ཀྲུང་གོའི་ས་བཀྲའི་ཐད་བླང་བྱ་འདི་དག་བཏོན་འདུག

    མི་དམངས་དྲ་བ།    2023-08-31

 ཟླ་8ཚེས་28ཉིན། “ས་བཀྲ་ཚད་ལྡན་ངང་སྤྱད་དེ་ནོར་འཁྲུལ་སྤུ་ཙམ་ཡང་ཡོད་མི་ཆོག་”ཅེས་པ་བརྗོད་དོན་གཙོ་བོར་བྱས་སྟེ། 2023ལོའི་ཐིག་རིས་བཅའ་ཁྲིམས་དྲིལ་བསྒྲགས་ཉིན་མོ་དང་རྒྱལ་ཁབ་ཀྱི་མངའ་ཁོངས་འདུ་ཤེས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་ཡུལ་གཙོ་བོ་ཀྲེ་ཅང་ཏེ་ཆིང་དུ་གཉེར་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་2023ལོའི་ཚད་ལྡན་ས་བཀྲ་དང་“དྲ་རྒྱའི་ཐོག་ས་བཀྲ་ཚད་ལྡན་ངང་སྤྱོད་པའི་གྲོས་འདོན་ཡི་གེ་”ཁྱབ་བསྒྲགས་བྱས་པ་རེད། 
     ད་ལོའི་ཟླ་2པར། རང་བྱུང་ཐོན་ཁུངས་པུས་《ཡོངས་བསྒྲགས་ས་བཀྲའི་ནང་དོན་ཚད་ལྡན་མཚོན་བྱེད་》(གཤམ་དུ་བསྡུས་མིང་ལ་《ཚད་གཞི་》ཞེས་བརྗོད་རྒྱུ་)པར་འགྲེམས་བྱས་པ་རེད།《ཚད་གཞིའི་》ནང་ཀྲུང་གོའི་ས་བཀྲ་ཧྲིལ་པོས་གཤམ་གསལ་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས་པའི་བླང་བྱ་བཏོན་པ་སྟེ།
     གཅིག་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁྱབ་ཁོངས་ཡང་དག་པར་མཚོན་དགོས།
     གཉིས་ནི་ཀྲུང་གོའི་ས་བཀྲ་ཧྲིལ་པོར་སྐམ་ས་ཆེན་མོ་དང་། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་བཅས་འདུས་པ་ཕུད། ལྷོ་རྒྱ་མཚོའི་གླིང་ཚོམ་དང་། ཏེའོ་ཡུས་གླིང་ཕྲན་དང་དེ་བཞིན་ཁོངས་གཏོགས་གླིང་ཕྲན་སོགས་གླིང་ཕྲན་གལ་ཆེན་ཡང་འདུས་དགོས་པ་དང་། ལྷོ་རྒྱ་མཚོའི་གླིང་ཚོམ་ཁག་ཟུར་རིས་ཀྱི་རྣམ་པའི་ཐོག་ནས་མཚོན་སྐབས། ཀྲུང་གོའི་ས་བཀྲའི་རི་མོ་གཙོ་བོའི་ལྷོ་ངོས་སུ་ཧའེ་ནན་གླིང་ཕྲན་གྱི་ཆེས་ལྷོ་སྣེ་འབྲི་དགོས།
     གསུམ་ནི་ས་བཀྲའི་ཐོག་མཚོན་པའི་ནང་དོན་གྱིས་ཀྲུང་གོའི་མངའ་ཁོངས་ཆ་ཚང་མཚོན་རྒྱུར་ཤུགས་རྐྱེན་ཐེབས་མི་ཆོག་པ་དང་། གལ་ཆེའི་གླིང་ཕྲན་སོགས་རྒྱལ་ཁབ་ཀྱི་བདག་དབང་དང་འབྲེལ་བའི་ནང་དོན་གལ་ཆེན་རྣམས་མེད་པར་བཟོས་མི་ཆོག


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཞིན་ཅང་གི་སྙན་སེང་གསན་རྗེས་གསུང་བཤད་གལ་ཆེན་གནང་།
  • ལེ་ཚན་རྗེས་མ།:མཚོ་སྔོན་མཚོ་བྱང་ནས་གནའ་བོའི་བང་སོ་འབོར་ཆེན་རྙེད་འདུག
  • དོ་སྣང་ཆེ་བའི་རྩོམ།