ཡོད་པ་བཅས་མཐོང་བ་ལས་ཐུགས་ཧ་ཅང་དགྱེས་ཤིང་། ཁོང་ཉིད་བསྐྱར་སྐྲུན་ཁང་དུ་ཕེབས་ནས་མ་དངུལ་གཏོང་འཇོག་དང་ཁང་དབྱིབས་ཇུས་འགོད། སྡོད་ཁང་མཛེས་བཟོ། ཨར་སྐྲུན་རྒྱུ་ཆ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། གནོད་ཐེབས་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་དང་འཚོ་བའི་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་སུ་གཏང་རྒྱུ་ནི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་གསར་པ་བསྐྱར་སྐྲུན་དང་ཡུལ་སྡེ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རྨང་གཞི་ཡིན་ཞེས་གསུངས་པ་དང་།མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས། འཕེལ་རིམ་མགྱོགས་སུ་གཏོང་བ་དང་སྤུས་ཚད་འགན་ལེན་བྱེད་པའི་དུས་མཚུངས་སུ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། མང་ཚོགས་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་བསམ་གཞིག་བྱས་ཏེ། བཀོད་སྒྲིག་བྱ་ཡུལ་དེ་གནས་སྡོད་དང་ལས་རིགས་ལ་འཚམ་པའི་མཛེས་སྡུག་ཅན་གྱི་གྲོང་སྡེ་ཞིག་བསྐྲུན་དགོས་ཞེས་གསུངས་པ་རེད།

ཧྲེན་དབྱང་གིས་ད་དུང་ལྕགས་ཟམ་རྫོང་གངས་དཀར་རི་བོའི་ཡུག་ཁུལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་ཆུང་ལ་བརྟག་ཞིབ་གནང་བ་རེད།། 


  • ལེ་ཚན་སྔོན་མ།:ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་འཚོགས།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།