ཀན་ལྷོའི་རྔ་རྒོད་སྡེ་བར་ལྟད་མོར་ཕེབས་ཤོག།

        2023-08-17

བསང་ཆུ་རྫོང་རྔ་རྒོད་སྡེ་བས་ཁྱད་ཆོས་ཡུལ་སྐོར་གོང་འཕེལ་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་བརྟན་པོ་འཕར་བར་བྱས།

ཀན་ལྷོའི་རྔ་རྒོད་སྡེ་བར་ལྟད་མོར་ཕེབས་ཤོག།

     སྤྱི་ཟླ8པའི་ཚེས16ཉིན། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས21པར་ཞུགས་པའི་སྨྱན་སྦྱོར་ལས་སྒྲུབ་པ་ཚོ་བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་རྔ་རྒོད་སྡེ་བར་བཅར་འདྲིར་སོང་།

     ཨ་མཆོག་གྲོང་རྡལ་རྔ་རྒོད་སྲིད་འཛིན་སྡེ་བ་ནི་བསང་ཆུ་རྫོང་གི་ལྷོ་རྒྱུད་དུ་གནས་ཤིང་། བསང་ཆུའི་གནམ་ཐང་དང་ཐག་ཉེ་བས་མཁའ་སྐྱོད་འབབ་ཚུགས་ཞེས་པའི་མཚན་སྙན་ཡོད། མཚོ་འཕགས་ཆ་སྙོམས་སྨི3100ཡོད་ཅིང་། གྲོང་སྡེ་ཡོངས་ལ་རང་བྱུང་གྲོང་སྡེ8དང་དུད་ཁྱིམ359དང2233ཡོད།

     2016ལོར་ཕྱོགས་འདུས་མ་དངུལ་སྒོར་བྱེ་བ3ལྷག་བཏང་ནས་སྐྱེ་ཁམས་ཤེས་དཔལ་འབྱོར་འབྲིང་སྡེ་བ་དང་ཁོར་ཡུག་གསར་བཅོས་དཔེ་སྟོན་སྡེ་བ། གཅིག་བཅུ་བརྒྱ་སྟོང་ཁྲི་ཡི་རིག་གནས་ཡུལ་སྐོར་ཚད་ལྡན་སྡེ་བ་བཅས་བཙུགས་ཤིང་། གསང་སྤྱོད་ཁང་བསྒྱུར་བཀོད་དང་དེ་བཞིན་ཞོར་གཏོགས་སྒྲིག་བཀོད་ལེ་ལག་ཆ་ཚང་ཡང་ཆབས་ཅིག་ཏུ་བསྐྲུན་ཡོད་པས། རྔ་རྒོད་སྡེ་བའི་སྔ་མའི་རྣམ་པ་རྙིང་པ་རྦད་དེ་བསྒྱུར་ནས་འགྲིམ་འགྲུལ་སྟབས་བདེ་ལ། སྡེ་བའི་རྣམ་པ་གཙང་འགྲིག་ཡིན་ཞིང་། སྐྱེ་ཁམས་འཚོ་སྡོད་འོས་ཤིང་འཕྲོད་པ། ཐོན་ལས་དར་ཞིང་རྒྱས་པའི་ཁྱད་ཆོས་གྲོང་སྡེ་གསར་རྐྱང་ཞིག་ཏུ་གྱུར་ཡོད།

ཀན་ལྷོའི་རྔ་རྒོད་སྡེ་བར་ལྟད་མོར་ཕེབས་ཤོག།

     རྔ་རྒོད་གྲོང་རྡལ་གྱི་གྲོང་དཔོན་གདུགས་དཀར་ཚེ་རིང་གིས་ངོ་སྤྲོད་བྱས་པ་ལྟར་ན། 2018ལོ་ནས་བཟུང་། འགོ་འཛུགས་ས་མཐོན་པོ་དང་ཚད་གཞི་མཐོན་པོ། སྤུས་ཚད་མཐོན་པོ་བཅས་ཀྱི་རྒྱལ་ཡོངས་རིག་གནས་ཡུལ་སྐོར་ཚད་ལྡན་སྡེ་བ་བསྐྲུན་ཆེད། རྔ་རྒོད་སྡེ་བས་ས་བབ་ཀྱི་ལེགས་ཆར་བརྟེན་པ་དང་ཐོན་ཁུངས་ཁྱད་འཕགས་གང་ལེགས་སྤྱད་དེ། སྲོལ་རྒྱུན་ཐོན་ལས་དེ་ཡུལ་སྡེའི་ཡུལ་སྐོར་ཕྱོགས་སུ་བསྒྱུར་བར་ཡོངས་སུ་བསྐུལ་བ་རེད། ཞིང་འབྲོག་སྡེ་བར་འཕོ་འགྱུར་གསུམ་གཏོང་བས་གཙོ་བོ་བྱས་ཤིང་། སྐྱེ་ཁམས་འབྲོག་ལས་དང་ཁྱད་ཆོས་ཡུལ་སྐོར་ཟུང་དུ་སྦྲེལ་བའི་གསར་གཏོད་བྱེད་སྟངས་འཚོལ་ཞིབ་དང་། ཡུལ་སྡེ་ཡུལ་སྐོར་གོང་འཕེལ་ཤུགས་ཆེན་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་བརྟན་པོ་འཕར་ཐབས་བྱས་པ་རེད། དེ་དང་མཉམ་དུ་ཕྱོགས་གསུམ་པའི་སྤྱི་གཉེར་ཁང་གི་མ་དངུལ་སྒོར་བྱེ་བ2ལྷག་བཏང་ནས། གཅིག་བསྡུས་ཀྱི་སྒོ་ནས་ཁྱད་ཆོས་དམངས་གཉེར་འགྲུལ་ཁང་དང་། རྩྭ་ཐང་ཕྱུགས་རའི་གུར་ཁྱིམ། ཚོན་མདངས་རྣམ་པར་བཀྲ་བའི་མེ་ཏོག་གླིང་ག་བཅས་བསྐྲུན་པར་བརྟེན། སྡེ་བ་ཡོངས་ཀྱི་ཞིང་འབྲོག་པ་ཁྱིམ་ཚང་རེ་ལ་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི1ནས2བར་རག་པ་དང་། སྡེ་བའི་ཕྱོགས་འདུས་ཡོང་འབབ་སྒོར་ས་ཡ་གཅིག་བྱུང་བ་རེད། དེ་དང་ཆབས་ཅིག་སྡེ་བའི་གནས་སྐབས་ལས་ཞུགས་མ་ཐུབ་པའི་མཐར་ཕྱིན་སློབ་མ་ཁ་ཤས་ལ་ཡང་ལས་ཞུགས་ཀྱི་གོ་སྐབས་སྤྲད་པ་རེད།

     ཡུལ་སྡེ་ཡུལ་སྐོར་གོང་འཕེལ་ཤུགས་ཆེན་སོང་བ་དང་བསྟུན་ནས། གྲོང་རྡལ་ཡོངས་ཀྱི་ཡུལ་སྡེ་དར་རྒྱས་ཐད་ལ་གོམ་སྟབས་གསར་པ་སྤོས་པ་དང་། རིག་གནས་ཡུལ་སྐོར་གྱི་ཚད་གཞི་གསར་པ་བཏོད་ཅིང་། འབྱུང་འཕྲོད་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་ཡོད་པ་རེད།།


ཀན་ལྷོའི་རྔ་རྒོད་སྡེ་བར་ལྟད་མོར་ཕེབས་ཤོག།

གསར་འགོད་པ། བཀྲ་ཤིས། ཐུབ་བསྟན། རྟ་མགྲིན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༢༤
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།