སྡེ་བ་འདིའི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་མ་ཐོག་མ།

བདེ་ཆེན་གྱིས་བསྒྱུར།        2023-09-07

 སྡེ་བ་འདིའི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་མ་ཐོག་མ།

   མཐོ་འབྲིང་ནས་མཐར་ཕྱིན་པའི་སློབ་མ་ཞིག་གིས་སློབ་ཆེན་དུ་མ་ཞུགས་གོང་རྒྱུན་དུ་ཁྱིམ་གྱི་ཕྱི་ནང་བར་གསུམ་གྱི་གཙང་སྦྲའི་ལས་ཀར་བྲེལ་བ་དང་། ཁྱིམ་མི་རྣམས་ལ་ཟ་མ་གྲ་སྒྲིག་བྱེད་བཞིན་ཡོད། དེ་ནི་དར་མདོ་གྲོང་ཁྱེར་ས་བདེ་གྲོང་རྡལ་ཁྲོད་རྒྱུད་ཤུལ་གྲོང་སྡེ་ནས་ཡིན་ཞིང་། མོའི་མིང་ལ་ཆོས་སྒྲོན་ཟེར། 

སྡེ་བ་འདིའི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་མ་ཐོག་མ།

   ཟླ་གཅིག་ལྷག་གི་གོང་དུ། ཁོ་ལ་ཀྲུང་དབྱང་མི་རིགས་སློབ་ཆེན་ཁྲིམས་ལུགས་རིག་པའི་ཆེད་ལས་ཀྱི་སློབ་བསྡུའི་བརྡ་ཐོ་འབྱོར་བ་དང་། གྲོང་སྡེ་ཡོངས་སུ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཞུགས་མཁན་གྱི་སློབ་མ་ཐོག་མ་དེ་ཡིན་པ་རེད།

   མོའི་གཅེན་མོ་ཚེ་མ་ཡང་ཁྲེང་ཏུའུ་རང་བྱུང་རིག་པའི་སློབ་ཆེན༼སྔོན་ཚན༽དུ་རྒྱུགས་འཕྲོད་ཡོད། ཁོ་གཉིས་ཀྱིས་དབྱར་གནང་སྐབས་ཨ་མ་དང་མཉམ་དུ་བེ་ཤ་འཐུ་བ་དང་། གྲོང་རྡལ་དེའི་མགྲོན་ཁང་དུ་ཞབས་ཞུ་མའི་ལས་ཀར་ཞུགས་ནས་སློབ་ཡོན་བསགས་པ་རེད།

སྡེ་བ་འདིའི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་མ་ཐོག་མ།


   མདུན་ཤོག་གསར་འགྱུར་དང་ཧྭ་ཞི་གྲོང་ཁྱེར་ཚགས་པར་ཐོག་ཞིབ་དཔྱད་འོས་སྦྱོར་བྱས་པ་བརྒྱུད་ཆོས་སྒྲོན་ནི་ཨ་ལིའི་སྤྱི་ཕན་གྱི་དྲང་ནུས་ཀྱིས་རྒྱལ་ཡོངས་འཕྲིན་སྦྱོར50ཙམ་དང་མཉམ་འབྲེལ་བྱས་ནས་དྲང་ནུས་ཕུགས་འདུན་འཚོལ་སྙེག་གི་འཆར་གཞི་ནང་བདམས་པར་མ་ཟད། བྱ་དགའ་སྒོར་ཁྲི1ཐོབ་པ་རེད།

སྡེ་བ་འདིའི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་མ་ཐོག་མ།

   ཆོས་སྒྲོན་གྱི་ཁྱིམ་ནི་ཁྲོད་རྒྱུད་ཤུལ་གྲོང་སྡེ་རུ་ཆགས་ཤིང་། དེ་གར་ཕྱོགས་བཞིར་རི་བོས་བསྐོར་བར་མ་ཟད། དར་མདོ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ150ཙམ་ཡོད་ལ་རླངས་འཁོར་དུ་བསྡད་ནས་ཆུ་ཚོད3ལྷག་ཙམ་འགྲོ་དགོས་པ་རེད།

   ཆོས་སྒྲོན་གྱིས་བཤད་རྒྱུར། ང་ཚོའི་ཁྱིམ་ནང་མི་བཞི་ཡོད་ལ་ཁྱིམ་མིའི་འཚོ་རྟེན་ནི་ཨ་ཕའི་ལས་ཀ་ཙག་ཙིག་གི་ཡོང་འབབ་ཡིན། ཨ་ཕར་ལོ་ལྟར་ལས་ཀ་གཏན་ཁེལ་མེད་པས་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་སུ་དབྱར་རྩྭ་དགུན་འབུ་རྐོ་འགྲོ་བ་དང་། བེ་ཤ་འཐུ་བའི་དུས་སུ་བེ་ཤ་འཐུ་འགྲོ་བ། ལས་ཀའི་དོན་དུ་དགོང་ཕྱིས་ཉལ་དང་ནངས་སྔ་ལངས་བྱས་ཏེ་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། ཕ་མ་གཉིས་པོ་སློབ་གྲྭར་འགྲོ་མ་མྱོང་བས་ང་ཚོར་དུས་རྒྱུན་དུ་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་པ་དང་རིག་གནས་མེད་པའི་གྱོང་གུན་ནི་མི་ཚེ་གཅིག་གི་གྱོང་གུན་རེད་ཅེས་སློབ་གསོ་གཏོང་བཞིན་ཡོད། 

སྡེ་བ་འདིའི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་མ་ཐོག་མ།

   དམའ་འབྲིང་མཐར་ཕྱིན་དུས། གཅེན་གཅུང་གཉིས་ཀྱིས་སྦྱངས་འབྲས་ཕུལ་དུ་བྱུང་བ་བླངས་པས། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མཐོ་རིམ་སློབ་འབྲིང་དུ་རྒྱུགས་འཕྲོག་ནས་མཐོ་འབྲིང་དེ་ག་ནས་རིགས་དང་པོའི་རིག་ཚན་ཆེད་སྦྱོང་གི་འཛིན་གྲྭ་ནས་སློབ་སྦྱོང་བྱས། སློབ་ཡོན་ཕུད་རྗེས་ཟླ་རེར་རྒྱལ་ཁབ་ཀྱི་སྒོར150ཡི་འཚོ་བའི་ཁ་གསབ་ཀྱི་རོགས་དངུལ་ཐོབ་པས། འཚོ་བའི་འགྲོ་གྲོན་ཧ་ཅང་ཉུང་ཉུང་ཡིན་པ་རེད། སློབ་དུས་གཅིག་ལ་གཅེན་གཅུང་གཉིས་ཀྱིས་སྒོར་ཉིས་སྟོང་ལྷག་ཙམ་གྱིས་འདང་ཀི་ཡོད་པ་རེད། ད་ལོའི་མཐོ་རྒྱུགས་ལ་ཆོས་སྒྲོན་གྱིས་སྐར་གྲངས541བླངས་པས་ཞིང་ཆེན་ཡོངས་ཀྱི་རིགས་དང་པོའི་རིག་ཚན་ཆེད་སྦྱོང་ཁྲོད་ཀྱི་མདུན་གྲལ་དུ་སླེབས་ཏེ། ཀྲུང་དབྱང་མི་རིགས་སློབ་ཆེན་ཁྲིམས་ལུགས་རིམ་པའི་ཚན་ཁག་གིས་བསྡུས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་སློབ་དུས་གསར་པ་བསུས།
  • ལེ་ཚན་རྗེས་མ།:དམངས་ཀྱི་དཀའ་ངལ་སེལ་བར་བྱས།། འཕེལ་རྒྱས་ལས་ལ་ཧུར་གྱིས་བརྩོན།།
  • དོ་སྣང་ཆེ་བའི་རྩོམ།