2023-08-03
《ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས》དེབ་དང་པོ་དང་གཉིས་པའི་མོང་གོལ་ཡི་གེ་དང་། བོད་ཡིག། ཡུ་གུར་ཡི་གེ། ཧ་སག་ཡི་གེ། ཁྲའོ་ཞན་ཡི་གེ། དབྱིས་ཡིག། ཀྲོང་ཡིག་སོགས་མི་རིགས་བདུན་གྱི་ཡིག་རིགས་པར་གཞི་ཡིག་སྒྱུར་ལས་དོན་ཚང་མ་ལེགས་འགྲུབ་བྱུང་ནས། ཉེ་ཆར་རྒྱལ་ཡོངས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཚད་ལྡན་ཡིག་ཆ་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས》དེབ་དང་པོ་དང་གཉིས་པ་དེ2023ལོའི་ཟླ4པར་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་མཐུན་སྦྱོར་འོག། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་རྒྱལ་ཡོངས་མི་རིགས་སྐད་ཡིག་ཡིག་སྒྱུར་དཔུང་ཁག་རྩ་འཛུགས་བྱས་ཏེ། 2023ལོའི་ཟླ7པར་མི་རིགས་བདུན་གྱི་ཡིག་རིགས་པར་མའི《ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས》དེབ་དང་པོ་དང་གཉིས་པའི་ཡིག་སྒྱུར་ལས་དོན་ལེགས་འགྲུབ་བྱས་པ་རེད། 《ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས》དེབ་དང་པོ་དང་གཉིས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུར་སྔར་བས་སྐུལ་མ་ཐེབས་ངེས་ཡིན་ལ།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་ནས“འདུ་ཤེས་བཞི”དང“གདེང་ཚོད་བཞི”བརྟན་དུ་ཕྱིན་པ།“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་ཀྱི་ཐོག་ནས་རང་རྟོགས་ངང་བསམ་བློ་དང་ཆབ་སྲིད་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་དགོས།
《ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས》དེབ་དང་པོ་དང་དེབ་གཉིས་པའི་སོག་ཡིག་དང་། བོད་ཡིག། ཡུ་གུར་ཡི་གེ། ཧ་སག་ཡི་གེ། ཁྲའོ་ཞན་ཡི་གེ་བཅས་ཀྱི་པར་གཞི་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དང་། དབྱིས་ཡིག་དང་ཀྲོང་ཝུན་ཡི་གེའི་པར་གཞི་ནི་མི་རིགས་དཔེ་སྐྲུན་ཁང་གིས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་ཀོང་ཞིས་མི་རིགས་དཔེ་སྐྲུན་ཁང་དང་མཉམ་དུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་ཞིག་རེད།
ཡོང་ཁུངས། གསར་འགྱུར་མཉམ་སྒྲོག།
ལོ་ཙཱ་བ། ཨོ་རྒྱན།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10