《བདེན་འཚོལ》དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།

ནོར་བུས་བསྒྱུར།        2023-07-18

    སྤྱི་ཟླ7པའི་ཚེས16ཉིན་པར་སྐྲུན་བྱས་པའིབདེན་འཚོལདུས་དེབ་ཐེངས14པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེནཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་བཏང་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོསཞེས་པ་སྤེལ་བ་རེད།

   རྩོམ་ཡིག་ནང་ནན་གསུང་གནང་དོན། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏང་རྒྱུ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་གཅིག་སྡུད་བཀོད་སྒྲིག་ཅིག་རེད། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་མུ་མཐུད་དེ་སྐུལ་འདེད་གཏོང་བའི་དམིགས་ཡུལ་ནི་ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་འགོ་ཁྲིད་བྱ་རྒྱུ་དེ་སྒྲིག་གཞི་འཛུགས་སྟངས་སྔར་བས་ཚན་རིག་དང་མཐུན་པ་དང་། འགན་ནུས་བཀོད་སྒྲིག་སྔར་ལས་ལེགས་པ།སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་སྒོ་ཚང་བ།འཁོར་སྐྱོད་དང་དོ་དམ་སྔར་ལས་ཕན་ནུས་ཆེ་བ་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་བྱ་རྒྱུ་ནི་རྙོག་འཛིང་ཆེ་ཞིང་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་ཡིན་པས།བྱེད་ཐེངས་གཅིག་ལ་གྲུབ་པ་ཞིག་མིན་ལ།དཀའ་བ་སྤྱོད་ཐེངས་གཅིག་ལ་གཏན་བདེ་ཐོབ་པ་ཞིག་ཀྱང་མིན་པར།ལས་འགན་གསར་པ་དང་། འཐབ་ཇུས་གསར་པའི་བཀོད་སྒྲིག།ལས་ཀའི་དགོས་མཁོ་གསར་པ་བཅས་ལ་གཞིགས་ནས་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་འགན་ནུས་མ་ལག་ཟམ་མི་ཆད་པར་ལེགས་སྒྲིག་དང་ལེགས་འགྱུར་བྱས་ཏེ། དེ་ཉིད་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་སྔར་ལས་ལེགས་ཤིང་འཚམ་པར་བྱ་དགོས།

   རྩོམ་ཡིག་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དམིགས་ཡུལ་གལ་ཆེན་ཞིག་ནི་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་པ་དང་། སྒྲིག་གཞིའི་འགན་འཁྲིའི་ཐོག་ནས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་བསྣན་རྒྱུ་དེ་ཁྱབ་ཁོངས་ཁག་དང་། ཕྱོགས་ཁག་ཁག། ལྷུ་ཚིགས་ཁག་བཅས་སུ་དོན་འཁྱོལ་བྱ་རྒྱུ་དེ་རེད། ད་ཐེངས་ཀྱི་སྒྲིག་གཞི་སྒྱུར་བཅོས་བྱེད་པར་ཏང་ཀྲུང་དབྱང་གི་ཐབས་ཇུས་གྲོས་མོལ་མཐུན་སྦྱོར་སྒྲིག་གཞི་གསར་པ་འཛུགས་པ་དང་། ཏང་ཀྲུང་དབྱང་གི་འགན་ནུས་སྡེ་ཁག་དང་དོན་གཅོད་སྒྲིག་གཞི་གསར་པ་འཛུགས་པ།ཁྱབ་ཁོངས་གལ་ཆེན་ནང་ཏང་ཀྲུང་དབྱང་གིས་མངག་གཏོང་བྱས་པའི་ལས་ཁུངས་གསར་པ་འཛུགས་པ་བཅས་ནི་བཟང་ཆ་འདོན་པ་དང་། མི་འདང་བར་ཁ་གསབ།ཞན་ཆ་ལེགས་གཏོང་བཅས་ཀྱི་ཆེད་དུ་ཡིན་པས། ཏང་ཀྲུང་དབྱང་གིས་ལས་དོན་གལ་ཆེ་ལ་གཅིག་སྡུད་དང་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པར་ཤུགས་སྣོན་པ་རེད། དུས་མཚུངས་སུ་དངུལ་རྩའི་དོ་དམ་སྒྲིག་སྲོལ་དང་། ཚན་རྩལ་དོ་དམ་སྒྲིག་སྲོལ།སྤྱི་ཚོགས་དོ་དམ་སྒྲིག་སྲོལ་སོགས་ཀྱི་ཐད་ནས་སྒྲིག་གཞིའི་བཀོད་སྒྲིག་དང་འགན་འཁྲི་བཀོད་སྒྲིག་ལུགས་མཐུན་བྱས་ཡོད། ལེགས་སྒྲིག་དེ་དག་ནི་ང་ཚོར་འཕྲད་པའི་འགལ་བ་དང་གནད་དོན་གཏིང་ཟབ་པོར་དབྱེ་ཞིབ་བྱེད་པའི་རྨང་གཞིའི་ཐོག་བཏོན་པའི་ཐག་གཅོད་ཀྱི་ཇུས་གཞི་ཞིག་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རང་རྟོགས་ངང་ཁྱོན་ཡོངས་ལ་བསམ་གཞིག་དང་ཁྱོན་ཡོངས་ཀྱི་འོག་བྱ་སྤྱོད་སྤེལ་ནས་སྒྲིག་གཞིའི་སྒྱུར་བཅོས་ཇུས་གཞི་གོང་མི་གཅོག་པ་དང་། རྣམ་པ་མི་འགྱུར་བ།བཟོ་ལྟ་མི་འགྱུར་བ་བཅས་དང་། ལྷག་པར་དུ་སྒྲིག་གཞི་སྒྱུར་བཅོས་ཀྱི་ཇུས་གཞི་གཞིར་བཟུང་སྡེ་ཚན་གྱི“གཏན་འཁེལ་གསུམ”གྱི་གཏན་འབེབས་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་འགན་ལེན་བྱ་དགོས།

   རྩོམ་ཡིག་ནང་བསྟན་དོན། སྒྲིག་གཞི་སྒྱུར་བཅོས་དང་སྒྲིག་འཛུགས་ལག་བསྟར་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཏང་གིས་སྒྲིག་གཞི་སྒྱུར་བཅོས་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། མི་འཛུགས་ན་མི་བཤིག།བཙུགས་ཟིན་རྗེས་གཞི་ནས་བཤིགས་པ་མཐའ་འཁྱོངས་བྱེད་པ།སྒྲིག་གཞིའི་འགན་ནུས་བཟང་སྒྲིག་དང་མཐུན་སྦྱོར་ནུས་ཆེ་མཐའ་འཁྱོངས་བྱེད་པ། ཀྲུང་དབྱང་དང་ས་གནས་བསམ་ཇུས་གཅིག་པ་མཐའ་འཁྱོངས་བྱེད་པ། སྒྱུར་བཅོས་དང་ཁྲིམས་སྐྱོང་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས་བྱེད་པ།བསམ་བློ་ཆབ་སྲིད་ལས་དོན་སྒྱུར་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་མཐའ་འཁྱོངས་བྱེད་པ་སོགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་མུ་མཐུད་བེད་སྤྱོད་ཡག་པོ་བྱས་ཏེ་རྩ་འཛུགས་དང་། གོ་རིམ། སྒྲིག་ལམ་བཅས་ཡོད་པའི་སྒོ་ནས་སྒྲིག་གཞི་སྒྱུར་བཅོས་དང་རྩ་འཛུགས་ལག་བསྟར་ལས་དོན་ལ་སྐུལ་འདེད་གཏོང་དགོས། གཅིག་ནས་གཅིག་གྱུར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་འོག་ཀྲུང་དབྱང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་ཨུ་ལྷན་གྱིས་སྣེ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་དང་།གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ།མཐུན་སྦྱོར་ལམ་སྲོལ་འཛུགས་པ་བཅས་བྱ་དགོས། གཉིས་ནས་བརྟན་པོ་ཡོང་བའི་དོན་སྙིང་མཐའ་འཁྱོངས་བྱ་དགོས། ད་ཐེངས་ཀྱི་སྒྲིག་གཞི་སྒྱུར་བཅོས་དེ་སྡེ་ཚན་ཅུང་མང་བ་དང་འབྲེལ་ཡོད་ཀྱི་གནད་དོན་གཏིང་ཟབ་པས་གཏན་འཁེལ་རྗེས་བྱ་སྤྱོད་སྤེལ་དགོས། ཀྲུང་དབྱང་དང་ས་གནས་ཀྱི་སྒྲིག་གཞི་སྒྱུར་བཅོས་བྱ་རྒྱུ་དེ་ལས་ཀའི་བཀོད་སྒྲིག་དང་སྒྲིག་འཛུགས་ལག་བསྟར་བྱེད་པའི་ཐད་འབྲེལ་མཐུད་དམ་ཚགས་དང་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་གཏང་དགོས། གསུམ་ནས་མིའི་སྐོར་གྱི་ལས་ཀ་ལེགས་པོ་བསྒྲུབ་དགོས། རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད་པར་ཆབ་སྲིད་ལ་སྣང་ཆེན་དང་། ཁྱོན་ཡོངས་ལ་ལྟ་རྟོག། སྒྲིག་ལམ་སྲུང་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཁེ་ཕན་གྱི་བཀོད་པ་ལེགས་སྒྲིག་དང་མི་སྒེར་བསྐོ་འཁྱུར་བཞག་བསྒྱུར་ལ་ལྟ་སྟངས་ཡང་དག་འཛིན་པ།སྒྱུར་བཅོས་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ། རྩ་འཛུགས་ཀྱི་བཀོད་སྒྲིག་རང་རྟོགས་ངང་དང་ལེན་ཞུ་བ་བཅས་བྱ་དགོས། བཞི་ནས་སྒྲིག་ཁྲིམས་ནན་པོ་ལག་བསྟར་བྱ་དགོས། སྒྲིག་གཞི་འགྱུར་ལྡོག་དང་འགན་འཁྲི་ལེགས་སྒྲིག་དང་འབྲེལ་བ་ཡོད་པའི་སྡེ་ཚན་གྱིས་རང་རྟོགས་ངང་སྤྱི་ཡོངས་ལ་བསྟུན་ཏེ་སྒྲིག་གཞི་དང་། འགན་འཁྲི།མི་སྣ་སོགས་བླང་བྱ་ལྟར་དུས་ཐོག་ཏུ་ལེགས་སྒྲིག་གནད་ལ་འཁེལ་བའི་འགན་ལེན་བྱ་དགོས། ལྔ་ནས་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་བྱ་དགོས། ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་ལས་ཁུངས་སྒྱུར་བཅོས་ལ་བསྐུལ་བ་མཐའ་འཁྱོངས་བྱས་ནས་ཁྲིམས་འཛུགས་སྒྲིག་གཞིས་འབྲེལ་ཡོད་ཀྱི་ཁྲིམས་འཛུགས་དང་། ཁྲིམས་བཅོས། ཁྲིམས་རྩིས་མེད་བཟོ་བ། ཁྲིམས་འགྲེལ་བཅས་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་ཡག་པོ་བསྒྲུབ་དགོས།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།