ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༢༣༽

        2023-08-16

   སྔར་སོང་མེ་ལོང་དུ་བཟུང་ཞིང་སྔ་འཛིན་ཕྱི་གཏོད་བྱས། མཉམ་སྡུད་མཉམ་གསོག་དང་སྒོ་འབྱེད་ཁོང་ཡངས་རྒྱུན་འཁྱོངས་ན། འགྲོ་བ་མིའི་ཤེས་དཔལ་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་ཡོང་ཐུབ་པ་ལོ་རྒྱུས་ཀྱིས་ར་སྤྲོད་གང་ལེགས་བྱས་ཡོད། དེང་སྐབས་འཛམ་གླིང་ལ་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་ཕྲད་ཡོད་པས། འགྲོ་བ་མིའི་མདུན་དུ་ལྷགས་པའི་འགལ་བ་དང་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱེད་པར་དངོས་པོའི་བྱེད་ཐབས་ལ་བརྟེན་ནས་འགག་སྒྲོལ་དཀའ་སེལ་བྱ་དགོས་ལ། བསམ་པའི་སྟོབས་ཤུགས་ལ་བརྟེན་ནས་ཟོལ་མེད་གཞུང་དྲང་བྱ་དགོས། ཀྲུང་གོ་དང་ཀེ་རི་སེའི་ཤེས་དཔལ་ལ་ལྡན་པའི་རིན་ཐང་ལྟ་བ་དང་། འཇིག་རྟེན་ལྟ་བ། མི་ཚེའི་ལྟ་བ། ཚན་རིག་ལྟ་བ། རིག་གནས་ལྟ་བ་སོགས་རྒྱ་ཆེ་ལ་གཏིང་ཟབ་པ་དང་ཡུན་རིང་ཕྱིན་ཀྱང་རིན་ཐང་ལྷག་ཏུ་མངོན་པས། འགྲོ་བ་མིའི་ཆེད་དུ་དུས་རབས་ཀྱི་དཀའ་གནད་སེལ་བ་དང་འགྲོ་བ་མིའི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་པར་སྐུལ་བར་བསམ་པའི་ཁྲིད་སྟོན་གལ་ཆེན་བྱེད་ཐུབ་ངེས་རེད།།  


    ཞི་ཅིན་ཕིང་གིས་ཀེ་རི་སེའི་མཁས་དབང་ཚོར་སྤྲིངས་པའི་ཡིག་ལན། 2023ལོའི་ཟླ་བ2ཚེས20ཉིན་ཞིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། 




ལོ་ཙཱ་བ། སྐལ་ཐུབ།

རྩོམ་སྒྲིག་པ། བདེ་ཆེན།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༢༢༽
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཞིག《བདེན་འཚོལ》དུས་དེབ་ཏུ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།