ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་འབྲུབ་འགོག་གནོད་སེལ་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་གསུང་བཤད་གནང་།

        2023-08-30

ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་འབྲུབ་འགོག་གནོད་སེལ་དང་ས་གཤིས་གནད་འཚེ་འགོག་བཅོས། འབྲུབ་དུས་ཀྱི་ཉེན་མེད་དོགས་ཟོན་བཅས་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག།

དུས་ནམ་ཡང་ལྷོད་གཡེང་མི་བྱེད་པར་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས་ཞེས་ནན་གསུང་གནང་།

ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་འབྲུབ་འགོག་གནོད་སེལ་དང་ས་གཤིས་གནད་འཚེ་འགོག་བཅོས། འབྲུབ་དུས་ཀྱི་ཉེན་མེད་དོགས་ཟོན་བཅས་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག།

དུས་ནམ་ཡང་ལྷོད་གཡེང་མི་བྱེད་པར་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས་ཞེས་ནན་གསུང་གནང་།

སྤྱི་ཟླ8པའི་ཚེས24ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་འབྲུབ་འགོག་གནོད་སེལ་དང་། ས་གཤིས་གནད་འཚེ་འགོག་བཅོས། འབྲུབ་དུས་ཀྱི་ཉེན་མེད་དོགས་ཟོན་བཅས་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ་དང་། ཞིང་ཆེན་ཡོངས་ཀྱི་ཉེན་མེད་དོགས་ཟོན་ལས་དོན་བཀོད་གཏོང་བཅས་ཀྱི་ཚོགས་འདུའི་སྙིང་དོན་མགྱོགས་མྱུར་བརྒྱུད་བསྒྲགས་དང་ལག་བསྟར་བྱས་ཏེ། ད་སྔའི་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་གཙོ་གནད་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།ཁོང་གིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་གནོད་འགོག་གནོད་སེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས་ནས། ཞིང་ཆེན་དང་ཁུལ་གྱི་ལས་ཀའི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ནམ་ཡང་ལྷོད་གཡེང་དུ་མི་གཏོང་བ་དང་བྱ་བའི་སྔོན་ནས་ཤུགས་བརྒྱབ་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཧྥུང་ཧྥ་ཀུའེ་ཡིས་ད་ལོ་ནས་བཟུང་། རིམ་པ་ཁག་དང་སྡེ་ཁག་སོ་སོས་གཅིག་གྱུར་ཐོག་སྒྲིག་འཛུགས་ནུས་ལྡན་བྱས་ནས་རེས་སྐོར6ལ་དྲག་ཆར་བབས་པ་དང་། ཆུ་ལོག་དང་ས་གཤིས་གནད་འཚེ་ཐེངས103ལ་ཁ་གཏད་འཇལ་བ་དང་།མི23324ཉེན་གཡོལ་གནས་སྤོ་ཐུབ་པ།མི213གནད་འཚེ་ཕོག་རྐྱེན་ལས་ཤི་རྨས་མི་ཡོང་བ་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་འགན་ལེན་གང་ཐུབ་བྱས་ཡོད། འོན་ཀྱང་ཆུ་འབྲུབ་པའི་ནམ་ཟླ་ད་དུང་མཇུག་འགྲིལ་མེད་ཅིང་། གནོད་འཚེ་མང་བའི་ཉེན་ཁ་དང་དོགས་ཟོན་མང་བའི་དུས་བབ། འཐབ་ཕྱོགས་མང་བའི་དམག་འཐབ་བཅས་ཀྱི་ལས་འགན་ཧ་ཅང་ཛ་དྲག་ཡིན་པས། འབྲུབ་འགོག་གནོད་སེལ་ལས་དོན་ལ་སྣང་མེད་དང་ལྷོད་གཡེང་གཏན་ནས་བྱེད་མི་རུང་བར་གྲ་སྒྲིག་ཡག་པོ་བྱས་ཏེ། འབྲུབ་འགོག་གནོད་སེལ་གྱི་བྱ་ཐབས་ཁག་དོན་འཁྱོལ་ཏན་ཏིག་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)



  • ལེ་ཚན་སྔོན་མ།:གསར་འགྱུར་གནད་བསྡུས།
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་བེ་མདའ་ཡུལ་ཤོག་དབེན་པ་སྡེ་བའི་ལག་ཤེས་ཐོན་རྫས།
  • དོ་སྣང་ཆེ་བའི་རྩོམ།