ཁུལ་ཡོངས་ཀྱི་རྨོ་ཞིང་སྲུང་སྐྱོང་དང2023ལོའི་ཞིང་དཔོན་ལམ་ལུགས་ཀྱི་ཚོགས་འདུ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2023-09-04

ཉེ་ཆར། ཁུལ་ཡོངས་ཀྱི་རྨོ་ཞིང་སྲུང་སྐྱོང་དང2023ལོའི་ཞིང་དཔོན་ལམ་ལུགས་ཀྱི་ཚོགས་འདུ་འཚོགས་ཤིང་། རྨོ་ཞིང་སྲུང་སྐྱོང་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་ལག་བསྟར་བྱས་ཏེ། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་གཉིས་པ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྨོ་ཞིང་སྲུང་སྐྱོང་གི་ས་ཞིང་ལམ་ལུགས་ཀྱི་ལས་ཀའི་བཀོད་སྒྲིག་སྐོར་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས། ཁུལ་ཡོངས་ཀྱི2022ལོའི་རྨོ་ཞིང་སྲུང་སྐྱོང་ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར་དམིགས་ཚད་དཔྱད་ཞིབ་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་། ལས་ཀའི་གནས་ཚུལ་སྙན་ཞུ་ཉན་འཇོག་དང་ཕྱིན་ཆད་གཙོ་གནད་ལས་ཀར་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི། ཁུལ་རིམ་པའི་ཞིང་དཔོན་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་།

ཚོགས་འདུའི་ཐོག་བླང་བྱ་བསྟན་དོན།གཅིག་ནས་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་ལག་བསྟར་བྱ་དགོས་པ་དང་། གཉིས་ནས་རྨོ་ཞིང་གི་སྤུས་ཚད་མཐོ་རུ་གཏོང་བ་དང་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་གཏིང་ཟབ་སྤེལ་དགོས། གསུམ་ནས་ས་ཞིང་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་བེད་སྤྱོད་པའི་ཆུ་ཚད་མཐོ་རུ་གཏོང་དགོས།བཞི་ནས་ཆད་ལུས་མེད་པར་གནད་དོན་དག་ཐེར་ཡོ་བསྲང་དམ་འཛིན་བྱ་དགོས།

ཚོགས་འདུའི་ཐོག་ནན་གསུང་གནང་དོན།གཅིག་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་རྒྱག་དགོས་པ་དང་ཞིང་དཔོན་ལམ་ལུགས་ལས་ཀའི་རྒྱུན་གཏན་གྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། གཉིས་ནས་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། གསུམ་ནས་ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། བཞི་ནས་ལྟ་སྐུལ་དང་དཔྱད་ཞིབ་ནན་པོ་བྱ་དགོས། ལྔ་ནས་དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏང་དགོས།།



  • ལེ་ཚན་སྔོན་མ།:ཞིང་ཆེན་ཡོངས་ཀྱི་གངས་ལྗོངས་མཐོ་སྒང་གི་ལས་བཟོ་པའི་ཁྱིམ་གཞིས་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་དར་མདོར་འཚོགས།
  • ལེ་ཚན་རྗེས་མ།: རང་ཁུལ་གྱི་རིག་ནུས་ཞིང་ལས་ཀྱིས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་བཏང་།
  • དོ་སྣང་ཆེ་བའི་རྩོམ།