བྱེད་ཐབས13གྱིས་མཚོ་སྔོན་གྱི་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་རོགས་སྐུལ་བྱས་པ།

གསང་བདག་རྒྱལ་གྱིས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2023-07-25

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་སྐབས་ཀྱི་མཐར་ཕྱིན་སློབ་མ་ལས་ཞུགས་དཀའ་བའི་གནད་དོན་ལ་ཁ་གཏད་ནས། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས“ལས་ཞུགས་ལ་སྐུལ་བར་ཞབས་ཞུ་སྒུབ་པ་དང་མ་འོངས་པར་རྒྱལ་བའི་ཕུགས་འདུན་སྐྲུན་པ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཤིང་། ཞིང་ཆེན་ཡོངས་སུ2023ལོའི་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་སོགས་ན་གཞོན་ལས་ཞུགས་ཞབས་ཞུ་འགག་སྒྲོལ་འགུལ་སྐྱོད་མགོ་བརྩམས། འགག་སྒྲོལ་འགུལ་སྐྱོད་ཀྱིས་ཟླ་བ6གི་དུས་ཚོད་གཅིག་སྡུད་ཀྱིས་བེད་སྤྱོད་པ་དང་། དངོས་མིང་ཆ་འཕྲིན་རྩིས་ཐོ་འཛུགས་པ་དང་ཆེད་གཉེར་ལས་སྡུད་སྤེལ་བ། ཆེད་དོན་རྩལ་ནུས་གསོ་སྦྱོང་འཆར་གཞི་ལག་བསྟར་བྱེད་པ། ཆ་སྒྲིག་རོགས་སྐྱོར་ལ་ཤུགས་སྣོན་པ། ལས་གཏོད་མཛུབ་སྟོན་ཇེ་དྲག་ཏུ་གཏོང་བ་སོགས་བྱེད་ཐབས13སྤྱད་ནས། སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་སོགས་ན་གཞོན་ཚོ་བརྒྱུད་ལམ་མང་པོ་ནས་ལས་ཞུགས་ལས་གཏོད་ལ་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། 

སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མའི་ལས་ཞུགས་རྣམ་པ་དང་ལས་ཞུགས་དགོས་མཁོ་རིམ་པ་བཞིན་གསལ་པོར་རྟོགས་པའི་རྨང་གཞིའི་ཐོག མཚོ་སྔོན་གྱིས་སློབ་མཐར་ཕྱིན་ཀྱང་ལས་ཞུགས་ཐུབ་མེད་པའི་སློབ་མ་སོགས་ན་གཞོན་ལ“1131”ལས་ཞུགས་རོགས་སྐྱོར་ཧུར་ཐག་གིས་སྤེལ་བ་སྟེ། མ་མཐའ་ཡང་སྲིད་ཇུས་དྲིལ་སྒྲོག་ངོ་སྤྲོད་ཐེངས1བྱེད་པ་དང་། ལས་རིགས་མཛུབ་སྟོན་ཐེངས1བྱེད་པ། ལས་གནས་ངོ་སྤྲོད་ཐེངས3བྱེད་པ། རྩལ་ནུས་གསོ་སྦྱོང་ངམ་ལས་ཞུགས་ངོ་འཕྲད་དངོས་སྦྱོང་གོ་སྐབས་ཐེངས1སྤྲོད་པ་བཅས་ལ་བརྟེན་ནས། ལས་ཞུགས་ནུས་པ་མཐོར་བཏེགས་ནས་ལས་ཞུགས་བརྒྱུད་ལམ་རྒྱ་བསྐྱེད་ཡོད། སྲིད་ཇུས་དྲིལ་སྒྲོག་སྣེ་ཁྲིད་དུ་བྱས་ནས། 《ཞིང་ཆེན་ཡོངས་ཀྱི2023ལོའི་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མར་བཏང་བའི་འཕྲིན་ཡིག》དང《མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་གསལ་ཐོ》འོས་སྦྱོར་བྱེད་པ་དང་། སྤྱི་པའི་ལས་ཞུགས་འཇོན་མི་ཞབས་ཞུ་སྒྲིག་གཞི་དང་ཡིག་ཚགས་དོ་དམ་ཞབས་ཞུ་སྒྲིག་གཞི་སོགས་ཀྱི་མིང་ཐོ་གཅིག་དང་། ལས་ཞུགས་ལས་གཏོད་དང་འཇོན་མི་ནང་འདྲེན། ཡིག་ཚགས་བརྒྱུད་སྤྲོད་སོགས་ཞབས་ཞུ་གསལ་ཐོ་གཅིག སྤྱི་པའི་ལས་སྡུད་དྲ་ཚིགས་དང་སྤུས་ལེགས་འཇོན་མི་ཐོན་ཁུངས་ཞབས་ཞུ་སྒྲིག་གཞི་སོགས་ལས་སྡུད་མིང་ཐོ་གཅིག ལས་འཚོལ་ཐོ་འགོད་ལས་རིམ་ཆུང་བ་དང་ལས་ཤོར་ཐོ་འགོད་རྒྱལ་ཡོངས་གཅིག་གྱུར་ཞབས་ཞུ་སྟེགས་བུ་སོགས་རོགས་སྐྱོར་འཚོལ་བའི་བརྒྱུད་ལམ་གཅིག་བཅས་གཙོ་གནད་ཐོག་དངོས་འབེབས་ལེགས་པོ་བྱས་པ་ལ་བརྟེན་ནས། ལས་ཞུགས་ཐུབ་མེད་པའི་མཐར་ཕྱིན་སློབ་མ་སོགས་ན་གཞོན་ལ་ལས་འཚོལ་མཛུབ་སྟོན་འདོན་སྤྲོད་བྱས། 

དབུལ་ཐར་ཁྱིམ་ཚང་དང་དམའ་སྲུང་ཁྱིམ་ཚང་། ལས་ཞུགས་ཅི་ཡང་མེད་པའི་ཁྱིམ་ཚང་། དབང་པོ་སྐྱོན་ཅན་ཁྱིམ་ཚང་བཅས་ཀྱི2023ལོའི་ལས་ཞུགས་ཐུབ་མེད་པའི་མཐར་ཕྱིན་སློབ་མ་དང་ཡུན་རིང་ལ་ལས་ཤོར་བྱུང་བའི་ན་གཞོན་བཅས་གཙོ་གནད་རོགས་སྐྱོར་བྱ་ཡུལ་དུ་བཟུང་བ་རྒྱུན་འཁྱོངས་བྱེད་པ་དང་། ཆ་སྒྲིག་རོགས་སྐྱོར་སྤེལ་བ། ལས་རིགས་མཛུབ་སྟོན་དང་ལས་གནས་ཀྱི་ཆ་འཕྲིན་འོས་སྦྱོར། གསོ་སྦྱོང་ངོ་འཕྲད་དངོས་སྦྱོང་གོ་སྐབས་སྤྲོད་པ་བཅས་སྔོན་ལ་འདོན་སྤྲོད་བྱེད་པ། རང་འགུལ་སྒོས་ལས་ཤོར་ན་གཞོན་ལ་ལག་ལེན་སྣེ་ཁྲིད་དང་ལས་རིགས་མཛུབ་སྟོན། ལས་ཞུགས་རོགས་སྐྱོར་བཅས་འདོན་སྤྲོད་བྱེད་པ། ཆེད་གཉེར་ལས་སྡུད་འཇུག་སྒོ་བྱས་ནས། “12+N”ལས་ཞུགས་བྱེད་སྒོ་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ། སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་སོགས་ན་གཞོན་ལ་ཆེད་གཉེར་ལས་སྡུད་མང་དུ་སྤེལ་བ། “མཉམ་འབྲེལ་དྲ་རྒྱ+མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་།” མཚོ་སྔོན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཀུན་ཤེསAppདང་། རང་ས་གནས་ཀྱི་སྤྱི་པའི་ལས་ཞུགས་འཇོན་མི་ཞབས་ཞུ་དྲ་ཚིགས་བཅས་བེད་སྤྱོད་པ་བརྒྱུད་ནས། ལས་རིགས་ཁེ་ལས་ཆེད་ལས་ཆེད་གཉེར་དང་ཐད་གཏོང་ལས་སྡུད་སོགས་ཁྱད་ལྡན་ལས་སྡུད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ལས་རྐང་གི་ཆ་འཕྲིན་གཅིག་སྡུད་ཀྱིས་སྤེལ་བ། ལས་ཞུགས་གོ་སྐབས་གནད་ལ་འཁེལ་བར་འདོན་སྤྲོད་བྱེད་པ། གཟའ་འཁོར་རེ་རེར་ལས་སྡུད་ཡོད་པ་དང་དུས་རྣམ་ཀུན་ཏུ་ལས་གནས་ཡོད་པ་སྒྲུབ་ཐུབ་པར་བྱེད་པ། དུས་མཚུངས་སུ། ལས་འཚོལ་གཡོ་འོག་ཏུ་ཚུད་པ་འགོག་པའི་ཆེད་དོན་གསལ་འདེབས་སྤེལ་བ་དང་། ཁེ་དབང་སྲུང་སྐྱོང་དྲིལ་སྒྲོག་ཤུགས་ཆར་བཏང་ནས། སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་ཉེན་ཁ་འགོག་ཟོན་དང་ཁེ་དབང་འདུ་ཤེས་མཐོར་འདེགས་རྒྱུ་རེད། །

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།: ཀོང་ཞི་ཚན་རྩལ་སློབ་ཆེན་གྱིས་ཡུལ་སྡེ་དར་རྒྱས་ཡོང་བར་རོགས་དན་བྱས།
  • ལེ་ཚན་རྗེས་མ།:ཆུ་བེད་པུའུ་ཡིས་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་འགན་སྲུང་བྱ་བར་བཀོད་སྒྲིག་བྱས།
  • དོ་སྣང་ཆེ་བའི་རྩོམ།