ལི་ཆང་གིས་ཨ་རིའི་ཚོང་དོན་པུའི་པུའུ་ཀྲང་དང་ཐུག་འཕྲད་གནང་བ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-08-31

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༩ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཨ་རིའི་ཚོང་དོན་པུའི་པུའུ་ཀྲང་ལེ་མོང་ཏོ་དང་ཐུག་འཕྲད་གནང་ཡོད་པ་རེད།

ལི་ཆང་གིས། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པའེ་ཏེང་ནས་ཧིན་ཏུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་དུ་མཇལ་མོལ་གནང་ཞིང་། བཞེད་མཐུན་གལ་ཆེན་རབ་དང་རིམ་པ་བྱུང་བ་དང་། དེས་ཀྲུང་གོ་དང་ཨ་རིའི་འབྲེལ་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ནི་ཀྲུང་གོ་དང་ཨ་རི་འབྲེལ་འདྲེས་བྱེད་པའི་ཡག་དག་པའི་ལམ་བུ་ཞིག་ཡིན། ཨ་རི་ཕྱོགས་དང་ཀྲུང་གོའི་ཕྱོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཐོག དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ལྡན་པའི་བྱ་སྤྱོད་སྔར་ལས་མང་བ་སྤེལ་ནས། ཀྲུང་གོ་དང་ཨ་རིའི་འབྲེལ་བར་སྲུང་སྐྱོང་ཡག་པོ་བྱེད་པ་དང་། གོང་འཕེལ་ཡག་པོ་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བའི་ངོ་བོ་ནི་གཉིས་ཕན་མཉམ་རྒྱལ་ཡིན། ཀྲུང་གོའི་ཕྱོགས་ནས་ཨ་རིའི་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ཀྱི་གླེང་མོལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་སྐྱོན་བྲལ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ལ། ཨ་རི་ཕྱོགས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁ་ཕྱོགས་གཅིག་གི་ཐོག་བསྐྱོད་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད།

ལེ་མོང་ཏོས། པའེ་ཏེང་སྲིད་གཞུང་གིས་ཀྲུང་གོས་དཔལ་འབྱོར་གོང་འཕེལ་གཏོང་བ་དང་། དམངས་འཚོ་ལེགས་བཅོས་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཀྲུང་གོའི་གོང་འཕེལ་ལ་བཀག་འགོག་བྱེད་པའི་བསམ་པ་བཅངས་མེད་ལ། ཀྲུང་གོ་བར་གྱི་འབྲེལ་ཐག་གཅོད་རྩིས་ཀྱང་མེད། ཀྲུང་གོའི་ཕྱོགས་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས། ཨ་རི་དང་ཀྲུང་གོའི་རྒྱུན་གཏན་གྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བར་སྲུང་སྐྱོབ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་ལྷིང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཨ་རིའི་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་མཉམ་དུ་མི་ཐབས་རིག་ནུས་དང་། གནམ་གཤིས་འགྱུར་ལྡོག ཧྥེན་ཐའེ་ཉི་ལ་རྡུང་རྡེག་གཏོང་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བསྟན་འདོད་ཡོད་ཅེས་གསུངས་འདུག

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅོ་ལྔ་པར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།