ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༢༡༽

        2023-08-11

 ཀྲུང་གོ་གུང་ཁྲན་ཏང་གིས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་རྩེ་གཅིག་ཏུ་གཞོལ་ནས་འགྲོ་བ་མིའི་ཤེས་དཔལ་ཡར་ཐོན་ལ་སྐུལ་ཅིང་སྤེལ་ཡོད།  དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ་དང་ས་ཁུལ་མི་འདྲ་བའི་ཁྱད་ཆོས་སྣ་ཚོགས་ལྡན་པའི་དེང་རབས་ཅན་གྱི་འགྲོ་ལམ་ནི་སྣ་མང་ཕུན་སུམ་ཚོགས་པོ་དང་ལོ་རྒྱུས་ཡུན་རིང་ལྡན་པའི་ཤེས་དཔལ་བརྒྱུད་འཛིན་གྱི་ཁྲོད་དུ་རྨང་གཞི་ཚུགས་ཡོད། འགྲོ་བ་མིའི་སྤྱི་ཚོགས་ཀྱིས་གསར་དུ་བཏོད་པའི་ཤེས་དཔལ་སྣ་ཚོགས་ལས་འོད་སྟོང་འཕྲོ་བཞིན་ཡོད་པ་དང་། རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཆེད་དུ་ནང་དོན་ཟབ་ཅིང་རྒྱས་པ་བསགས་ཡོད་ཅིང་། ཁྱད་ཆོས་མངོན་གསལ་དོད་པོ་བསྩལ་བར་མ་ཟད། ཡུལ་དུས་ལས་བརྒལ་བ་དང་རྒྱལ་མཚམས་ལས་བརྒལ་ནས་འགྲོ་བ་མིའི་སྤྱི་ཚོགས་དེང་རབས་ཅན་གྱི་འཕེལ་རིམ་ལ་མཉམ་དུ་བྱས་རྗེས་ཆེན་པོ་བཞག་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་འགྲོ་བ་མིའི་ཤེས་དཔལ་གྱི་རྣམ་པ་གསར་པ་ཞིག་ཡིན་པའི་ངོས་ནས་གོ་ལ་ཧྲིལ་པོའི་ཤེས་དཔལ་གཞན་དག་དང་ཕན་ཚུན་དཔྱད་གཞིར་འཛིན་ཚེ་འཛམ་གླིང་ཤེས་དཔལ་གྱི་མེ་ཏོག་སྣ་བརྒྱའི་ལྡུམ་ར་ཕུན་སུམ་ཇེ་ཚོགས་སུ་གཏོང་ངེས་རེད། 

   

      2023ལོའི་ཟླ་བ3ཚེས15ཉིན་ལ་ཞི་ཅིན་ཕིང་གི་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་མགོ་ཁྲིད་བར་སྐད་ཆ་ཤོད་རེས་གྲོས་ཚོགས་ཀྱི་གཙོ་དོན་གསུང་བཤད། 




ལོ་ཙཱ་བ། སྐལ་ཐུབ།

རྩོམ་སྒྲིག་པ། བདེ་ཆེན།


  • ལེ་ཚན་སྔོན་མ།:རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུས་ཧའེ་ཧོ་འབབ་རྒྱུད་ཀྱི་བྱང་ཤར་ས་ཁུལ་གྱི་འབྲུབ་འགོག་གེགས་སེལ་ལས་དོན་ལ་བཀོད་སྒ
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།