བསེ་འཁོར་གྱི་གྱོན་གོས། རྒྱུན་འཛིན་གྱི་ཕྱག་རྗེས།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-08-31

བསེ་འཁོར་གྱི་གྱོན་གོས། རྒྱུན་འཛིན་གྱི་ཕྱག་རྗེས།

གཡུ་དང་འུར་རྡོ། བོད་ཆས་སོགས་བོད་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གི་བགྲེས་སོང་ནོར་ལྷའི་ལས་ཤག་ཏུ་ཚོན་མདོག་རྣམ་པར་བཀྲ་ཞིང་། ཁྱད་ཆོས་དམིགས་བསལ་ཆེ་བའི་བསེ་འཁོར་༼གསེར་འཁོར༽གྱོན་ཆས་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།  ལོ་རྒྱུས་ཡུན་རིང་ལྡན་པའི་བསེ་འཁོར་གྱོན་གོས་དེ་ནི་གཙོ་བོ་ཁ་དོག་དམར་པོ་དང་ལྗང་ཁུ། ནག་པོ། སྔོན་པོ། སེར་པོ་བཅས་ལས་གྲུབ་ཅིང་། ཡུལ་དེའི་མི་རྣམས་ཀྱིས་འཇའ་ཚོན་གྱོན་གོས་ཞེས་སུ་འབོད།  སྤྱི་ལོ་2013ལོར། བསེ་འཁོར་གྱོན་གོས་དེ་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ནང་དུ་བཅུག་ཡོད།  

བསེ་འཁོར་གྱི་གྱོན་གོས། རྒྱུན་འཛིན་གྱི་ཕྱག་རྗེས།

དགུང་ལོ་66ལ་ཕེབས་པའི་བགྲེས་སོང་ནོར་ལྷ་ནི་བསེ་འཁོར་གྱོན་གོས་འཚེམ་བཟོའི་ལག་ཤེས་རྒྱུན་འཛིན་པ་ཞིག་རེད།  ཕ་མེས་ཡང་མེས་ཀྱི་དུས་ནས་ཁོང་གི་ཁྱིམ་རྒྱུད་ནང་ལག་ཤེས་དེར་བྱང་ཆ་ལྡན་པའི་མི་སྣ་མང་པོ་ཞིག་བྱུང་ཡོད།  རྒྱུ་ཆ་འདེམས་པ་དང་། ཚོས་རྒྱག་པ།  ལག་འཚེམ་རྒྱག་པ་སོགས་ལས་རིམ་རེ་རེར་ཧ་ཅང་གི་དོ་དོ་ནན་ནན་གནང་གི་ཡོད།  བགྲེས་སོང་ཁོང་གིས། བསེ་འཁོར་གྱི་གྱོན་གོས་ནི་མེས་པོ་གོང་མ་རྣམ་པས་ང་ཚོར་བཞག་པའི་རྩ་ཆེའི་རྒྱུ་ནོར་ཡིན་པས་དེ་རྩ་བ་ཉིད་ནས་སྟོངས་སུ་འཇུག་མི་རུང་སྙམ་པའི་བསམ་བློ་ཞིག་བཅངས་ཏེ་འཚེམ་བཟོའི་ཀུང་སི་ཞིག་བཙུགས་ནས་བསེ་འཁོར་གྱི་གྱོན་གོས་དེ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་བའི་ལས་ལ་ཞུགས་པ་ཡིན་ཞེས་གསུངས།

བསེ་འཁོར་གྱི་གྱོན་གོས། རྒྱུན་འཛིན་གྱི་ཕྱག་རྗེས།

བགྲེས་སོང་ཁོང་གིས། ཀུང་སི་ཐོག་མར་འཛུགས་སྐབས་མ་དངུལ་མི་འདང་བ་དང་མི་སྣ་དཀོན་པ། སྤུས་དག་རྒྱུ་ཆ་མི་རག་པ་སོགས་ཀྱི་དཀའ་ངལ་མང་པོ་ཞིག་འཕྲད་བྱུང་། རྗེས་ལ་སྲིད་གཞུང་གི་མཐུན་སྦྱོར་དང་རོགས་རམ་འོག  གནད་དོན་དེ་དག་རིམ་པས་སེལ་ཐུབ་པ་བྱུང་བ་མ་ཚད་མངགས་ཉོ་བྱེད་མཁན་ཡང་ཉིན་རེ་ལས་མ་འདས་པར་མང་དུ་ཕྱིན་སོང་ཞེས་གསུངས།  

བསེ་འཁོར་གྱི་གྱོན་གོས། རྒྱུན་འཛིན་གྱི་ཕྱག་རྗེས།

འཚེམ་བཟོ་ཁང་དུ་སོང་ཚེ། ལས་བཟོ་བ་རྣམས་བྲེལ་འཚུབ་ཀྱིས་ཁེངས་ནས་འདུག  བགྲེས་སོང་ཁོང་གིས། ད་ལྟ་གྱོན་གོས་འཚོང་མི་ཐུབ་པའི་སེམས་ཁྲལ་གཏན་ནས་མི་འདུག དེ་ལས་ལྡོག་སྟེ་ཐ་ན་བཟོས་མི་ཚར་བའི་སེམས་ཁྲལ་ཡོང་གི་འདུག་ཅེས་གསུངས།  བགྲེས་སོང་ནོར་ལྷའི་འཚེམ་བཟོ་ཁང་གིས་ལོ་ལྟར་ས་གནས་དེ་གའི་འབྲོག་པ་མང་ཚོགས་བཅུ་ལྷག་ལ་ལས་གནས་མཁོ་འདོན་བྱེད་ཀྱི་ཡོད།  ལོ་མང་རིང་། བགྲེས་སོང་ནོར་ལྷ་ལགས་ཀྱིས་རང་ཉིད་ཀྱི་འཚེམ་བཟོའི་ལག་རྩལ་སློབ་མ་བརྒྱ་ཕྲག་མང་པོར་བསླབས་གནང་བ་མ་ཟད་དེའི་ཁྲོད་ནས་སློབ་མ་བརྒྱད་ལག་ཤེས་མཐར་ཕྱིན་པ་བྱུང་ནས་རང་སོའི་འཚེམ་བཟོ་ཁང་ཡང་བཙུགས་ཏེ་བསེ་འཁོར་གྱོན་གོས་བཟོས་ནས་བདེ་ཞིང་སྐྱིད་པའི་འཚོ་བར་རོལ་བཞིན་ཡོད།

བསེ་འཁོར་གྱི་གྱོན་གོས། རྒྱུན་འཛིན་གྱི་ཕྱག་རྗེས།

བགྲེས་སོང་ནོར་ལྷའི་ཁྱིམ་དུ་ཕྱུག་འགྱུར་སྣེ་ཁྲིད་མི་སྣ་དང་། ཡུལ་སྐོར་སྔོན་ཐོན་ཁེ་ལས། ཕུལ་བྱུང་དབུལ་སྐྱོར་ལས་ཞུགས་ལས་སྣོན་ཁང་ལ་སོགས་པའི་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་དང་དཔང་ཡིག་མང་པོ་ཞིག་སྒྲིག་གཤོམ་བྱས་ཡོད།  ཁོང་གིས་ང་ཚོར་ངོ་སྤྲོད་གནང་བ་ལྟར་ན། བགྲེས་སོང་ཁོང་གིས་ལོ་མང་རིང་སྒེར་རྩེ་རྫོང་གི་དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་དཔེ་མི་སྲིད་པ་གནང་བ་མ་ཟད་ལོ་རེའི་དྲུག་གཅིག་བྱིས་པའི་དུས་ཆེན་སྐབས་སུ་ཁོང་གིས་ད་དུང་སློབ་མ་ཚོར་རང་ནུས་ལ་དཔག་པའི་དྲོ་སྐྱིད་དང་གཅེས་སེམས་སྐྱེས་སུ་ཕུལ་གནང་གི་ཡོད།

བསེ་འཁོར་གྱི་གྱོན་གོས། རྒྱུན་འཛིན་གྱི་ཕྱག་རྗེས།

བསེ་འཁོར་གྱོན་གོས་ཀྱི་འབྱུང་འགྱུར་འཕེལ་རྒྱས་སྐོར་གླེང་སྐབས། བགྲེས་སོང་ཁོང་ལ་བསམ་བློ་དང་འཆར་གཞི་མང་པོ་ཞིག་ཡོད།  ཁོང་གིས། དུས་རབས་ཀྱི་རྗེས་སྙེག་ཐུབ་པ་དགོས་ན་ངེས་པར་དུ་དཔེ་གསར་ཅན་གྱི་གྱོན་གོས་བཟོ་སྟངས་ཐད་སློབ་སྦྱོང་མང་ཙམ་བྱེད་དགོས་པ་དང་ལས་མི་གསོ་སྦྱོང་ཐད་མཐོང་ཆེན་བྱེད་དགོས། དེ་ནི་གལ་འགངས་ཆེན་པོ་ཞིག་ཏུ་མཐོང་གི་འདུག  མ་འོངས་པར་ངས་ད་དུང་པེ་ཅིང་སོགས་ས་ཁུལ་དུ་གྱོན་གོས་ཇུས་འགོད་ཐད་སློབ་སྦྱོང་བྱེད་པར་འགྲོ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་དང་། ཁོང་གིས། དེང་རབས་ཀྱི་གཞོན་ནུ་ཚོར་བསམ་བློ་དང་ངར་ཤུགས་ཆེན་པོ་ཡོད་པས་བསེ་འཁོར་གྱོན་གོས་དེ་ཁོང་ཚོས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་ཐུབ་ན་བསམ་གྱི་འདུག་ལ། ང་རང་གིས་ཀྱང་དངོས་མང་བཤམས་སྟོན་ཁང་ཆུང་ངུ་ཞིག་འཛུགས་ཐུབ་ན་བསམ་གྱི་འདུག་ཅེས་གསུངས།

  • ལེ་ཚན་སྔོན་མ།:བོད་ཀྱི་དཔེ་རྙིང་དུ་བཀོད་པའི་གཉེན་སྒྲིག་གི་ཆོ་ག་བརྒྱད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།